ཐོག་ལྕགས།

ཐོག་གི་ལྕགས་ས་འོག་ཏུ་བསྐལ་པར་ལུས་ཀྱང་བཙའ་དང་ཞུ་བ་སོགས་མ་བྱུང་བ་ཡིན་ཟེར་བའི་ལྕགས་དཀར་སེར་དམར་ནག་རིགས་བཞི་གང་ཡང་ལིའི་རྒྱུ་འདྲ་བར་གཟུགས་བརྙན་སྣ་ཚོགས་འབྱུང་བ་འདི་ཡིན་ནོ།། རྒྱ་ཡིག་གི་མིང་། 霹雳铁 རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། ཐོག་གི་ལྕགས་ས་འོག་ཏུ་བསྐལ་པར་ལུས་ཀྱང་བཙའ་དང་ཞུ་བ་སོགས་མ་བྱུང་བ་ཡིན་ཟེར་བའི་ལྕགས་དཀར་སེར་དམར་ནག་རིགས་བཞི་གང་ཡང་ལིའི་རྒྱུ་འདྲ་བར་གཟུགས་བརྙན་སྣ་ཚོགས་འབྱུང་བ་འདི་ཡིན་སྟེ། འདི་ལ་གཏེར་དངོས་རིག་པ་བ་དང་ལྕགས་ཁམས་བརྟག་དཔྱད་མཁན་རྣམས་ཀྱིས་གྲུབ་ཆ་གཙོ་བོ་ཟངས་དང་གཤའ།

རིགས་དབྱེ།   ས་ཁམས།གཏེར་ཁ།

དངུལ།

གཏེར་ཁ་ལས་རང་བཞིན་གྱི་འབྱུང་བ་དང་། དངུལ་རྡོ་བཞུས་པ་ལས་བྱུང་བ་སྟེ། དེ་མིན་ཞ་ཉེ་དང་ཏི་ཚ། ཟངས་བཅས་ཀྱི་རྡོ་བཞུ་བའི་སྐབས་སུའང་ཞོར་ལ་འབྱུང་བ་ཡིན། དེ་ལ་བཟང་ངན་གྱི་དབྱེ་བ་ཡང་དངུལ་དག་མ་ནི་ཁ་དོག་དཀར་པོ་འོ་མའི་མདོག་འདྲ་བ། ངོ་བོ་མཉེན་ཞིང་བརྡུང་ན་སྙི་ལ་ཕལ་ཆེར་སོས་ཐུབ་པ། གཡའ་ཐོགས་དཀའ་བ། རས་དཀར་པོར་བརྡར་ན་གཡའ་སྔོན་པོ་མི་འབྱུང་བ་ཞིག་གོ། རྒྱ་ཡིག་གི་མིང་། 银 ཕྱི་ཡིག་གི་མིང་། Argentum(Silver) མིང་གཞན། མདོག་ངན། འཁྱོག་པའི་ས་བོན། རིན་ཆེན་གཉིས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ར་གན།

འདི་ཟངས་དང་ཏི་ཚ་བསྲེས་པའི་མིས་བཟོས་འདྲེས་སྦྱོར་ལྕགས་རིགས་ཏེ། ཏི་ཚ་འདྲེས་ཚད་ཆེ་བ་སེར་སྐྱ་ཁྲོབ་པ་ལུགས་མ་སོགས་ཕོ་རག་དང་། ཟངས་འདྲེས་ཚད་ཆེ་བ་སེར་ལ་མཉེན་པ་བརྡུང་མ་སོགས་མོ་རག་སྟེ་རིགས་གཉིས་འབྱུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 黄铜 ཕྱི་ཡིག་གི་མིང་། Aurichalcum(Brass) མིང་གཞན། དྲི་མེད། རྩིབས་བརྩེགས། བཞུ་བྱ། རི་རི་ཀཱ། གསེར་ཅན་བཅས་སོ།། རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ཟངས་དང་ཏི་ཚ་བསྲེས་པའི་མིས་བཟོས་འདྲེས་སྦྱོར་ལྕགས་རིགས་ཏེ། ཏི་ཚ་འདྲེས་ཚད་ཆེ་བ་སེར་སྐྱ་ཁྲོབ་པ་ལུགས་མ་སོགས་ཕོ་རག་དང་། ཟངས་འདྲེས་ཚད་ཆེ་བ་སེར་ལ་མཉེན་པ་བརྡུང་མ་སོགས་མོ་རག་སྟེ་རིགས་གཉིས་འབྱུང་ཞིང་། (སྤྱིར་བཏང་དུ་

