ཡོངས་འཛིན་རིག་མཛོད། >ས་ཁམས། >གཏེར་ཁ། > གཏེར་རྡོ།

ལྷང་ཚེར་དཀར་པོ།

འདི་ནི་ས་གནས་གང་ལའང་ཐར་ཐོར་ཡོད་ཅིང་རྒྱ་ནག་ནས་ཀྱང་ཚོང་དུ་འོང་། ཕལ་ཆེར་ལེབ་མོ་ཕྱི་ནང་རིམ་པ་མང་པོ་འབྱེད་ཆོག་པ། ཕྱེས་པའི་སུལ་ལྡེབ་ཧ་ཅང་སྲབ་ཅིང་དྭངས་ལ་ཕྱི་ནང་མི་སྒྲིབ་པ་འཇམ་ཞིང་འོད་དང་ལྡན་པ། མཉེན་པས་ཕན་ཚུན་ལྟེབ་རྩེག་རྒྱག་ཐུབ་ལ་སླར་ཡང་འཕར་ཤུགས་ཡོད་པའོ།། རྒྱ་ཡིག་གི་མིང་། 云母(白云母) ཕྱི་ཡིག་གི་མིང་། Muscovitum རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་ནི་ས་གནས་གང་ལའང་ཐར་ཐོར་ཡོད་ཅིང་རྒྱ་ནག་ནས་ཀྱང་ཚོང་དུ་འོང་། ཕལ་ཆེར་ལེབ་མོ་ཕྱི་ནང་རིམ་པ་མང་པོ་འབྱེད་ཆོག་པ། ཕྱེས་པའི་སུལ་ལྡེབ་ཧ་ཅང་སྲབ་ཅིང་དྭངས་ལ་ཕྱི་ནང་མི་སྒྲིབ་པ་འཇམ་ཞིང་འོད་དང་ལྡན་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

མཐིང་རྒྱུས།

དབྱིབས་མ་ངེས་ཀྱང་ཕལ་ཆེར་ལེབ་མོ་སྒལ་པའི་ཆུ་ལེབ་འདྲ། ཁ་དོག་སྔོ་སྐྱ་འཇམ་ལ་ཅུང་ཟད་མཁྲེགས་པ། ལེགས་པ་རྣམས་མཉེན་པས་བཀུག་ཐུབ་པ། འཇམ་འདྲེད་ཀྱི་ཉམས་ཅུང་ཟད་ཡོད་པ། བརྡུང་བས་རྒྱུས་པ་ལྟར་ཞིག་པ། བཏུལ་བས་ཕྱེ་མར་འགྲོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 蛇纹石 ཕྱི་ཡིག་གི་མིང་། serpentine རིགས་དབྱེ། གཏེར་དངོས། ངོ་སྤྲོད།  དབྱིབས་མ་ངེས་ཀྱང་ཕལ་ཆེར་ལེབ་མོ་སྒལ་པའི་ཆུ་ལེབ་འདྲ། ཁ་དོག་སྔོ་སྐྱ་འཇམ་ལ་ཅུང་ཟད་མཁྲེགས་པ། གྲུབ་ཆ་གཙོ་བོ་ནི། Mg6[Si4O10]2[OH]8ཅན། ལེགས་པ་རྣམས་མཉེན་པས་བཀུག་ཐུབ་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ལྡོང་རོས།

འདི་ནི་ཞ་ཉེ་དང་ལྕགས་རྡོ་སེར་པོ་ཡོད་ས་དང་། ཆུ་ཚན་དང་། མེ་རིའི་ཉེ་འཁོར་སོགས་སུ་སྤྱིར་བཏང་བ་བླ་དང་་མཉམ་དུ་ཡོད། ས་འོག་ཏུ་གནས་པ་སྙི་ཞིང་འབོལ་བ་དང་། སྐམ་ནས་མཁའ་རླུང་ཕོག་པ་རྣམས་མཁྲེག་པོར་འགྱུར་བ། ངོ་བོ་ལྕི་ཞིང་སྙི་ལ་ཁྲོབ་པས་སེན་མོས་ཐུབ་པ་དང་། སོ་སེག་པ། བཏུལ་སླ་བ། མུ་ཟིའམ་དམིགས་བསལ་གྱི་དྲི་ངན་མནམ་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 雄黄 ཕྱི་ཡིག་གི་མིང་། Realgar མིང་གཞན། མ་ན་ཤེ་ལ། མ་ནི་ཚ། དམར་པོ་དྲི་ལྡན། གར་མཁན་མ། གླུ་ལྕེ་བ། བ་ན་རི་སྐྱེས། བལ་ཡུལ་སྐྱེས།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་བ་འབྲུག་ཀླད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་ཆེ་བ་ནས་ཐར་ཐོར་འབྱུང་བ་དང་། ས་དམར་དང་། གད་ཁྲེབ་ཀྱི་ས་རིམ། རྡོ་ཀླད་ཡོད་པའི་ས་ཆ་བཅས་ནས་ཐོན་པ་མང་ཞིང་། འདི་ཡང་སྲ་སྙིའི་ཁྱད་པར་མ་གཏོགས་རྡོ་ཀླད་ཀྱི་རྒྱུ་དང་གཅིག་པ་ཡིན། རྒྱ་ཡིག་གི་མིང་། 次生菱镁矿 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་ཆེ་བ་ནས་ཐར་ཐོར་འབྱུང་བ་དང་། ས་དམར་དང་། གད་ཁྲེབ་ཀྱི་ས་རིམ། རྡོ་ཀླད་ཡོད་པའི་ས་ཆ་བཅས་ནས་ཐོན་པ་མང་ཞིང་། འདི་ཡང་སྲ་སྙིའི་ཁྱད་པར་མ་གཏོགས་རྡོ་ཀླད་ཀྱི་རྒྱུ་དང་གཅིག་པ་སྟེ། གྲུབ་ཆ་གཙོ་བོ་ནིMg[CO3]ཡིན་ཀྱང་འདྲེས་ཚད་རྡོ་ཀླད་དངོས་ལས་ཉུང་ཞིང་། སྲ་ཚད2~3°དང་། བསྡུར་ལྗིད་ཁེ1.8~2ཡོད་པས་རྡོ་གཞན་ལས་ཅུང་ཟད་ཡང་བ་སོ་མི་སེག་པ་བཅས།

