ཚོར་སྐྱེན་རང་བཞིན་གྱི་སྐྱི་པགས་ནི་གསོ་བ་རིག་པའི་ངོས་ནས་བཤད་ན། དེ་ནི་གཙོ་བོ་སྐྱི་པགས་ལ་ཟུག་གཟེར་བསྐྱེད་པའི་རྐྱེན་གྱིས་ཡིན་ལ། དཔེར་ན། ངོ་སྣུམ་དང་རྫས་འགྱུར་སྨན་རྫས། མེ་ཏོག་གི་རྡུལ། ཟས་རིགས་ཁ་ཤས། མཁའ་དབུགས་མི་གཙང་བ་ལ་སོགས་པ་ལྟ་བུ། དེ་དག་གིས་སྐྱི་པགས་དམར་པོར་འགྱུར་བ་དང་ཟ་འཕྲུག་ལངས་པ། ཤུན་ལྤགས་གོག་པ། ཚོར་སྐྱེན་རང་བཞིན་གྱི་སྐྱི་པགས་ཀྱི་གཉན་ཚད་སོགས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་མི་ཉུང་བ་ཞིག་འབྱུང་བ་ཡིན་ལ། སྐྱི་པགས་དེའི་རིགས་ལ་ནི་རྒྱུན་པར་གཟབ་གཟབ་བྱ་དགོས་པ་ཡིན།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ནད་དུག་རང་བཞིན་གྱི་དབུགས་ལམ་རེད་པ་ནི་བྱིས་པའི་དུས་སྐབས་ཀྱི་རྒྱུན་མཐོང་ནད་རིགས་ཤིག་ཡིན་ལ། དུས་ཚིགས་བཞི་བོར་འབྱུང་བའི་ནད་ཅིག་ཡིན་པར་མ་ཟད། མི་རེ་རེར་ལོ་རེའི་ནང་དུ་ཐེངས་དུ་མར་འབྱུང་སྲིད་པ་དང་། གཙོ་བོ་སྣ་དང་མིད་པ། ལྐོག་རྨེན། ཨོག་སྐོར་སོགས་ལ་གནོད་སྐྱོན་ཐེབས་ནས་རང་རང་སོ་སོའི་གཉན་ཚད་བསྐྱེད་པ་དེ་རེད། རྒྱ་ཡིག་གི་མིང་། 呼吸道感染 ནད་རྟགས། ནད་དུག་རང་བཞིན་གྱི་དབུགས་ལམ་རེད་པ་ལ་རྒྱུན་མཐོང་གི་ནད་རྟགས་རིགས་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་སྤྱིར་བཏང་གི་ཆམ་པའི་རིགས་ཀྱི་དབུགས་ལམ་རེད་པ་ཡིན་པ་དང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ནུ་ཏོག་སྐྲན་གྱི་ནད་དུག་ནིpapilloma virusཡི་མིང་ལས་བྱུང་བ་ཡིན་ལ། ནུ་ཏོག་སྐྲན་གྱི་ནད་དུག་དང་སྐྲན་མང་ནད་དུག སྤྲ་རིགས་ཀྱི་ཝུ་བའི་དབྱིབས་ཀྱི་ནད་དུག་གསུམ་ནི་ནད་དུག་གང་དེའི་ཁོངས་སུ་གཏོགས་པ་དང་། ཕལ་ཆེ་བ་ནི་སྐྲན་ནད་བསྐྱེད་པའིDNAཡི་ནད་དུག་ཡིན། རྒྱལ་སྤྱིའི་ནད་དུག་རིགས་དབྱེ་ཨུ་ཡོན་ལྷན་ཁང(ICTV,virustaxonomy-1999) གིས་ཆོག་མཆན་བཀོད་པ་ལྟར། ནུ་ཁུང་མང་བའི་ནད་དུག་ཚན་ཁག་མེད་པར་བཟོས་པ་དང་མཉམ་དུ་ནུ་ཏོག་སྐྲན་གྱི་ནད་དུག་ཚན་ཁག་དང་སྐྲན་མང་ནད་དུག་ཚན་ཁག་གཉིས་གསར་འཛུགས་བྱས། རྒྱ་ཡིག་གི་མིང་། 乳头瘤病毒 ཕྱི་ཡིག་གི་མིང་། papilloma virus སྨན་བཅོས་ཚན་ཁག པགས་ནད་ཚན་ཁག འགོ་ཁྱབ་རང་བཞིན། མེད། ཁྱད་ཆོས། ནུ་ཏོག་སྐྲན་གྱི་ནད་དུག་གིས་ནི་མི་དང་ནོར།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