རིགས་དབྱེ།   ས་ཁམས།གཏེར་ཁ།

དངུལ་ཆུ།

རང་བྱུང་ཡོད་ཀྱང་རྙེད་པར་དཀའ། དངོས་ནི་ཅོག་ལ་སོགས་མཚལ་རིགས་ཀྱི་གཏེར་རྡོ་ལས་ཆེད་དུ་འདོན་གྱི་ཡོད། ངོ་བོ་ལྕི་ཞིང་གཡོ་བ། སར་བོ་ན་འཐོར་ཞིང་ས་དང་ཆུ་སོགས་ལ་མི་འདྲེས་པ། དྲོད་ཚད་རྒྱུན་ལྡན་གྱི་སྐབས་སུ་ཆུ་ལྟར་གཡོ་ཞིང་། དྲི་དང་ལྦུ་བ་སོགས་མེད་པ་དྭངས་པ་ཞིག་གོ། རྒྱ་ཡིག་གི་མིང་། 水银(汞) ཕྱི་ཡིག་གི་མིང་། Hydragyrum(Mercury) མིང་གཞན། མཚལ་སྐྱེས། ར་ས་ཡ་ན། མཚལ་ཆུ། མཚལ་གྱི་བུ། བདུད་རྩི་བཅུད་རྒྱལ། དབང་ཕྱུག་ཐིག་ལེ། ཆུ་སྨན་རལ་གྲི་རེག་གཅོད། བདུད་རྩི་དར་ཡ་ཀན། ཐིག་ལེ་དར་ཡ་ཀན་སོགས་སོ།། རིགས་དབྱེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

གསེར་རྡོ།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཅིག་ནས་ཐར་ཐོར་ཐོན་པའི་ཟངས་རྡོ་ཡིན། ཁ་དོག་སྣ་ཚོགས་འདྲེས་པ་བཅག་ཁ་སེར་པོ་གསེར་མདངས་ཅན། ཕྱི་ནང་ཚང་མར་གསེར་འདྲེས་པ་འདྲ་བ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 黄铜矿 ཕྱི་ཡིག་གི་མིང་། Chalcopyritum མིང་གཞན། རྟ་བྱ། ཏ་ཙ། རིགས་དབྱེ། གཏེར་དངོས། ངོ་སྤྲོད།  འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཅིག་ནས་ཐར་ཐོར་ཐོན་པའི་ཟངས་རྡོ་ཡིན། ཁ་དོག་སྣ་ཚོགས་འདྲེས་པ་བཅག་ཁ་སེར་པོ་གསེར་མདངས་ཅན།

རིགས་དབྱེ།   ས་ཁམས།གཏེར་ཁ།

དངུལ་རྡོ།

དངུལ་བཞུ་བཏུབ་པའི་གཏེར་རྡོ་འགའ་ཞིག་སྣང་བ་ལས། འདི་དངུལ་རྡོ་དམར་སྨུག་ཅེས་ཁ་དོག་དམར་སྨུག་ལྕི་ལ་མཁྲེགས་ཤིང་འོད་དང་ལྡན་པ། རྡོ་ལ་རི་མོ་དམར་སྨུག་དོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 深红银矿 ཕྱི་ཡིག་གི་མིང་། Pyrargyritum རིགས་དབྱེ། གཏེར་དངོས། ངོ་སྤྲོད།  དངུལ་བཞུ་བཏུབ་པའི་གཏེར་རྡོ་འགའ་ཞིག་སྣང་བ་ལས། འདི་དངུལ་རྡོ་དམར་སྨུག་ཅེས་ཁ་དོག་དམར་སྨུག་ལྕི་ལ་མཁྲེགས་ཤིང་འོད་དང་ལྡན་པ། རྡོ་ལ་རི་མོ་དམར་སྨུག་དོད་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ལྕགས་རྡོ།