རིགས་དབྱེ།   ས་ཁམས།གཏེར་ཁ།

བཻཌཱུརྱ།

བཻཌཱུརྱ་ལ་ཁ་དོག་སྔོན་པོ་ཡོད་པ་མ་ཟད། ལྗང་གུ་དང་། དཀར་པོ། སེར་པོ་སོགས་ཡོད་པར་གཞུང་ལས་གསལ་བས་ཁ་དོག་གཞན་ཡང་འབྱུང་བར་རུང་བའོ།། རྒྱ་ཡིག་གི་མིང་། 星光蓝宝石 ཕྱི་ཡིག་གི་མིང་། Sapphirum stellatum(Star Sapphire) མིང་གཞན། སྤྲིན་ཆེན། གཞོན་ནུ་སྐྱེས། རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། བཻཌཱུརྱ་ལ་ཁ་དོག་སྔོན་པོ་ཡོད་པ་མ་ཟད། ལྗང་གུ་དང་། དཀར་པོ། སེར་པོ་སོགས་ཡོད་པར་གཞུང་ལས་གསལ་བས་ཁ་དོག་གཞན་ཡང་འབྱུང་བར་རུང་ལ། སངས་རྒྱས་སྨན་བླའི་སྐུ་མདོག་མཐིང་གསལ་བཻཌཱུ་རྱའི་མདོག་ཡིན་སོགས་རྒྱུ་མཚན་གཙོ་བོར་བཟུང་ནས་འདིར་དཔེ་མཚོན་དུ་བསྟན་པ་འདི་ནི་སྔོན་པོ་སྟེ། སི་རི་ལན་ཀ་དང་། ཀ་སྨིར་སོགས་ནས་འབྱུང་བའི་རྒྱུ་

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་ཀླད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ཞིག་ནས་ཐར་ཐོར་ཐོན། དབྱིབས་དང་། ཁ་དོག་ལ་གཞིགས་ཏེ་མིང་དུ་རྡོ་ཀླད་ཅེས་བཏགས་པ་སྟེ། རྡོ་དཀར་པོ་ཕྱི་དབྱིབས་ཀླད་པ་འདྲ་བ་ཀླད་འབྲུམ་ཐམ་ཐུམ་ཡོད་པ། ཕྱིའི་ཁ་དོག་ཡུལ་སའི་ཁ་དོག་གིས་བསྒྱུར་བ། ཆེ་ཆུང་ངེས་མེད་མཁྲེགས་ལ་ཅུང་ཟད་ལྕི་བ། བཅག་ཁ་དཀར་མཁྲེགས་དཀར་ཡོལ་བཅག་ཁ་འདྲ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 结核状菱镁矿 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ཞིག་ནས་ཐར་ཐོར་ཐོན།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཉ་ཕྱིས།

འདི་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་ཁག་ནས་ཐོན་ཅིང་། རྒྱ་མཚོར་གནས་པའི་སྲོག་ཆགས་མུ་ཏིག་གི་འབྱུང་གནས་ཡིན་པས་ཆུ་གནས་སྲོག་ཆགས་འགའི་རང་གྲུབ་རུས་སྐོགས་ཡིན། རྒྱ་ཡིག་གི་མིང་། 珍珠母 ཕྱི་ཡིག་གི་མིང་། Pteria martensin(Dunter) མིང་གཞན། ཉ་སྐྱོགས། ཉ་ལྕིབས། མུ་ཏིག་ཤུན་པ། མུ་ཏིག་འབྱུང་གནས། མུ་ཏིག་མ། མུ་ཏིག་སྐྱེ་གནས། ཉ་སོག རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་ཁག་ནས་ཐོན་ཅིང་། རྒྱ་མཚོར་གནས་པའི་སྲོག་ཆགས་མུ་ཏིག་གི་འབྱུང་གནས་ཡིན་པས་ཆུ་གནས་སྲོག་ཆགས་འགའི་རང་གྲུབ་རུས་སྐོགས་ཡིན། ཕྱི་ངོས་ལ་ཆུའི་རྦ་རླབས་འདྲ་བའི་གཉེར་རིས་དང་ནང་ངོས་འཇམ་ལ་དཀར་པོ་དངུལ་འོད་འབར་བ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཕག་མགོ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་འབྱུང་། གདོད་མའི་དུས(ཕལ་ཆེར་ལོ་དུང་ཕྱུར་གཉིས་ཙམ་གྱི་སྔོན)ཀྱི་མཚོ་གནས་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་རྡོ་ཐལ་གྱི་བྲག་རྡོ་དང་། འགའ་ཞིག་གཡའ་མ་འདྲ་བ། དབྱིབས་ཟླུམ་རྡོག་རྒྱ་ཕག་གི་མགོ་འདྲ་བའམ། སྤྲེའུའི་གདོང་པ་འདྲ་བ། རྒྱབ་ངོས་གཡས་གཡོན་ནས་རྩིབ་མའི་དབྱིབས་ལྟར་འབུར་ཐོན་གྱི་གཉེར་མའམ་སུལ་རིས་ཡོད་པ། ཁ་དོག་ཕལ་ཆེར་སེར་སྐྱ་ལ་ཕྱི་དྲེག་དམར་སེར་ཆགས་པ། ཆེ་ཆུང་ཕལ་ཆེར་ལུག་ཐོང་ཚེར་གྱི་མཁལ་མ་ཙམ་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 猪首石(贝类化石) ཕྱི་ཡིག་གི་མིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

