ཡོངས་འཛིན་རིག་མཛོད། >ས་ཁམས། >གཏེར་ཁ། >གཞན་དག

ཞ་ཉེ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན་པའི་ཞ་ཉེའི་གཏེར་རྡོ་བཞུས་ནས་བཏོན་པ་སྟེ། ངོ་བོ་ཤིན་ཏུ་ལྕི་ཞིང་བཅད་ཁ་གསར་པ་དཀར་ལ་འོད་འཚེར་བ་ཞིག་ཡིན།

རིགས་དབྱེ།  

ད་ཆུ།

འདི་ནི་མུ་ཟི་དང་དངུལ་ཆུ་འདྲེས་སྦྱོར་ལས་སྣོན་བྱས་ནས་བྱུང་བས་གྲུབ་ཆ་སོགས་མཚན་ཉིད་ཕལ་ཆེར་ཅོག་ལ་དང་མཐུན་པ་དང་། དམིགས་བསལ་གྱི་རྟགས་ནི་ཀ་ཏོ་ར་སོགས་སྣོད་དུ་བླུགས་པའི་ཉམས་ཡོད་པ། སོ་ཅུང་ཟད་སེག་ཅིང་བྲོ་བ་མེད་ལ་མེར་བསྲེགས་ན་མུ་ཟིའི་དྲི་མནམ་ཞིང་མེ་ལ་བཏབ་ན་འོད་སྔོ་ཝུང་འོང་བ་ཞིག་ཡོད། ཕྱེ་མ་ཞིབ་པར་བཏུལ་ནས་ཡན་སོན་གྱི་ནང་དུ་སྦངས་རྗེས་ཟངས་གཙང་མར་ཕྱིས་པ་ལ་བྱུགས་ན་དངུལ་གྱི་མདོག་ལྟར་འགྱུར་བའོ།།

རིགས་དབྱེ།  

མཚལ།

འདི་འབྱུང་ཁུངས་དང་། ངོ་བོ། གྲུབ་ཆ། དངོས་ཁམས་བརྟག་དཔྱག་སོགས་ཅོག་ལ་མ་དང་མཚུངས་ཤིང་། འདིར་དམིགས་བསལ་གྱི་ཁྱད་པར་ནི། འདི་རང་བྱུང་གི་ཅོག་ལ་མ་བྱེ་མ་ཞིབ་པ་ཙམ་དུ་བཏུལ་ཏེ། ཁབ་ལེན་སྤྱད་ནས་དེའི་ནང་དུ་འདྲེས་པའི་ལྕགས་ཕྱེ་སོགས་འདྲེས་ལྷད་གཙང་མར་བླངས་ཐོག་ཆུ་བསེག་དང་གཙང་བཤལ་ཡང་ཡང་བྱས་ནས་ཆེད་མངག་སྨན་དུ་སྦྱར་བྱ་བྱས་པས། ཁ་དོག་ཅོག་ལ་ལས་དམར་ལ་དྭངས་པ་ཞིག་ཡིན།

རིགས་དབྱེ།  

མཚལ་དཀར།

འདི་རང་བྱུང་འབྱུང་བ་དཀོན་ཞིང་། རྒྱ་དཀར་ནག་ནས་ཚོང་དུ་འོང་ལ། དངུལ་རྡོ་དང་ཞ་ཉེའི་རྡོ་ཚན་ཆེར་བཞུས་ནས་དངུལ་དང་། ཞ་ཉེ་འདོན་པའི་སྐབས་སུ་ཐབ་ཀྱི་ཞབས་སུ་ཆགས་པའི་དངོས་པོ་ཡིན། ཁ་དོག་སེར་སྐྱ་ལྗང་ཞད་ཡོད་པ་ཕྱི་ངོས་འཇམ་ཞིང་། ངོ་བོ་ཧ་ཅང་ལྕི་ལ་ཅུང་ཟད་མཁྲེགས་པ་སེན་མོས་ཐུབ་པ་ཞིག་ཡིན།