ལྕགས་རྡོ་ཞེས་པ་དབྱིབས་དང་ཆེ་ཆུང་ངེས་མེད། ཁ་དོག་ཁམ་ནག་སྲ་མཁྲེགས་བཅག་ཁར་ལྕགས་འོད་ཅུང་ཟད་ཡོད་པ་ཕྱི་རུ་དྲེག་པ་སེར་སྐྱ་ཐོགས་པ། གས་སྲུབ་དང་ཁུང་བུ་སོགས་ལ་བཙའ་དྲེག་ཁམ་སེར་ཡོད་པ་། རྡོ་ལ་རི་མོ་བྲིས་ན་དམར་ཁམ་དོད་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 褐铁矿 ཕྱི་ཡིག་གི་མིང་། Limonite རིགས་དབྱེ། གཏེར་དངོས། ངོ་སྤྲོད།  ལྕགས་རྡོ་ཞེས་པ་དབྱིབས་དང་ཆེ་ཆུང་ངེས་མེད། ཁ་དོག་ཁམ་ནག་སྲ་མཁྲེགས་བཅག་ཁར་ལྕགས་འོད་ཅུང་ཟད་ཡོད་པ་ཕྱི་རུ་དྲེག་པ་སེར་སྐྱ་ཐོགས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཟངས།

རང་བྱུང་གི་ཟངས་སམ་ཟངས་ས་ལེ་སྦྲམ་དུ་གྲགས་པ། རྒྱུན་དུ་ཟངས་རྡོ་གཞན་དང་མཉམ་དུ་གནས་པ་འདི་དཀོན་ཞིང་རིན་ཐང་ཆེ། ཕལ་པ་ནི་ཟངས་རྡོ་གང་རུང་བཞུས་ནས་བཏོན་པའི་ལྕགས་རིགས་ཏེ། ངོ་བོ་མཉེན་ལ་སྙི་བ། བཅད་ཁ་གསར་པ་མདངས་གསལ་བ་ཞིག་གོ། རྒྱ་ཡིག་གི་མིང་། 铜 ཕྱི་ཡིག་གི་མིང་། Cuprum(Copper) མིང་གཞན། ཟངས་མ། ཉི་མའི་ལུས། དམར་མཆོག ཀླ་ཀློའི་ཁ། ལྕགས་དམར། ཟངས་དམར། རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། རང་བྱུང་གི་ཟངས་སམ་ཟངས་ས་ལེ་སྦྲམ་དུ་གྲགས་པ། རྒྱུན་དུ་ཟངས་རྡོ་གཞན་དང་མཉམ་དུ་གནས་པ་འདི་དཀོན་ཞིང་རིན་ཐང་ཆེ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ལྕགས་སོལ།