བཙག་ཁུང་ཅན།

བཙག་ནི་གཏེར་ཁ་ནས་ཐོན་པའི་ས་རྡོ་དམར་སྨུག་ཅིག་གི་མིང་ཡིན་ལ། ས་འདིར་ཚོན་རྩི་བྱས་ཆོག་པའི་བཙག་རྡོ་དང་བཙག་རྫས་ཐོན་ས་ཡིན་པས་དེ་ལྟར་ཐོགས། རྒྱ་ཡིག་གི་མིང་། 泽昆剑 ལ་ཏིང་གི་མིང་། btsag khung can རིགས་དབྱེ། གཏེར་རྡོ། སྲིད་འཛིན་ཁོངས་གཏོགས། ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ། གནས་ཡུལ། གདང་ལ་གྲོང་རྡལ་གྱི་བྱང་ཤར་ཕྱོགས་སུ་གནས། ངོ་སྤྲོད། གདང་ལ་གྲོང་རྡལ་གྱི་བྱང་ཤར་དུ་སྤྱི་ལེ35མཚམས་སུ་ཡོད། བཙག་ནི་གཏེར་ཁ་ནས་ཐོན་པའི་ས་རྡོ་དམར་སྨུག་ཅིག་གི་མིང་ཡིན་ལ།

རིགས་དབྱེ།   ས་ཁམས།གཏེར་ཁ།

དངུལ་ཟིལ།

འདི་རྒྱ་ནག་གི་ཧུའུ་པེ་དང་ཧོ་ནན་སོགས་ནས་ཐོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྫ་ཆུའི་སྟོད་རྒྱུད་སོགས་ནས་ཀྱང་ཐར་ཐོར་ཐོན་གྱི་ཡོད། ངོ་བོ་ཅུང་ཟད་ལྕི་ལ་མཁྲེགས་པ། དབྱིབས་དང་ཆེ་ཆུང་ངེས་མེད་ཅི་རིགས་འབྱུང་བ། ཁ་དོག་དཀར་སྔོ། འགའ་ཞིག་ལྗང་ཞད་ཡོད་པ་སོགས་ལ་རྡོ་སུལ་གཞུང་དུ་གཤིབ་པ། འགའ་ཞིག་འོད་འཕྲོའི་དབྱིབས་ལྟར་གནས་པ། དངུལ་འོད་སིབ་སིབ་ཅན་ཞིག་ཡིན། རྒྱ་ཡིག་གི་མིང་། 阳起石 ཕྱི་ཡིག་གི་མིང་། Actinolitum རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་རྒྱ་ནག་གི་ཧུའུ་པེ་དང་ཧོ་ནན་སོགས་ནས་ཐོན་པ་དང་རང་ལྗོངས་ཀྱི་རྫ་ཆུའི་སྟོད་རྒྱུད་སོགས་ནས་ཀྱང་ཐར་ཐོར་ཐོན་གྱི་ཡོད།

རིགས་དབྱེ།   ས་ཁམས།གཏེར་ཁ།

པད་རག

པད་མ་རཱ་གའི་བསྡུས་ཚིག པད་མ་རཱ་ག་ནི་པད་མ་དམར་པོ་སྟེ། རིན་པོ་ཆེའི་རིགས་མདོག་དམར་པོ་ནུས་པས་ཀླད་སྐྱོན། རྩ་ནད། གཟའ་གདོན་སོགས་འཇོམས། རྒྱ་ཡིག་གི་མིང་། 映红  红宝石  红莲宝石 ཁོངས་གཏོགས། རིན་པོ་ཆེའི་རིགས། མིང་གི་རྣམ་གྲངས། མདོག་དམར།  རིན་ཆེན་དམར་པོ། རྒྱས་འགྲེལ། པད་མ་རཱ་གའི་བསྡུས་ཚིག པད་མ་རཱ་ག་ནི་པད་མ་དམར་པོ་སྟེ། རིན་པོ་ཆེའི་རིགས་མདོག་དམར་པོ་ནུས་པས་ཀླད་སྐྱོན། རྩ་ནད། གཟའ་གདོན་སོགས་འཇོམས། འདི་ལ་རིགས་དགུ་ཡོད་པ་ལས། པད་མ་རྭ་ག་ནི་མདོག་ངུར་དམར་རང་འོད་ཀྱིས་སོར་གསུམ་དུ་ཁྱབ་པ། མཐེབ་མཛུབ་ཀྱིས་འདུས་པའི་ཚད་ཙམ་ཡོད་པ་ཞིག

