གཡག་ཉལ་ཕ་བོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡག་ཉལ་ཕ་བོང་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་ཕ་བོང་ཆེན་པོ་ཞིག་ཡིན་པ་དང་། ཕ་བོང་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ཡིད་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཕྱོགས་ཀྱི་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚尼磐石
སྲིད་འཛིན་ཁོངས་གཏོགས།
ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
ང་ཁྲི་ས་ཁུལ་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ཡིད་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཕྱོགས་ཀྱི་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2600
ཁོངས་གཏོགས།
རྡོ་ཕ་བོང་།
1 ངོ་སྤྲོད།

གཡག་ཉལ་ཕ་བོང་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་ཕ་བོང་ཆེན་པོ་ཞིག་ཡིན་པ་དང་། ཕ་བོང་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ཡིད་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཕྱོགས་ཀྱི་སྤྱི་ལེ4ལྷག་ཙམ་གྱི་སར་ཡོད་པ་རེད། ཕ་བོང་དེགནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2600ལྷག་ཙམ་ཡོད་པ་རེད། 

ཕ་བོང་དེ་ནི་བཤད་སྲོལ་ལ་དེའི་ཐོག་དམ་ཅན་ཆོས་རྒྱལ་གྱི་སྤྲུལ་པ་ཙ་རིའི་ལྷ་གཡག་གྭ་པ་གཉིད་པའི་རྗེས་ཤུལ་དང་། རྨིག་རྗེས་མཇལ་རྒྱུ་ཡོད་པར་མ་ཟད། ད་དུང་དེའི་ལྟག་ལ་ལྷ་གཡག་གྭ་པས་དུག་སྦྲུལ་གདུག་པ་ཅན་ཞིག་བཏུལ་བ་རེད་ཅེས་སྦྲུལ་གྱི་མཇུག་མའི་དབྱིབས་ཀྱི་རྡོ་ཞིག་གི་ཐོག་གཡག་གི་རྗེས་གསལ་བོར་མཇལ་རྒྱུ་ཡོད་པས། གནས་མཇལ་གྱི་ཡུལ་ཤིན་ཏུ་སྐད་གྲགས་ཆེ་བ་ཞིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།