ལྕགས་བཞུ་བའི་སྐབས་ཀྱི་ཐབས་སླེ་ཞུན་ཆགས་པ་སྟེ། གཡུ་ཐོག་དགོངས་རྒྱན་ལས། སོ་ཐོག་ཅེས་མགར་བའི་ཐབ་ནང་དུ་ལྕགས་ཀྱི་དྲེག་པ་དང་ཐབ་སའི་ཕྱེ་མ་གཉིས་འདྲེས་ཏེ་ཞུན་དུ་འཁོལ་ནས་གོང་བུར་གྱུར་ཅིང་འོད་དུ་འཚེར་བ་དེའི་མིང་ངོ་།། ཞེས་གསུངས་སོ།། རྒྱ་ཡིག་གི་མིང་། 铁精(铁花) མིང་གཞན། སོ་ཐོག ལྕགས་སླེ། སླེ་སོལ། ལྕགས་སོལ། ལྕགས་སྐྱག སོལ་ཐལ། ལྕགས་ཀྱི་སོལ་རྡོག་བཅས་སོ།། རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། ལྕགས་བཞུ་བའི་སྐབས་ཀྱི་ཐབས་སླེ་ཞུན་ཆགས་པ་སྟེ། གཡུ་ཐོག་དགོངས་རྒྱན་ལས། སོ་ཐོག་ཅེས་མགར་བའི་ཐབ་ནང་དུ་ལྕགས་ཀྱི་དྲེག་པ་དང་ཐབ་སའི་ཕྱེ་མ་གཉིས་འདྲེས་ཏེ་ཞུན་དུ་འཁོལ་ནས་གོང་བུར་གྱུར་ཅིང་འོད་དུ་འཚེར་བ་དེའི་མིང་ངོ་།། ཞེས་གསུངས་པ་ལྟར་རོ།།

རིགས་དབྱེ།   ས་ཁམས།གཏེར་ཁ།

ལྕགས།

ལྕགས་ནི་ལྕགས་རྡོ་གང་རིགས་བཞུས་པས་འབྱུང་བ་སྟེ། སྤྱིར་ལྕགས་ཕལ་ཆེར་ནི་ཁ་དོག་དཀར་པོ་ཕྱི་ནས་དབྱང་འགྱུར་གྱི་རྩི་སྔོན་ནག་ཐོགས་པ་དང་། བཅད་ཁ་གསར་པ་དཀར་ལ་འོད་འཕྲོ་བ། ས་ཆུའི་རླན་ལ་འཕྲད་ན་བཙའ་དྲེག་ཁམ་སེར་ཆགས་པ་ཞིག་གོ། རྒྱ་ཡིག་གི་མིང་། 铁 ཕྱི་ཡིག་གི་མིང་། Ferrum(Iron) མིང་གཞན། མཚོན་ཆ་སྣ། རི་སྙིང་། རྡོའི་སྙིང་པོ། ཚེ་འཕྲོག གསོད་བྱེད། གཅོད་བྱེད། ངར་ཐུང་། མཚོན་ཆ་བྱེད་པ། གསེར་གྱི་དགྲ་བཅས་སོ།། རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད།

རིགས་དབྱེ།   ས་ཁམས།གཏེར་ཁ།

གསེར།

གསེར་ནི་གསེར་གྱི་གཏེར་ཁ་ནས་རང་བྱུང་དུ་འབྱུང་བ་དང་། མཚོ་སྐམ་ཤུལ་དང་གཙང་ཆུའི་འགྲམ་གྱི་བྱེ་མ་དང་གྲམ་པ་ནས་འབྱུང་བ་སེར་སྐྱ་ཤིན་ཏུ་ལྕི་ལ་སྙི་བ་རྩིང་ཞིབ་ཅི་རིགས་འབྱུང་བ་བཅས་བཙོ་སྦྱངས་བྱས་ནས་བྱུང་བ་སྟེ། ངོ་བོ་ཤིན་ཏུ་ལྕི་ལ་མཉེན་ཞིང་སྙི་བ་སོས་ཐུབ་པ། རླན་གཤེར་དང་མཁའ་རླུང་ནང་ཡུན་རིང་བཞག་ཀྱང་གཡའ་མི་ཐོགས་པ། ལིའུ་སོན་སོགས་སྐྱུར་རིགས་དང་འཕྲད་ན་མི་འཇུ་ལ། ངོ་བོ་མི་འགྱུར་བ། རས་དཀར་པོར་ཕྱིས་པས་གཡའ་སྔོན་པོ་མི་འབྱུང་བ་ཞིག་གོ། རྒྱ་ཡིག་གི་མིང་། 金 ཕྱི་ཡིག་གི་མིང་།