རིགས་དབྱེ།   ས་ཁམས།གཏེར་ཁ།

རྭ་ཚྭ།

དེའུ་དམར་བའི་ལག་ལེན་གཅེས་བཏུས་ཀྱི་ཚྭ་བཟོའི་དགོངས་པ་ཇི་བཞིན་ཚད་ལྡན་དུ་སྦྱར་བའི་བཟོས་ཚྭ་སྟེ། ཕྱི་དབྱིབས་རྭ་སྙིང་འདྲ་ལ་ཞུན་ཐེབས་ནས་ངོ་བོ་ལྕི་ལ་མཁྲེགས་པོར་གྱུར་པ། འགའ་ཞིག་ནག་པོ་འོད་དང་ལྡན་ལ་འཇའ་རིས་ཅན། རོ་ལན་ཚ་ལ་རྭ་གཞོབ་བྲོ་བ་ཞིག་གོ།། རྒྱ་ཡིག་གི་མིང་། 角制盐 རིགས་དབྱེ། གཏེར་དངོས། ངོ་སྤྲོད། དེའུ་དམར་བའི་ལག་ལེན་གཅེས་བཏུས་ཀྱི་ཚྭ་བཟོའི་དགོངས་པ་ཇི་བཞིན་ཚད་ལྡན་དུ་སྦྱར་བའི་བཟོས་ཚྭ་སྟེ། ཕྱི་དབྱིབས་རྭ་སྙིང་འདྲ་ལ་ཞུན་ཐེབས་ནས་ངོ་བོ་ལྕི་ལ་མཁྲེགས་པོར་གྱུར་པ། འགའ་ཞིག་ནག་པོ་འོད་དང་ལྡན་ལ་འཇའ་རིས་ཅན། རོ་ལན་ཚ་ལ་རྭ་གཞོབ་བྲོ་བ་ཞིག་གོ།། འདྲ་ཡིག་ལས། རྭ་ཚྭ་ར་རུ་འདྲ་ལ་རྭ་གཞོབ་བྲོ། ཞེས་གསུངས་པ་བཞིན་ནོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཡ་བཀྵ་ར།

བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན་ཞིང་། ཕལ་ཆེར་ཉི་མ་རྒྱ་ཆེར་མི་འཆར་བའི་བྲག་ཕུག་གམ། ས་དོང་སོགས་སུ་ཆགས་ཤིང་། སའི་ཁར་ཡོད་པ་རྣམས་ཕྱེ་མ་དཀར་པོ་བ་ཚྭ་ལྟ་བུར་གྱུར་པ། བཅང་ན་ཁྲུག་སྒྲ་སྒྲོག་པ། རང་བྱུང་གི་ཡ་བཀྵ་ར་བླངས་ནས་ཆུ་ཁོལ་དུ་བགྲུངས་པ་དར་ཚགས་སུ་དྲངས་ནས། གྲང་དུ་བཅུག་ནས་ཆགས་པ་ལ་ཞུན་ཆགས་དངོས་པོ་ཤེལ་ཁབ་འདྲ་བ་འབྱུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 玄明粉(无水芒硝) ཕྱི་ཡིག་གི་མིང་། Mirabititum རིགས་དབྱེ། གཏེར་དངོས། ངོ་སྤྲོད། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན་ཞིང་། ཕལ་ཆེར་ཉི་མ་རྒྱ་ཆེར་མི་འཆར་བའི་བྲག་ཕུག་གམ། ས་དོང་སོགས་སུ་ཆགས་ཤིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

ནག་ཚུར།

བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་། ལིའུ་སོན་ཡན་དང་། ལིའུ་སོན་ཐེ་ཞེས་པའི་གཏེར་དངོས་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། ལྦུ་སོབ་དང་ཁུང་བུས་ཁེངས་ཤིང་། འགའ་ཞིག་ལ་ལྗང་ཞད་འདྲེས་པ། ཡན་སོན་དང་འཕྲད་པས་ཁ་དོག་ཤིན་ཏུ་སེར་པོར་འགྱུར་བ་དང་། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་དང་མཉམ་དུ་བཏུལ་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་གམ་ནག་པོར་འགྱུར་བ། རོ་སྐྱུར་ལ་བསྐ་བ། ཆུར་སྦྱངས་པས་འཇུ་སླ་བ་དང་། ཐལ་མདོག་མུ་ཟིའི་དྲི་མནམ་པ་ལ་ནག་ཚུར་ཟེར།

རིགས་དབྱེ།   ས་ཁམས།གཏེར་ཁ།

སེར་ཚུར།

བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་འབྱུང་ཞིང་། མང་ཆེ་བ་གཡའ་མའི་བྲག་ཕུག་ལ་ཆགས་པ་དང་། ལིའུ་སོན་ཡན་དང་། ལིའུ་སོན་ཐེ་ཞེས་པའི་གཏེར་དངོས་ཏེ། ངོ་བོ་ཅུང་ཟད་ཡང་ལ་སོབ་པ། ལྦུ་སོབ་དང་ཁུང་བུས་ཁེངས་ཤིང་། འགའ་ཞིག་ལ་ལྗང་ཞད་འདྲེས་པ། ཡན་སོན་དང་འཕྲད་པས་ཁ་དོག་ཤིན་ཏུ་སེར་པོར་འགྱུར་བ་དང་། ཨ་རུ་ར་དང་སེ་འབྲུའི་སྐོགས་པ་སོགས་དང་མཉམ་དུ་བཏུལ་ནས་ཆུ་བཏིགས་པས་ཁ་དོག་ལྗང་ནག་གམ་ནག་པོར་འགྱུར་བ། རོ་སྐྱུར་ལ་བསྐ་བ། ཆུར་སྦྱངས་པས་འཇུ་སླ་བ་དང་། ཐལ་མདོག་མུ་ཟིའི་དྲི་མནམ་པ་ལ་ནག་ཚུར་དང་། སེར་སྐྱ་ལ་སེར་ཚུར་དུ་མཛད་ཀྱང་དོན་དུ་ལྷད་གཞན་འདྲེས་ཚད་ཙམ་མ་གཏོགས་ངོ་བོ་གཅིག་པ་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཁྱུང་སྐྱུགས།

