དཀར་པོ་སྦལ་རྒྱབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀར་པོ་སྦལ་རྒྱབ།
འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན་ཞིང་། མང་ཆེ་བ་ཅོང་ཞི་ཡོད་པའི་རྫ་དང་བྲག་ལས་འབྱུང་། དབྱིབས་ཕལ་ཆེར་ལེབ་མོ་ཡིན་པ་ལ་རྔམ་མཐུག་པ། ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ། འགའ་ཞིག་ལ་སེར་ཉམས་ཅུང་ཟད་ཡོད་པ། སྟེང་འོག་གམ་མདུན་རྒྱབ་གཉིས་རྡོ་རྒྱུ་དང་མཚན་ཉིད་ཅུང་མི་འདྲ་བ། བཅད་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། ངོ་བོ་ཅོང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瘤状硅镁石
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད། 

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན་ཞིང་། མང་ཆེ་བ་ཅོང་ཞི་ཡོད་པའི་རྫ་དང་བྲག་ལས་འབྱུང་། དབྱིབས་ཕལ་ཆེར་ལེབ་མོ་ཡིན་པ་ལ་རྔམ་མཐུག་པ། ཆེ་ཆུང་ངེས་མེད། ཁ་དོག་དཀར་པོ། འགའ་ཞིག་ལ་སེར་ཉམས་ཅུང་ཟད་ཡོད་པ། སྟེང་འོག་གམ་མདུན་རྒྱབ་གཉིས་རྡོ་རྒྱུ་དང་མཚན་ཉིད་ཅུང་མི་འདྲ་བ། བཅད་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། ངོ་བོ་ཅོང་ཞིའི་རིགས་འདྲ་བ་ལ་དེ་ལས་ཅུང་ཟད་མཁྲེགས་པ། གྲུབ་ཆ་གཙོ་བོ་ནིCaCo3དངMgསོགས་ཡིན་ཞིང་སྲ་ཚད4.5~5.5°དང་བསྡུར་ལྗིད་ཁེ3.8~4.1ཙམ་ཡོད་པ། རྡོ་ལ་རི་མོ་བྲིས་ན་དཀར་པོ་ཅུང་ཟད་དོད་པ། ཕྱེ་མར་བཏུལ་ན་དཀར་པོར་འགྲོ་བ། འདི་ལ་ཤེལ་ཕྲེང་དུ། དཀར་པོ་སྦལ་རྒྱབ་ནི། རྡོ་དཀར་པོ་རྔམ་མཐུག་པ་ཙམ་ལས་དབྱིབས་སྔ་མ(སྨུག་པོ་སྦལ་རྒྱབ)ཇི་ལྟ་བའོ།། ཞེས་གསུངས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།