རིགས་དབྱེ།   ས་ཁམས།གཏེར་ཁ།

འཁར་བ།

འདི་ཟངས་དང་གཤའ་དཀར་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། ངོ་བོ་ཟངས་ལས་མཁྲེགས་ཤིང་ཁྲོབ་པ། ཁ་དོག་འཁར་དཀར། འཁར་དམར། འཁར་སེར། འཁར་ནག་སོགས་འབྱུང་བའོ།། རྒྱ་ཡིག་གི་མིང་། 青铜 ཕྱི་ཡིག་གི་མིང་། Bronze རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད། འདི་ཟངས་དང་གཤའ་དཀར་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། ངོ་བོ་ཟངས་ལས་མཁྲེགས་ཤིང་ཁྲོབ་པ། ཁ་དོག་འཁར་དཀར། འཁར་དམར། འཁར་སེར། འཁར་ནག་སོགས་འབྱུང་བ། གྲུབ་ཆ་གཙོ་བོ་ནིCu Snཡིན། བསྡུར་ཚད་ནི་བསྲེ་ཚོད་ལ་རག་ལས་ཤིང་བསྡུར་ལྗིད་ཁེ8.69ཡིན་ཡང་འདྲེས་ཚད་ཀྱི་དབང་གིས་འགྱུར་བ་ཡོད།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཟི་ལ།

འདི་གཤའ་དཀར་ལ་ཟངས་དང་ཞ་ཉེ་ཕྲན་བུ་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། མཚན་ཉིད་ཕལ་ཆེར་གཤའ་དཀར་འདྲ་བ་དཀར་ཞིང་མཉེན་ལ་གཤའ་ལས་འཇུ་སླ་ཞིང་ཞ་ཉེ་ལས་སྲ་བ་ཞིག་ཡིན་ནོ།། རྒྱ་ཡིག་གི་མིང་། 锡镴 རིགས་དབྱེ། བཞུ་བའི་ཁམས་ཀྱི་རིན་པོ་ཆེ། ངོ་སྤྲོད།  འདི་གཤའ་དཀར་ལ་ཟངས་དང་ཞ་ཉེ་ཕྲན་བུ་བསྲེས་པའི་འདྲེས་སྦྱོར་ལྕགས་རིགས་ཏེ། མཚན་ཉིད་ཕལ་ཆེར་གཤའ་དཀར་འདྲ་བ་དཀར་ཞིང་མཉེན་ལ་གཤའ་ལས་འཇུ་སླ་ཞིང་ཞ་ཉེ་ལས་སྲ་བ། ཤེལ་ཕྲེང་དུ། རྒྱ་ནག་ནས་འབྱུང་བས་ཁ་དོག་དང་རྒྱུ་གཤའ་དཀར་འདྲ་ལ། དེ་ལས་སྲ་ཞིང་མཁྲེགས་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།

ཟངས་རྡོ།

ཟངས་འབྱུང་བའི་གཏེར་རྡོ་འདྲ་མིན་མང་ཡང་འདི་ཟངས་རྡོ་སྨུག་པོ་སྟེ། དབྱིབས་དང་ཆེ་ཆུང་མ་ངེས་པ། ནག་སྨུག་ཞ་ཉེའི་རྡོ་འདྲ་བ། རྡོ་ལ་རི་མོ་སྨུག་ནག་དོད་པ། ལྕགས་འོད་འཕྲོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 辉铜矿 ཕྱི་ཡིག་གི་མིང་། Chlcocitum རིགས་དབྱེ། གཏེར་དངོས། ངོ་སྤྲོད།  ཟངས་འབྱུང་བའི་གཏེར་རྡོ་འདྲ་མིན་མང་ཡང་འདི་ཟངས་རྡོ་སྨུག་པོ་སྟེ། དབྱིབས་དང་ཆེ་ཆུང་མ་ངེས་པ། ནག་སྨུག་ཞ་ཉེའི་རྡོ་འདྲ་བ། རྡོ་ལ་རི་མོ་སྨུག་ནག་དོད་པ།

རིགས་དབྱེ།   ས་ཁམས།གཏེར་ཁ།