འདི་ཡང་གཡང་ཏྲིའི་རིགས་ལ་ཁ་དོག་ལྗང་ནག་དང་། ལྗང་སེར་སོགས་ལ་འདྲ་མིན་འདྲེས་ཤིང་། ཟོས་ནས་སྐྱུགས་པའི་ཉམས་ཅན་དང་བརྐོས་བཀྲོལ་སྟབས་བདེ་བས་འདི་ལ་བཟོ་རྩལ་གྱི་གཟུགས་བརྙན་སྣ་ཚོགས་དང་། རྒྱན་ཆས། སྣོད་ཆས་སོགས་འཆོས་པས་ཤིན་ཏུ་མཛེས་པའི་ཉམས་དང་ལྡན་པ་བཅས་སོ།། རྒྱ་ཡིག་གི་མིང་། 梅花玉 ཕྱི་ཡིག་གི་མིང་། Plum blossom Jade རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ནི་ཕལ་པ་སྟེ། འདི་ཡང་གཡང་ཏྲིའི་རིགས་ལ་ཁ་དོག་ལྗང་ནག་དང་། ལྗང་སེར་སོགས་ལ་འདྲ་མིན་འདྲེས་ཤིང་། ཟོས་ནས་སྐྱུགས་པའི་ཉམས་ཅན།

རིགས་དབྱེ།   ས་ཁམས།གཏེར་ཁ།

གཟི་དུང་།

འདི་ནི་རབ་སྟེ། ཤེལ་ཕྲེང་དུ། གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ། ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཉིས་བཟང་བས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན། ཞེས་གསུངས་པ་དེ་ནི་འཁྱིལ་རིམ་ཕལ་ཆེར་བཅུ་རེ་ཙམ་ཡོད་པ་ཞིག་གོ།། རྒྱ་ཡིག་གི་མིང་། 花螺 ཕྱི་ཡིག་གི་མིང་། Charonia Tritonis(Linne) རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ནི་རབ་སྟེ། ཤེལ་ཕྲེང་དུ། གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ། ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཉིས་བཟང་བས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན། ཞེས་གསུངས་པ་དེ་ནི་འཁྱིལ་རིམ་ཕལ་ཆེར་བཅུ་རེ་ཙམ་ཡོད་པ། རྩ་བའི་ཁ་དོག་ཁམ་སེར་ལ་ཟུར་གསུམ་མམ་ཟླ་བ་ཕྱེད་པའི་དབྱིབས་ཀྱི་ཐིག་རིས་ཁམ་ནག་ཡོད་པ་ནང་ངོས་ཀྱི་ཁ་དོག་དམར་སེར་ཅན་ཞིག་གོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་བ་ཆར་འབེབས།

ཤེལ་ཕྲེང་དུ། ཉ་སོགས་སྲོག་ཆགས་མ་ངེས་པའི་ཀླད་པའི་ནང་དུ་ཀླད་པའི་སྙིང་པོ་རྡོའི་རིལ་བུར་འདྲིལ་བ་དབྱིབས་དང་ཚད་མ་ངེས་པ་འབྱུང་། དེ་མ་ཉམས་པ་ཆུ་མིག་ཏུ་བཅུག་པས་ནམ་དགོས་ཆར་འབེབས་པར་བཤད་ལ། ཆར་འབེབས་པར་ཆུ་གནས་སྲོག་ཆགས་ལས་བྱུང་བ་བཟང་ཞེས་སོ།། རྒྱ་ཡིག་གི་མིང་། 鱼脑石(星石) རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་རྒྱ་མཚོ་ཆེན་པོར་གནས་པའི་ཉ་ཧྲི་ཧྲོའུ་ཡུས(石首鱼)ཞེས་པ་ཆེ་ཆུང་རིགས་གཉིས་ཡོད་པ་གང་རུང་ཞིག་གི་ཀླད་པའི་གཡས་གཡོན་ཕྱོགས་གཉིས་ལ་རྡེའུ་ཆེ་ཆུང་གསུམ་རེ་ཡོད་པའི་ནང་གི་ཆེ་བ་སྟེ། ཤིན་ཏུ་སྲ་ཞིང་མཁྲེགས་པས་བཏུལ་དཀའ་བ།