རིགས་དབྱེ།  

ལྕེ་མྱང་ཚྭ།

འདི་བོད་རང་སྐྱོང་ལྗོངས་བྱང་ཕྱོགས་ཀྱི་ས་ཆ་འགའ་ཞིག་དང་། ཁྱད་པར་དུ་མཚོ་སྔོན་པོའི་རྒྱུད། དེ་བཞིན་ཀན་སུའུ་དང་ནང་སོག་སོགས་ཀྱི་ཚྭ་མཚོ་འགའ་ཞིག་གི་ཆུ་ལས་རང་བྱུང་ཆགས་པའི་ཚྭ་རིགས་ཏེ། དབྱིབས་གྲུ་བཞི་རྩིང་ལ་ཁ་དོག་དམར་ཉམས་ཅན་དྭངས་ཤིང་འགའ་ཞིག་ལ་ཁུང་སོབ་ཡོད་པ་དང་། ཡང་ན་སྔོ་ཐིག་འདྲ་བ་ཡོད་པ། བཅག་ཁ་ཤེལ་འོད་ལྡན་ཞིང་མཁྲེགས་ལ་ཁྲོབ་པ་ཞིག་ཡིན།

རིགས་དབྱེ།  

མཚོ་ཚྭ།

འདི་རྒྱ་མཚོའི་ཆུ་དང་། བྱང་ཐང་གི་ཚྭའི་མཚེའུ་འགའ་ཞིག་ལས་ཆགས་པའི་བྱང་ཚྭ་སྟེ། སྤྱིར་ཁ་དོག་དཀར་པོའམ་སྔོ་མདངས་ལྡན་པ་དྭངས་ཤིང་གྲུ་བཞིར་ཆགས་པ་ལན་ཚའི་བྲོ་བ་དང་ལྡན་པ་སྟེ། འདི་འདམ་ནག་པོ་དང་མཉམ་དུ་གནས་པས་ནག་ངམ་ཡོད་པ་ལ་བྱང་ཆེན་ཚྭ་ནག་སོགས་ཟེར་རོ།།

རིགས་དབྱེ།  

ལྦ་ཚྭ།

ལྦ་ཚྭ་ལ་ངོས་འཛིན་མི་འདྲ་བ་འགའ་ཡོད་ཀྱང་དོན་དུ་ལྦ་བ་འཇོམས་ཤིང་འགོག་པའི་ཚྭ་ཞིག་ཡིན།

རིགས་དབྱེ།  

ཁ་རུ་ཚྭ།

རྡོག་པོ་ཆེ་ཆུང་ངེས་མེད་ལ། དབྱིབས་ཕལ་ཆེར་ཟུར་མང་དང་། འགའ་ཞིག་གྲུ་བཞི་ཅན། ཁ་དོག་དམར་སྨུག་གམ་དམར་ཁམ། འགའ་ཞིག་དུད་ཁ། ལྕི་ཞིང་མཁྲེགས་ལ་ཁྲོབ་པ་བཅག་ཁ་དམར་སྨུག་འོད་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

བུལ་ཏོག

བོད་རང་སྐྱོང་ལྗོངས་ཀྱི་བུལ་མཚོ་དང་བུལ་ཆུ་ལས་རང་བྱུང་ཞུན་ཆགས་དངོས་པོ་སྟེ། ཕལ་ཆེར་ཕྱེ་མ་དཀར་པོ་ལ་རྡོག་འདྲིལ་བ་དང་། སྐམ་ཕྱེ་དཀར་སང་ཞིབ་པ་ཞིག་ཡིན།

རིགས་དབྱེ།  

ཐལ་ཚྭ།

དེའུ་དམར་བའི་ལག་ལེན་གཅེས་བཏུས་ལས་བསྟན་པ་ཇི་བཞིན་སྦྱར་བ་ཡིན་ཞིང་། མཚན་ཉིད་ནི་སེར་སྐྱ་ཀྲོན་པ་ཆགས་རིམ་ཅན་བར་གསེང་དུ་ལྦུ་སོབ་ཀྱི་ཤུལ་དོད་པ། རྒྱ་ཚྭའི་རོ་བྲོ་བ་ཞིག་སྟེ། ཐལ་ཚྭ་ཞུན་བུར་འདྲ་ལ་རྒྱ་ཚྭ་བྲོ། ཞེས་གསུངས་པས་དོན་ལ་གནས་སོ།།

རིགས་དབྱེ།  

མཚལ་ཚྭ།

བཟོས་ཚྭའི་གྲས་ཤིག་སྟེ། དེའུ་དམར་བའི་ལག་ལེན་གཅེས་བཏུས་ལས་བསྟན་པ་ལྟར་ཚུལ་བཞིན་ལག་ལེན་བྱས་ནས་བཟོས་པ་སྟེ། ཁ་དོག་དམར་སྐྱ་རོ་ལན་ཚ་བྲོ་བ་ཞིག་ཡིན།

