དུང་འདྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུང་འདྲ།
འདི་གདོད་མའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་ཀྱི་མཚོ་གནས་དུང་དཀར་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་བྲག་རྡོ་སྤྱིར་བཏང་པ་དང་འདྲ་བ་ལ། དབྱིབས་དུང་དཀར་འདྲ་བ་འཁྱིལ་རིམ་སོགས་གསལ་པོ་ཡོད་པ། འགའ་ཞིག་བྱེའུ་མགོའི་རྒྱུ་འདྲ་བ། ནང་ཁོག་སྟོང་ཡོད་པའང་འབྱུང་ཞིང་ཁ་དོག་སྔོ་སྐྱ་སྲ་ཞིང་མཁྲེགས་ལ་ལྕི་བ། རྡོ་ལ་རི་མོ་བྲིས་ན་སྐྱ་དཀར་དོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海螺石
ཕྱི་ཡིག་གི་མིང་།
Sinospirifer
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད། 

འདི་གདོད་མའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་ཀྱི་མཚོ་གནས་དུང་དཀར་རིགས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྟེ། རྡོ་རྒྱུ་ཕལ་ཆེར་བྲག་རྡོ་སྤྱིར་བཏང་པ་དང་འདྲ་བ་ལ། དབྱིབས་དུང་དཀར་འདྲ་བ་འཁྱིལ་རིམ་སོགས་གསལ་པོ་ཡོད་པ། འགའ་ཞིག་བྱེའུ་མགོའི་རྒྱུ་འདྲ་བ། ནང་ཁོག་སྟོང་ཡོད་པའང་འབྱུང་ཞིང་ཁ་དོག་སྔོ་སྐྱ་སྲ་ཞིང་མཁྲེགས་ལ་ལྕི་བ། རྡོ་ལ་རི་མོ་བྲིས་ན་སྐྱ་དཀར་དོད་པ། སྲ་ཚད4~4.8°དང་། བསྡུར་ལྗིད་ཁེ3.4ཙམ་ཡོད་པ། འདི་རྡོ་དུང་འདྲ་དང་། འབུ་སྐྱོགས་དུང་འདྲ་གཉིས་རྒྱུ་ཡི་ཁྱད་པར་ཡོད་པས་སྐབས་ཐོབ་ཤེས་པར་བྱ་བ་དང་། དོང་གྲ་ཞེས་པ་སྨན་སྒའི་མིང་སྟེ། སྒྲ་ཅུང་ཟད་འདྲ་བས་ཕན་ཚུན་མ་ནོར་བ་གཅེས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།