རིགས་དབྱེ།   ས་ཁམས།གཏེར་ཁ།

གནྡྷི།

ངོ་བོ་སྲ་ཞིང་མཁྲེགས་ལ་ཅུང་དྭངས་པ། དབྱིབས་དང་ཆེ་ཆུང་ལ་ཕལ་ཆེར་ངེས་པ་མེད་ཅིང་། ཁ་དོག་ངང་དམར། བཅག་ཁ་དཀར་གོང་ལྟར་འོད་དང་ལྡན་པ། ཉུང་ཤས་འགའ་ཞིག་མ་གཏོགས་རྡོ་སྲུབས་མེད་པ། འདི་ལས་འཆོས་པའི་རྒྱན་ཆས་རིགས་དང་། བརྐོས་བཀྲོལ་གྱི་སྒྱུ་རྩལ་རྣམས་དྭངས་ཤིང་མཛེས་ལ་ཁ་དོག་ལེགས་པས་ཡུལ་འགའ་ཞིག་ནས་གཙིགས་ཆེར་འཛིན་སྲོལ་ཡོད་དོ།། རྒྱ་ཡིག་གི་མིང་། 芙蓉石 ཕྱི་ཡིག་གི་མིང་། Rose quartz རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་པཱ་ཤིས་དང་། མ་ཏ་ཀ་སི་ཀ ཨ་མེ་རི་ཁ། རྒྱ་གར། རྒྱ་ནག་གི་ཞིང་ཆེན་འགའ་ནས་ཐོན། ངོ་བོ་སྲ་ཞིང་མཁྲེགས་ལ་ཅུང་དྭངས་པ། དབྱིབས་དང་ཆེ་ཆུང་ལ་ཕལ་ཆེར་ངེས་པ་མེད་ཅིང་། ཁ་དོག་ངང་དམར།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་སོལ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་མི་ཉུང་བ་ཞིག་ཏུ་ཡོད་པའི་སོལ་གཏེར་ཁག་ནས་འབྱུང་བའི་གདོད་མའི་རྩི་ཤིང་ངོ་བོ་འགྱུར་ནས་གྲུབ་པའི་གཏེར་རྡོ་སྟེ། འགའ་ཞིག་ཡང་ལ་སོབ་པ་འོད་ཡོད་པ། ངོ་བོ་ཡང་ཞིང་ཁྲོབ་པས་བཏུལ་སླ་བ་དང་། ཕྱེ་མ་ནག་པོ་ཡིན་པ། ལྕེས་རེག་ན་མི་འབྱར་བ། མེ་ལ་བསྲེགས་ན་འབར་ཞིང་ཡུན་དུ་བསྲེགས་པས་མེ་ཤུགས་ཤིན་ཏུ་ཆེ་བས་འབུད་རྫས་གཙོ་བོའི་གྲས་ཡིན་ནོ།། རྒྱ་ཡིག་གི་མིང་། 乌金(煤) ཕྱི་ཡིག་གི་མིང་། Coal རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་མི་ཉུང་བ་ཞིག་ཏུ་ཡོད་པའི་སོལ་གཏེར་ཁག་ནས་འབྱུང་བའི་གདོད་མའི་རྩི་ཤིང་ངོ་བོ་འགྱུར་ནས་གྲུབ་པའི་གཏེར་རྡོ་སྟེ། འགའ་ཞིག་ཡང་ལ་སོབ་པ་འོད་ཡོད་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

རྡོ་ཐལ།

འདི་བོད་ལྗོངས་ཡོངས་ཀྱི་ཡུལ་ཀུན་ཏུ་ཡོད་ཅིང་། རྒྱ་ཁྱབ་ཆེ་ལ་ཐོན་ཚད་འབེལ་ཤོས་ཀྱི་བྲག་རྡོའམ་གཏེར་རྡོ་སྟེ། ཁ་མཐོའི་བྲག་དཀར་དང་། རྫ་རི་དཀར་པོ་ཡོད་ཚད་ཀྱི་རྡོ་འདི་ཡིན་པ་དང་། དེ་ཉིད་ཆུས་ཁྱེར་ནས་ཡུན་རིང་བརྡར་ཟད་ཕྱིན་པས་ཕྱི་ངོས་འཇམ་པ་ལུག་གྲོད་འདྲ་བ། ཡུལ་ཕལ་གྱིས་ཆུ་འགྲམ་གྱི་བྱ་རྡོ་ཟེར་བ་འདི་དག་ཡིན་ཞིང་། དབྱིབས་དང་ཆེ་ཆུང་ངེས་མེད། ཁ་དོག་ཅི་རིགས་འབྱུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 石灰岩 ཕྱི་ཡིག་གི་མིང་། Limestone མིང་གཞན། བྱ་རྡོ། ཚོས་རྡོ། ཞུན་རྡོ། བྲག་རྡོ། རྡོ་དཀར་བཅས་སོ།། རིགས་དབྱེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཏི་ཚ་སེར་པོ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཐར་ཐོར་ཐོན་པ་དང་རྒྱ་ནག་ནས་ཚོང་དུ་འོང་ལ་ཏི་ཚའི་གཏེར་རྡོ་རིགས་གསུམ་གྱི་ནང་ནས་ལུའུ་ཧྭ་ཤིན་གྱི་གཏེར་རྡོ་སྟེ་ངོ་བོ་ལྕི་ལ་མཁྲེགས་པ། དབྱིབས་དང་ཆེ་ཆུང་ལ་ངེས་པ་མེད་ཅིང་ཕལ་ཆེར་ཁ་དོག་སེར་སྐྱ་དང་། ཁམ་སེར། ཁམ་ནག་བཅས་ལ་བཅག་ཁ་འོད་དང་ལྡན་ཞིང་ཅུང་ཟད་དྭངས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 闪锌矿 ཕྱི་ཡིག་གི་མིང་། Sphaleritum ིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཐར་ཐོར་ཐོན་པ(རྒྱུན་ད་ཞ་ཉེའི་རྡོ་དང་མཉམ་དུ་གནས་པ་མང)དང་རྒྱ་ནག་ནས་ཚོང་དུ་འོང་ལ་ཏི་ཚའི་གཏེར་རྡོ་རིགས་གསུམ་གྱི་ནང་ནས་ལུའུ་ཧྭ་ཤིན་གྱི་གཏེར་རྡོ་སྟེ་ངོ་བོ་ལྕི་ལ་མཁྲེགས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