མཚན་ཕྱིའི་གཉན་ཚད་ནི་ནད་ཀྱི་འབྱུང་རྩ་དང་ཟུག་གཟེར་བསྐྱེད་བྱའི་རྒྱུ་སྣ་ཚོགས་ཀྱིས་བསྐྱེད་པའི་མཚན་ཕྱིར་གཉན་ཚད་རྒྱས་པའི་ནད་ཀྱི་རིགས་ཤིག་ཡིན་ལ། མང་ཆེ་བར་སྐྱེ་ལམ་གཉན་ཚད་དང་གཅིན་ཟགས་སྡེ་ཁོངས་ཀྱི་ནད། བཤང་སྒོའི་གཞང་དཀར་ནག་གི་ནད་དམ་ཕུང་བོ་ཧྲིལ་བོའི་འདུས་ནད། ཡང་ན་མཚན་ཕྱིའི་ནད་ཀྱི་འཕོ་འགྱུར་གྱི་གོ་རིམ་ལས་མངོན་པའི་ནད་གཞིའི་གྲས་ཀྱི་གཅིག་ཡིན། མཚན་ཕྱིའི་གཉན་ཚད་ཀྱི་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ནི་མཚན་ཕྱིའི་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་ན་ཟུག་བསྐྱེད་པ། ཚ་རྒྱས་པ་སོགས་ཀྱི་ཚོར་བ་འབྱུང་བར་མ་ཟད། སྐྲངས་པ་དང་འབྲུམ་བུ་དམར་པོ་འབུད་པ།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ཁྱིའི་ནད་དུག་ཕྲ་རབ་ནི་ཁྱི་གུར་ཁྱིའི་ནད་དུག་ཕྲ་རབ་བྱུང་བ་ལས་བསྐྱེད་པའི་དྲག་ནད་རང་བཞིན་གྱི་འགོ་ནད་རིགས་ཤིག་ཡིན་ལ། ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ཁྲོད་ཁྱད་ཆོས་གཙོ་ཆེ་བ་གཉིས་ཡོད། དེ་ནི་ཁྲག་འཛག་རང་བཞིན་གྱི་རྒྱུ་མའི་གཉན་ཚད་ནི་བསྐྱུག་པ་གཙོ་བོར་བྱས་ཤིང་། ཁྲག་འཛག་རང་བཞིན་གྱི་རྒྱུ་མའི་གཉན་ཚད། ཁྲག་རིལ་དཀར་པོ་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་སོགས་དེའི་ཁྱད་ཆོས་གཙོ་བོ་ཡིན། ཡང་སྙིང་ཤའི་གཉན་ཚད་ཀྱི་ཁྱད་ཆོས་གཙོ་བོ་ནི་གློ་བུར་དུ་འཆི་བ་དེ་ཡིན། དེ་ཡང་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་རིགས་གང་དུ་གཏོགས་ཀྱང་། མང་ཆེ་བ་ནད་བྱུང་ཚད་དང་འཆི་བའི་ཚད་ཤིན་ཏུ་མཐོ་བར་མ་ཟད།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