རིགས་དབྱེ།  

བརྒྱ་ཚོ་ལྷ་ཤུག

བརྒྱ་ཚོ་ལྷ་ཤུག་ཅེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་ཤུག་སྡོང་ཆེན་པོ་ཞིག་ཡིན་པ་དང་། ཤུག་སྡོང་དེ་ནི་རྒུ་ཤང་སོ་ཐང་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་བྱང་ངོས་མཚམས་སུ་ཡོད་པའི་བརྒྱ་མཚོ་གྲོང་ཚོའི་ལྟག་ལ་ཡོད་པ་རེད།

རིགས་དབྱེ།  

གཡག་ཉལ་ཕ་བོང་།

གཡག་ཉལ་ཕ་བོང་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་ཕ་བོང་ཆེན་པོ་ཞིག་ཡིན་པ་དང་། ཕ་བོང་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ཡིད་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཕྱོགས་ཀྱི་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད་པ་རེད།

རིགས་དབྱེ།  

གཏེར་རིའི་བཟོ་སྐྲུན།

གཏེར་རིའི་བཟོ་སྐྲུན་ཟེར་བ་ནི་གཏེར་རྫས་ཐོན་ཁུངས་རྨང་གཞི་བྱས་ཏེ་གཏེར་རིར་ཐོན་ཁུངས་སྔོག་འདོན་བྱ་བ་སྒྲུབ་པའི་བཟོ་སྐྲུན་ལག་རྩལ་རིག་པ་ཞིག་ཡིན། ས་ངོས་དང་ས་འོག་གི་བཟོ་སྐྲུན་ཚུད་ཡོད།

རིགས་དབྱེ།  

གཏེར་རྫས་རིག་པ།

གཏེར་རྫས་རིག་པ་ནི་གཏེར་རྫས་ཀྱི་རྫས་འགྱུར་གྲུབ་ཆ་དང་། ནང་ཁུལ་གྱི་གྲུབ་ཚུལ། ཕྱི་ངོས་ཀྱི་རྣམ་པ། དངོས་ལུགས་ཀྱི་ངོ་བོ། འབྱུང་རྐྱེན་གྱི་ཐོན་དབྱིབས། རིགས་དབྱེ་དང་གསལ་འབྱེད། དེ་བཞིན་ཕན་ཚུན་བར་གྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱས་ཏེ། གཏེར་རྫས་གྲུབ་པའི་དུས་ཚོད་དང་བར་སྟོང་ཁྱབ་ཚུལ་གྱི་ཆོས་ཉིད། འགྱུར་ལྡོག་གི་ལོ་རྒྱུས། དངོས་ཡོད་ཀྱི་སྤྱོད་སྒོ་བཅས་ལ་ཞིབ་དཔྱད་བྱེད་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ལི་ཁྲི།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཐོན་ཞིང་རྒྱ་དཀར་ནག་དང་བལ་བོ་སོགས་ནས་ཚོང་དུ་ཐོན་པ་དང་། འདི་ཞ་ཉེའི་དབྱང་འགྱུར་དངོས་པོ་ཡིན་པས་རང་བྱུང་གིས་ས་ནས་ཐོན་པ་དང་། ཞ་ཉེར་ལས་སྣོན་བྱས་ནས་བཟོས་པ་གཉིས་ལས། རང་བྱུང་གིས་ཐོན་པ་བཟང་བར་བཤད། ཁ་དོག་དམར་པོ་དང་སེར་པོ་སྤེལ་མ། ངོ་བོ་ཅུང་ཟད་ལྕི་ལ། ཕྱེ་མར་བཏུལ་བའི་ཁ་དོག་ནི་དམར་སེར་མདངས་ཤིན་ཏུ་གསལ་བ་ཞིག་ཡིན།

རིགས་དབྱེ།  

སྔོག་འདོན་གསོག་ཚད།

སྔོག་འདོན་རྩད་ཞིབ་ཀྱི་དུས་མཚམས་སུ་གཏེར་ཁ་སྔོག་འདོན་སྡེ་ཁག་གིས་སྔོན་ལ་སྔོག་འདོན་ས་དོང(ཡང་ན་ཁུང་འབིགས)བཞག་ནས་ཞིབ་ཕྲའི་རྩད་ཞིབ་བྱས་པའི་རིགས་གཏེར་ཁ་སྔོག་འདོན་འཆར་གཞིའི་ནང་གི་གཏེར་རྫས་གསོག་ཚད་ཁྲོད་བཅུག་པར་སྔོག་འདོན་གསོག་ཚད་ཟེར་ཞིང་། དེ་གཏེར་རིའི་ཁེ་ལས་ཀྱི་ཐོན་སྐྱེད་འཆར་གཞི་བཟོ་བའི་གཞི་འཛིན་ས་བྱས་ཆོག