སྤང་མ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་ཐོན་ཞིང་། ངོ་བོ་ཟངས་རྡོ་ཡིན་པས་ཟངས་གཏེར་ཡོད་སར་ཡོད་པ་དང་། རྒྱུན་དུ་མཐིང་སྔོན་དང་མཉམ་དུ་འདྲེས་ནས་གནས། དབྱིབས་ངེས་མེད་ཁ་དོག་ལྗང་གུ། ཐོག་མར་ས་འོག་ནས་རློན་པ་སྙི་ལ་འཇིམ་པ་ལྟར་འབྱུང་ཡང་མཁའ་རླུང་དང་འཕྲད་པས་རིམ་བཞིན་སྲ་བས་རྡོར་གྱུར་ནས་རྡོ་ལ་རི་མོ་ལྗང་གུ་དོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 孔雀石(绿铜矿) ཕྱི་ཡིག་གི་མིང་། Malachitum མིང་གཞན། སྤང་། སྤང་མ་བཏུལ་མ། སྤང་མའི་མིག་སྨན། རྨ་བྱ་ཅན། རྩེ་ཅན་མགྲིན་བཅས་སོ།། རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་ཐོན་ཞིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

གཤའ་དཀར།

འདི་ནི་གཤའ་དཀར་གྱི་གཏེར་རྡོ་བཞུས་ནས་བཏོན་པའི་ལྕགས་རིགས་ཏེ། ཁ་དོག་དངུལ་ལྟར་དཀར་ཞིང་ངོ་བོ་མཉེན་ལ་ཞ་ཉེ་ལས་ཅུང་ཟད་སྲ་བ། བཅག་ཁ་རྩུབ་ལ་དངུལ་འོད་འཕྲོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 锡 ཕྱི་ཡིག་གི་མིང་། Stannum (Tin) མིང་གཞན། ཀླུ་དཀར། ནུས་ལྡན་མཆེ་བ་ཅན་དཀར། གཤའ་ཚེ་བཅས་སོ།། རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་རྒྱ་དཀར་ནག་ནས་ཚོང་དུ་ཐོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་འགའ་ཞིག་ནས་ཀྱང་ཐོན་པའི་གཤའ་དཀར་གྱི་གཏེར་རྡོ་བཞུས་ནས་བཏོན་པའི་ལྕགས་རིགས་ཏེ། ཁ་དོག་དངུལ་ལྟར་དཀར་ཞིང་ངོ་བོ་མཉེན་ལ་ཞ་ཉེ་ལས་ཅུང་ཟད་སྲ་བ།

རིགས་དབྱེ།   ས་ཁམས།གཏེར་ཁ།

དཀར་གོང་།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཕལ་མོ་ཆེའི་ཆུ་རྒྱུད་གྲམ་ཐང་སོགས་སུ་ཡོད། གྲུབ་ཆ་འདྲེས་ཚད་ཀྱི་དབང་གིས་དྭངས་འཐིབ་ཀྱི་ཁྱད་པར་དང་ཁ་དོག་ཅི་རིགས་ཡོད་ཀྱང་། སྐབས་འདིར་འཐིབ་ལ་ཁ་དོག་དཀར་པོ་སྟེ་དབྱིབས་དང་ཆེ་ཆུང་ངེས་མེད་ངོ་བོ་ལྕི་ལ་ཤིན་ཏུ་མཁྲེགས་ཤིང་། བཅག་ཁ་མི་སྙོམས་པ་འོད་ཁྲོབ་བེ་བ། བཅག་པའི་དུམ་བུ་སྲབ་པ་རྣམས་དྭངས་གསལ་དང་ཕྱེད་ཙམ་དྭངས་གསལ་ཡིན་པའོ།། རྒྱ་ཡིག་གི་མིང་། 白石英(脉石英) ཕྱི་ཡིག་གི་མིང་། Quartz རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཕལ་མོ་ཆེའི་ཆུ་རྒྱུད་གྲམ་ཐང་སོགས་སུ་ཡོད།

རིགས་དབྱེ།   ས་ཁམས།གཏེར་ཁ།

སོལ་རྡོ།

འདི་རྡོ་སོལ་གྱི་གཏེར་ཁ་ཡོད་ས་དང་། གཡའ་མ་སྔོན་པོའི་བྲག་སོགས་ལས་འབྱུང་བའི་རང་བྱུང་གི་སོལ་རྡོ་སྟེ། ཕལ་ཆེར་ལེབ་མོ་ཡིན་པ་ཁ་དོག་ནག་པོ་ལྕགས་མདོག་དང་། འགའ་ཞིག་སྔོ་ནག་འོད་ཅན་ཡིན་ནོ།། རྒྱ་ཡིག་གི་མིང་། 石墨 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་རྡོ་སོལ་གྱི་གཏེར་ཁ་ཡོད་ས་དང་། གཡའ་མ་སྔོན་པོའི་བྲག་སོགས་ལས་འབྱུང་བའི་རང་བྱུང་གི་སོལ་རྡོ་སྟེ། ཕལ་ཆེར་ལེབ་མོ་ཡིན་པ་ཁ་དོག་ནག་པོ་ལྕགས་མདོག་དང་། འགའ་ཞིག་སྔོ་ནག་འོད་ཅན། གྲུབ་ཆ་གཙོ་བོ་ནིCཡིན་ཞིང་ལྷད་གཞན་མ་འདྲེས་པའི་སོལ་རྡོ་ཧ་ཅང་ཉུང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