བ་སྤུའི་བུ་གའི་གཉན་ཚད་ནི་བ་སྤུའི་བུ་ག་རེད་པ་ཡིས་གཉན་ཚད་རྒྱས་པས་བསྐྱེད་པ་ཡིན་ལ། བ་སྤུའི་བུ་གའི་གཉན་ཚད་ཀྱི་ཐོག་མའི་དུས་སུ་ཐོར་བ་དམར་པོ་འབུད་པ་དང་རིམ་བཞིན་ཐོར་བའི་ངོ་བོ་རྣག་འབྲུམ་དུ་འགྱུར་བ་ཡིན། ཡང་མི་དར་མ་ལ་ནི་བ་སྤུ་མང་བའི་སར་ཐོར་བ་འབུད་པ་དང་། བྱིས་པ་ལ་ནི་མགོ་རུ་འབུད་པ་མང་། གཞན་པགས་འབྲུམ་ནི་སྐབས་ལ་ལར་ཕན་ཚུན་མཉམ་འདྲེས་ཀྱིས་སོས་པའི་རྗེས་སུ་མགོ་རུ་ཤ་བཀྲ་འབུད་པའམ་སྐྲ་མེད་སྤྱི་ཐེར་དུ་འགྱུར་བའང་སྲིད། རྒྱ་ཡིག་གི་མིང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ཁྱིམ་བྱའི་ཁྲག་ནད་ནི་ནད་དུག་གིས་བསྐྱེད་པའི་དྲག་ནད་རང་བཞིན་གྱི་འགོ་ནད་རིགས་ཤིག་ཡིན་ལ། མིང་གཞན་ལ་ཁྱིམ་བྱའི་རིམས་ནད་དམ་ཡ་གླིང་ཁྱིམ་བྱའི་རིམས་ནད་ཟེར། ནད་འདི་ནི་དུས་ཚིགས་བཞི་བོར་འབྱུང་བ་ཞིག་ཡིན་པ་དང་། གྲང་འཁྱག་དང་ནམ་ཟླའི་འགྱུར་བག་རྒོད་པའི་དུས་ཚིགས་སུ་དེ་བས་ཀྱང་འབྱུང་སླ་བ་ཞིག་ཡིན། དེ་ཡང་ཉིན་20དང60ཡི་ནང་གི་བྱ་དེ་ལ་འབྱུང་བར་སླ་བ་ཞིག་ཡིན་ཞིང་། འཆི་བའི་ཚད་ཀྱང་ཤིན་ཏུ་མཐོ་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་དབུགས་འབྱིན་རྔུབ་དཀའ་བ་དང་དབང་རྩའི་མ་ལག་ཁ་འཐོར་དུ་འགྲོ་བ།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ཁ་ཚ་རྨིག་ཚའི་ནད་དུག་ནིRNAཡི་ནད་དུག་ཚན་ཁག་ཏུ་གཏོགས་པ་དང་། ཁ་ཚ་རྨིག་ཚ་ནི་ཁ་ཚ་རྨིག་ཚའི་ནད་དུག་གིས་བསྐྱེད་པའི་རྨིག་པ་ཁ་དབྲག་གི་སྲོག་ཆགས་སྤྱི་ལ་འབྱུང་བའི་དྲག་ནད་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། བ་གླང་དང་མ་ཧེ། ཕག རྔ་མོང་། ལུག ཤྭ་བ་སོགས་ལ་འབྱུང་སླ་བར་མ་ཟད། ར་མ་དང་གླ་བ། ཕག་རྒོད། འབྲོང་རྒོད་སོགས་རི་སྐྱེས་སྲོག་ཆགས་ལ་ཡང་འབྱུང་སླ་བར་ཟད། ཡང་ཁ་ཚ་རྨིག་ཚ་ནི་ནོར་ལ་འབྱུང་སླ་བ་ལས་ལུག་ལ་ནི་འབྱུང་སླ་བོ་མེད། དེ་ནི་གཙོ་བོ་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