རིགས་དབྱེ།  

ཕྱོགས་བསྡོམས་རྩད་ཞིབ་སྙན་ཞུ།

ཕྱོགས་བསྡོམས་རྩད་ཞིབ་སྙན་ཞུའི་བསྡུས་མིང་ལ་ཕྱོགས་བསྡོམས་སྙན་ཞུ་ཟེར།

རིགས་དབྱེ།  

གཏེར་ཁུལ་རྩད་ཞིབ་སྙན་ཞུ།

གཏེར་ཁུལ་རྩད་ཞིབ་སྙན་ཞུ་ནི་གཏེར་གཞིའི་རྩད་ཞིབ་བྱ་བའི་གྲུབ་འབྲས་མཚོན་པའི་ལག་རྩལ་ཡིག་ཆ་ཞིག་ཡིན་ལ། དུས་རིམ་ག་གེ་མོའི་གཏེར་གཞིའི་རྩད་ཞིབ་བྱ་བ་མཇུག་རྫོགས་རྗེས། གཏེར་རི་འཛུགས་སྐྲུན་ཇུས་འགོད་དམ་དུས་རིམ་རྗེས་མའི་རྩད་ཞིབ་བྱ་བའི་དགོས་མཁོ་སྐོང་ཆེད་ཕུལ་བའི་ས་གཤིས་སྙན་ཞུ་ཞིག་ཡིན།

རིགས་དབྱེ།  

གཏེར་རྫས་ཐོན་ཁུངས་ཀྱི་བར་སྟོང་ཁྱབ་ཚུལ།

གཏེར་རྫས་ཐོན་ཁུངས་ཀྱི་བར་སྟོང་ཁྱབ་ཚུལ་ནི་གཏེར་རྫས་ཐོན་ཁུངས་ཀྱི་བར་སྟོང་དུ་གནས་པའི་གནས་ཡུལ་དང་དེའི་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་ཟེར།

རིགས་དབྱེ།  

གཏིང་ཟབ་པའི་གཏེར་རྫས་ཐོན་ཁུངས།

གཏིང་ཟབ་པའི་གཏེར་རྫས་ཐོན་ཁུངས་ཞེས་པ་ནི་སྦས་པའི་གཏིང་ཚད་དེ་མིག་སྔའི་སྔོག་འདོན་ལག་རྩལ་ཆུ་ཚད་ལས་བརྒལ་བའི་གཏེར་ཁའི་ཐོན་ཁུངས་ལ་ཟེར།

རིགས་དབྱེ།  

གཏིང་མི་ཟབ་པའི་གཏེར་རྫས་ཐོན་ཁུངས།

གཏིང་མི་ཟབ་པའི་གཏེར་རྫས་ཐོན་ཁུངས་ནི་སྦས་པའི་གཏིང་ཚད་དེ་མིག་སྔར་སྔོག་འདོན་ལག་རྩལ་ཆུ་ཚད་ལ་ཐོན་ཐུབ་པའི་གཏེར་རྫས་ཐོན་ཁུངས་ལ་ཟེར།

རིགས་དབྱེ།  

གཏེར་རྫས་ཐོན་ཁུངས་ཀྱི་གཅིག་སྡུད་ཁུལ།

གཏེར་རྫས་ཐོན་ཁུངས་ཀྱི་གཅིག་སྡུད་ཁུལ་ནི་གཏེར་རྫས་ཐོན་ཁུངས་ཀྱི་བར་སྟོང་ཁྱབ་ཚུལ་སྟེང་ལྟོས་བཅས་ཀྱིས་འདུས་ཚད་ཆེ་བའི་ས་ཁོངས་ལ་ཟེར།

རིགས་དབྱེ།  

གཏེར་རྫས་ཐོན་ཁུངས་མང་འདུས་ཁུལ།

གཏེར་རྫས་ཐོན་ཁུངས་མང་འདུས་ཁུལ་ཞེས་པ་ནི་གཏེར་རྫས་ཐོན་ཁུངས་ས་ཁོངས་ག་གེ་མོ་ཞིག་ཏུ་ཁྱབ་ཚུལ་ལྟོས་བཅས་ཀྱིས་འདུས་ཚད་ཆེ་བའི་ས་ཁོངས་ལ་ཟེར།