སྨུག་པོ་སྦལ་རྒྱབ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཀྱང་ཐར་ཐོར་ཐོན་ཅིང་། རྒྱུན་དུ་ལྕགས་གཏེར། ཁབ་ལེན་གྱི་གཏེར་ཁ་སོགས་སུ་མཐོང་བ་མང་དང་། ལྕི་ལ་ཤིན་ཏུ་མཁྲེགས་པ་བཅག་ཁ་སྨུག་ཟིལ་སྣ་སུལ་ཐུང་ལ་ལྕགས་འོད་སིབ་བེ་བ། འགའ་ཞིག་ལ་ཕྱི་ནང་ཆགས་རིམ་ཡོད་པ། རྡོ་ལ་རི་མོ་དམར་སྨུག་གམ་ཁམ་སེར་དོད་པ། མེ་ལ་བསྲེགས་ན་ལྕགས་ཕྱེའམ་རང་གི་ཕྱེ་མ་ལེན་ཐུབ་པའོ།། རྒྱ་ཡིག་གི་མིང་། 黛赭石(钉头赭石) ཕྱི་ཡིག་གི་མིང་། Hematitum རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཀྱང་ཐར་ཐོར་ཐོན་ཅིང་། རྒྱུན་དུ་ལྕགས་གཏེར།

རིགས་དབྱེ།   ས་ཁམས།གཏེར་ཁ།

མ་ནིང་ཅོང་ཞི་མཆོག

མཆོག་ནི་རྡོ་རྒྱུས་ལྟ་བུ་འབྱུང་། ཞེས་འཇམ་ལ་སྣ་རིང་རྒྱུས་པ་གཤིབ་པ་འདྲ་བ་དང་། རབ་ནི་འཁྱགས་པའི་རྩེ་ལྡིང་འདྲ་ཞེས་ཞབས་ནས་འཕྱུར་བ་འདྲ་བ་སོགས་རིགས་བཞི་ཡོད་དོ།། རྒྱ་ཡིག་གི་མིང་། 纤维状石膏 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  མཆོག་ནི་རྡོ་རྒྱུས་ལྟ་བུ་འབྱུང་། ཞེས་འཇམ་ལ་སྣ་རིང་རྒྱུས་པ་གཤིབ་པ་འདྲ་བ་དང་། རབ་ནི་འཁྱགས་པའི་རྩེ་ལྡིང་འདྲ(笋状石膏CaSO4)ཞེས་ཞབས་ནས་འཕྱུར་བ་འདྲ་བ། འབྲིང་ནི་བ་ཡི་ནུ་མ་འདྲ(钟乳石CaCO3)ཞེས་སྟེང་ནས་ཟག་པ་འདྲ་བ། ཐ་མ་ས་མིན་རྡོ་མིན་འདྲ(泉华CaCO4)ཞེས་སྙི་ལ་ནོག་པ་སྐྱ་སོབ་ཡང་ལ་བཏུལ་སླ་བ་གྲུབ་ཆ་གཞན་གྱི་ལྷད་སྣ་ཚོགས་འདྲེས་པ་སོགས་མ་ནིང་ཅོང་ཞི་བཞིའོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

བུ་མོ་ཅོང་ཞི་མཆོག

མཆོག་ནི་ཕག་དཀར་ཟེ་བ་འདྲ་ཞེས་ཕྲ་ཞིབ་དཀར་འབོལ་སུལ་ཞིབ་འཇམ་ལ་མཉེན་པ་གཉའ་འཆིག་འདྲ་བ་དང་། རབ་ནི་འཁྱག་སོམ་དུམ་བུ་འདྲ་ཞེས་སུལ་རྩིང་ལ་ཞིག་པ། སུལ་སྣ་རིང་ལ་ཁྲོབ་པས་གྲུག་སླ་བ་བཅས་དབྱེ་བ་ཉི་ཤུ་ཡོད་དོ།། རྒྱ་ཡིག་གི་མིང་། 纤维板状石膏 རིགས་དབྱེ། གཏེར་དངོས། ངོ་སྤྲོད།  མཆོག་ནི་ཕག་དཀར་ཟེ་བ་འདྲ་ཞེས་ཕྲ་ཞིབ་དཀར་འབོལ་སུལ་ཞིབ་འཇམ་ལ་མཉེན་པ་གཉའ་འཆིག་འདྲ་བ་དང་། རབ་ནི་འཁྱག་སོམ་དུམ་བུ་འདྲ(榍石CaTi)ཞེས་སུལ་རྩིང་ལ་ཞིག་པ། སུལ་སྣ་རིང་ལ་ཁྲོབ་པས་གྲུག་སླ་བ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཛུས།

དབྱིབས་དང་ཆེ་ཆུང་ངེས་མེད། ཅུང་ཟད་དྭངས་པ། སྲ་ཞིང་མཁྲེགས་ལ་འོད་དང་ལྡན་པ་དང་ཤེལ་རིགས་ཕལ་ཆེར་གཅོད་པར་ནུས་པ། འགའ་ཞིག་ལ་དེའི་ནང་ཆུ་བལ་འདྲ་བའི་སྤྲིན་རིས་ཅུང་ཟད་ཡོད་པ། གཡང་ཊི་ལས་སྲ་ཞིང་དྭངས་ལ་ཁྲོམ་རར་རིན་ཐང་ཆེ་བ་ཞིག་གོ། རྒྱ་ཡིག་གི་མིང་། 翡翠 ཕྱི་ཡིག་གི་མིང་། Jadeite རིགས་དབྱེ། མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འབར་མ་དང་ཨུ་རུ་སུ། ཨ་མེ་རི་ཁ། པ་ཤིས། རི་པིན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ནས་ཐོན། དབྱིབས་དང་ཆེ་ཆུང་ངེས་མེད།

རིགས་དབྱེ།   ས་ཁམས།གཏེར་ཁ།