མཆིན་ཚད་ཁ་པའི་ནད་དུག་ནི་འགོ་ནད་རང་བཞིན་གྱི་ནད་རིགས་ཤིག་ཡིན་པ་ལས། རྒྱུད་འཛིན་གྱི་ནད་ཅིག་མ་ཡིན་ལ། དེའི་སྐོར་གྱི་རིམས་འགོག་སྨན་ཁབ་ནི་སྔ་མོ་ཞིག་ནས་ཡོད་པས། ནད་འདིའི་རིགས་ལ་སྐྲག་སྣང་སྐྱེ་མི་དགོས་ཏེ། དུས་ལྟར་མཆིན་ཚད་ཁ་པའི་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་ཚེ། ནད་དེ་འབྱུང་བར་སྔོན་འགོག་ལེགས་པོ་བྱ་ཐུབ། མཆིན་ནད་ཅན་གྱི་མི་ལ་མཚོན་ན། གཉེན་བསྒྲིག་པ་དང་སློབ་གྲྭར་འགྲོ་བ། ལས་གནས་སྟེང་ཞུགས་པ། ཕྱི་རྒྱལ་དུ་སློབ་གཉེར་ལ་འགྲོ་བ་སོགས་ཀྱི་སྐབས་སུ། གཞན་གྱིས་དམའ་འབེབ་བྱ་སྲིད་ཅིང་། ཚེ་སྲོག་ལ་ཡང་གསོན་ཤུགས་ཡལ་ནས་ཡིད་ཆད་ཀྱི་ངང་ན་གནས།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
མཚན་ཕྱིའི་རློན་འབྲུམ་ནི་ནད་ཀྱི་འབྱུང་རྐྱེན་སྣ་ཚོགས་པས་བསྐྱེད་པའི་སྐྱི་པགས་ཀྱི་ནད་གཞིའི་རིགས་ཤིག་ཡིན་ལ། དེའི་ཁྱད་ཆོས་གཙོ་བོ་ནི་གཤེར་ཁུ་འཛག་པ་དང་སྦྲགས་ཟ་འཕྲུག་ལངས་པ་དེ་ཡིན་པ་དང་། ཚོར་བ་སྐྱེན་པར་འགྱུར་བ་ནི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཡང་མཚན་ཕྱིའི་རློན་འབྲུམ་ནི་མཚན་ཕྱི་དང་དེའི་མཐའ་འཁོར་གྱི་སྐྱི་པགས་ལ་ཁྱབ་པ་ཡིན་ཞིང་། དེའི་ནད་རྟགས་ནི་ཟ་འཕྲུག་དྲག་པོ་ལངས་པ་དེ་ཡིན། གཞན་མཚན་ཕྱིའི་རློན་འབྲུམ་དང་གཤིབ་འགྲོགས་རང་བཞིན་གྱི་སྐྱི་པགས་ཀྱི་གཉན་ཚད་དང་དབང་རྩ་རང་བཞིན་གྱི་སྐྱི་པགས་ཀྱི་གཉན་ཚད་བཅས་ལ་གསལ་འབྱེད་ཡང་དག་བྱ་དགོས། དེ་ཡང་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ལྟར་ནད་ངོས་གཟུང་ཆོག་པ་དང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
རྒྱུངས་སྐྱའི་གཉན་ཚད་ནི་དྲག་ནད་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། ནད་དུག་ཁྲག་གི་འཁོར་རྒྱུག་མ་ལག་ཏུ་ཞུགས་པས་བསྐྱེད་པ་ཞིག་ཡིན་པ་དང་། ནད་དུག་ལ་ལ་དབང་རྩའི་མ་ལག་ཏུ་ཞུགས་པའང་སྲིད། དེ་ཡང་ནད་པ་མང་ཆེ་བ་ནི་ལོ་གཅིག་ནས་དྲུག་བར་གྱི་བྱིས་པ་ཡིན་ཞིང་། ནད་རྟགས་གཙོ་བོ་ནི་ཚ་རྒྱས་པ་དང་ཕུང་བོ་ཧྲིལ་བོ་མི་བདེ་བ་ཡིན། ཅུང་ཚབས་ཆེ་བའི་སྐབས་སུ་རྐང་ལག་ན་བ་ནས་ཞ་བོར་འགྱུར་བ་སོགས་བྱ་བས་མིང་ལ་ཡང་བྱིས་པའི་སྦྲིད་ནད་དུ་ཐོགས། རྒྱུངས་སྐྱའི་གཉན་ཚད་ནི་དྲག་ནད་རང་བཞིན་གྱི་འགོ་ནད་ཅིག་ཡིན་པ་དང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