རིགས་དབྱེ།  

གཏེར་རྫས་ཐོན་ཁུངས་ཀྱི་རྟེན་གཞི།

གཏེར་རྫས་ཐོན་ཁུངས་ཀྱི་རྟེན་གཞི་ནི་གཏེར་རྫས་ཐོན་ཁུངས་རིགས་ཤིག་གམ་རིགས་མང་བོ་ཡོད་པའི་ས་ཁུལ་ལམ་ཡང་ན་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཚད་དང་འབྲེལ་ཡོད་ཆ་རྐྱེན་ལ་གཞིགས་ནས་གཏེར་རྫས་ཐོན་ཁུངས་གཅིག་བསྡུས་ཀྱིས་གསར་སྤེལ་བྱེད་པའི་ས་ཁུལ་ལ་ཟེར།

རིགས་དབྱེ།  

གཏེར་རྫས་ཐོན་ཁུངས་ཀྱི་མི་རེའི་ཆ་སྙོམས་དབང་ཚད།

གཏེར་རྫས་ཐོན་ཁུངས་ཀྱི་མི་རེའི་ཆ་སྙོམས་དབང་ཚད་ནི་མི་རེའི་ཆ་སྙོམས་སུ་ཡོད་པའི་གཏེར་རྫས་ཐོན་ཁུངས་ཀྱི་གྲངས་འབོར་དེ་གཏེར་རྫས་ཐོན་ཁུངས་ཀྱི་སྡོམ་གྲངས་ལ་མི་གྲངས་་སྡོམ་གྲངས་ཀྱིས་བགོས་ནས་ཐོབ་པའི་ཆ་སྙོམས་གྲངས་ཐང་ལ་ཟེར།

རིགས་དབྱེ།  

མཚོ་འགྲམ་རྒྱུད་ཀྱི་ཐོན་ཁུངས།

མཚོ་འགྲམ་རྒྱུད་ཀྱི་ཐོན་ཁུངས་ཞེས་པ་ནི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཆ་རྐྱེན་ངེས་ཅན་འོག་མཚོ་འགྲམ་རྒྱུད་ཀྱི་ཁྱབ་ཁོངས་ནང་མིའི་རིགས་ཀྱི་བེད་སྤྱོད་བྱས་ཆོག་པའི་དངོས་པོ་དང་ནུས་ཚད། དེ་བཞིན་རྒྱ་མཚོ་གསར་སྤེལ་དང་འབྲེལ་བ་ཡོད་པའི་རྒྱ་མཚོའི་བར་སྟོང་ལ་ཟེར།

རིགས་དབྱེ།  

མཚོ་གླིང་ཐོན་ཁུངས།

མཚོ་གླིང་ཐོན་ཁུངས་ནི་སྤྱི་ལོ2008ལོར་ཁྱབ་བསྒྲགས་བྱས་པའི་ཐོན་ཁུངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

རྒྱ་མཚོའི་དཔལ་འབྱོར་ཉ་རིགས།

རྒྱ་མཚོའི་དཔལ་འབྱོར་ཉ་རིགས་ནི་རྒྱ་མཚོའི་ཁྲོད་དུ་གསར་སྤེལ་བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་ཉ་སྡེའི་སྲོག་ཆགས་ལ་ཟེར།

རིགས་དབྱེ།  

རྒྱ་མཚོའི་ཉ་འཛིན་མི་ཆོག་པའི་དུས་སྐབས།

རྒྱ་མཚོའི་ཉ་འཛིན་མི་ཆོག་པའི་དུས་སྐབས་ནི་རྒྱ་མཚོའི་ཉ་ལས་ཐོན་ཁུངས་ལ་སྲུང་སྐྱོབ་བྱ་ཆེད་གཏན་འཁེལ་བྱས་པའི་མཚོ་ཁོངས་སུ་ཉ་འཛིན་ཐོན་སྐྱེད་དམ་ཉ་འཛིན་ཡོ་བྱད་ཀྱི་བྱེད་ལས་སྤེལ་མི་ཆོག་པའི་དུས་སྐབས་ཤིག་ཡིན།

རིགས་དབྱེ།