དར་ཁྱབ་རང་བཞིན་གྱི་འགྲམ་རྨེན་གཉན་ཚད་ནད་དུག་ལ་འགྲམ་རྨེན་གཉན་ཚད་ནད་དུག་ཟེར། དེས་ནི་འགྲམ་རྨེན་དང་ལྕེ་འོག་གཤེར་རྨེན། རྐན་ངོས་གཤེར་རྨེན་སྐྲངས་པ། མགོ་ན་བ། ཚ་རྒྱས་པ་སོགས་འདུས་ནད་རིགས་མང་བོ་ཞིག་བསྐྱེད་སྲིད་ལ། སྐྱེས་པ་ལ་རླིག་རིལ་སྐྲངས་པ་ཡང་ཡོད། རྒྱ་ཡིག་གི་མིང་། 腮腺炎病毒 ཕྱི་ཡིག་གི་མིང་། mumps virus ངོ་སྤྲོད། གཤེར་རྨེན་གཉན་ཚད་ནི་དར་ཁྱབ་རང་བཞིན་གྱི་འགྲམ་རྨེན་གཉན་ཚད་ཀྱི་ནད་གཞིའི་འབྱུང་རྐྱེན་ཡིན་ལ། འབྱར་བག་ཅན་གྱི་ནད་དུག་ཚན་ཁག་ཏུ་གཏོགས་པ་དང་། ནད་དུག་དེའི་དབྱིབས་ནི་ཟླུམ་གཟུགས་ཡིན། ཡང་འགྲམ་རྨེན་གཉན་ཚད་ནད་དུག་ལ་དྭངས་ཁྲག་གཅིག་ལས་ཡོད་པ་མ་ཡིན་ལ།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
མཚང་ཁོག་ཆུ་གསོག་ནི་མཚང་ཁོག་གཉན་ཚད་དང་བུ་སྣོད་ནང་སྐྱིའི་གཉན་ཚད་སོགས་ཀྱི་རྗེས་སུ་འབྱུང་བ་ཞིག་ཡིན་ལ། ནད་ཀྱི་འབྱུང་རྩའི་རྒྱུ་ལྟར་ན་ལུས་ཁམས་རང་བཞིན་གྱི་མཚང་ཁོག་ཆུ་གསོག་དང་ནད་གཞི་རང་བཞིན་གྱི་མཚང་ཁོག་ཆུ་གསོག་གཉིས་ཡོད། དེ་ཡང་ནད་གཞི་རང་བཞིན་གྱི་མཚང་ཁོག་ཆུ་གསོག་གི་གནོད་སྐྱོན་གྱི་ཚད་ཅུང་མཐོ་བ་དང་། གལ་ཏེ་སྐྱེས་མར་རྒྱུན་ལྡན་མ་ཡིན་པའི་མཚང་ཁོག་ཆུ་གསོག་ཡོད་པ་ཤེས་གྱུར་ན། མྱུར་མོར་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་དང་སྨན་བཅོས་ལེགས་པོ་བྱ་དགོས།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ཏེང་ཀོ་ཚ་བའི་ནད་དུག་གིས་ནི་དྲག་ནད་རང་བཞིན་གྱི་ཏེང་ཀོ་ཚ་བའི་འགོ་ནད་བསྐྱེད་པ་ཡིན་ལ། དེ་ནི་ཉིན་དཀར་དུག་སྦྲང་གིས་མི་ལ་བསྣུན་པ་ལས་འགོ་ཁྱབ་བྱུང་བ་ཞིག་ཡིན། དེས་ནི་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་མི་ཉུང་བ་ཞིག་བསྐྱེད་པར་སྲིད་ལ། དེ་དག་ནི་སྲོག་གི་ཉེན་ཁར་ཐུག་པའི་ཁྲག་ཤོར་རང་བཞིན་གྱི་དྲན་མེད་དུ་བརྒྱལ་བའི་ནད་དང་མཆིན་པ་ཞན་འགྱུར། ཀླད་ནད་ཀྱི་དྲག་ནད་རང་བཞིན་གྱི་མཆིན་པའི་གཉན་ཚད་སོགས་ཡིན། ཏེང་ཀོ་ཚ་བའི་ནད་དུག་ཕོག་པའི་ནད་པ་ཡང་མོའི་སྐོར་ནི་གློ་བུར་དུ་ཚ་རྒྱས་པ་དང་ཤ་གནད་ལ་ཟུག་གཟེར་དྲག་པོ་ལངས་པ། རུས་ཚིགས་ན་བ་སོགས་ཡིན། ཡང་ནད་པ་ལྕི་མོའི་སྐོར་ནི་ཁྲག་འཛག་པ་དང་དྲན་མེད་དུ་བརྒྱལ་འགྲོ་བ་ཡིན།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ནད་དུག་ནི་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་འདུས་རྡུལ་གཅིག་དང་སྤྲི་དཀར་བཅུད་ཀྱིས་གྲུབ་པའམ། སྤྲི་དཀར་གྱི་བཅུད་ཁོ་ནས་གྲུབ་པར་ཟད། ནད་དུག་བྱེ་བྲག་པ་ནི་རབ་ཏུ་ཆུང་ལ། གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན། ནད་དུག་ལ་ཕྲ་ཕུང་གི་གྲུབ་ཚུལ་མེད་པ་དང་། དེ་ནི་རྙིང་ཚབ་གསར་བརྗེ་ལ་ངེས་པར་མཁོ་བའི་གཞི་རྩའི་མ་ལག་གྲུབ་མེད་པས། ནད་དུག་རང་སྟེང་ནས་འདྲ་བཤུས་བརྒྱབ་མི་ཐུབ་མོད། འོན་ཀྱང་ནད་དུག་དེ་ཕྲ་ཕུང་རྟེན་གནས་དང་འཕྲད་པའི་ཚེ་ན། སྤྲི་དཀར་བཅུད་ཀྱི་ཕྱི་ཤུན་གོག་འགྲོ་བ་རེད་ལ། ནད་དུག་གི་སྤྲི་དཀར་བཅུད་དེ་རྟེན་གནས་ཕྲ་ཕུང་གི་ནང་དུ་ཞུགས་པ་ན།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ཁྲག་འཛག་གམ་དར་ཁྱབ་རང་བཞིན་གྱི་ཁྲག་འཛག་ལ་མཁལ་མའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲག་འཛག་ཀྱང་ཟེར། དེ་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་འགོ་ནད་རིགས་ཤིག་ཡིན་ལ། དར་ཁྱབ་རང་བཞིན་གྱི་ཁྲག་འཛག་ནད་དུག་གིས་བསྐྱེད་པ་དང་། བྱི་བའི་རིགས་ལ་འགོ་སླ་བའི་རང་བྱུང་གི་རིམས་ནད་ཅིག་ཡིན། དེ་ལ་ཚ་རྒྱས་པ་དང་ཁྲག་འཛག་པ། ཁྲག་རྒྱས་པ། ཁྲག་དམའ་བ། མཁལ་མ་སྐྱོན་ཅན་དུ་འགྱུར་བ་སོགས་ནི་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་གཙོ་བོར་ངེས། རྒྱ་ཡིག་གི་མིང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ལྒང་བའི་གཉན་ཚད་ནི་ལྒང་བར་འབྱུང་བའི་གཉན་ཚད་རིགས་ཤིག་ཡིན་པ་དང་། གཙོ་བོ་འབུ་ཕྲས་རེད་པ་ཡིས་བསྐྱེད་པ་ཡིན་ལ། ནད་ཐོག་སྨན་བཅོས་ཀྱི་ཁྲོད་དུ་དྲག་ནད་རང་བཞིན་དང་རྒྱུན་རིང་རང་བཞིན་གྱི་མངོན་སྟངས་རིགས་གཉིས་ཡོད་དེ། དྲག་ནད་རང་བཞིན་གྱི་ལྒང་བའི་གཉན་ཚད་ནི་ནད་བྱུང་བ་གློ་བུར་བ་ཡིན་པ་དང་། གཅིན་གཏོང་བའི་སྐབས་སུ་ན་ཟུག་དྲག་པོ་ལངས་ཤིང་། སྐབས་ལ་ལར་གཅིན་གཏོང་གྲངས་མང་བ་དང་གཅིན་འཆོར་ལ་ཁད་བྱ་བའི་སྣང་ཚུལ་ཡང་ཡོད། ཡང་རྒྱུན་རིང་རང་བཞིན་གྱི་ལྒང་བའི་གཉན་ཚད་ཀྱི་ནད་རྟགས་ནི་དྲག་ནད་རང་བཞིན་གྱི་ལྒང་བའི་གཉན་ཚད་ཀྱི་ནད་རྟགས་དང་མཚུངས་མོད།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
མཆིན་པའི་གཉན་ཚད་ནད་དུག་ནི་ནད་དུག་རང་བཞིན་གྱི་མཆིན་པའི་གཉན་ཚད་འབྱུང་བའི་ནད་ཀྱི་གཞི་རྩ་ལ་ཟེར་ཞིང་། མིའི་རིགས་ཀྱི་མཆིན་པའི་གཉན་ཚད་ནད་དུག་ལ་རིགས་མང་དུ་འདུ་ལ། དབྱིབས་ཀྱི་ཆ་ནས་ཀྱང་ཟླུམ་གཟུགས་ཡིན་མིན་ཅི་རིགས་མཆིས། མིག་སྔར་མཆིན་པའི་གཉན་ཚད་ནད་དུག་ལ་ནི་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན། རྒྱ་ཡིག་གི་མིང་། 肝炎病毒 ངོ་སྤྲོད།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
ནགས་ཀླུང་ཀླད་པའི་གཉན་ཚད་ཀྱི་ནད་དུག་ནི་འདྲེ་ཤིག་རིགས་བརྒྱུད་ནས་འགོ་བ་ཞིག་ཡིན་ལ། དཔྱིད་ཀ་དང་དབྱར་ཁའི་དུས་སུ། ཨུ་རུ་སུ་དང་རང་རྒྱལ་གྱི་བྱང་ཤར་ས་ཆའི་ནགས་ཚལ་ས་ཁུལ་དུ་དར་ཁྱབ་ཆེ་བའི་ནད་ཀྱི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 森林脑炎病毒 ཕྱི་ཡིག་གི་མིང་། Russian spring-summer encephalitis virus ངོ་སྤྲོད། ནགས་ཀླུང་ཀླད་པའི་གཉན་ཚད་ཀྱི་ནད་དུག་གིས་གཙོ་བོ་དབང་རྩའི་མ་ལག་ལ་གནོད་པ་བཟོ་བ་དང་། ནད་ཐོག་སྨན་བཅོས་ཁྲོད་ཀྱི་ཁྱད་ཆོས་ནི་ཚ་རྒྱས་པ་དང་དབང་རྩའི་ནད་རྟགས་གཉིས་ཡིན་ལ།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
འདིར་སྔོ་ཚོད་ཀྱི་གནོད་འབུ་ཤ་ཁྲིའི་ནད་ཀྱི་ནད་རྟགས་དང་འགོག་བཅོས་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་ཕྲན་བུ་བྱས་ཡོད། རྒྱ་ཡིག་གི་མིང་། 白斑病 རིགས་དབྱེ། གནོད་འབུ། ནད་རྟགས། ལོ་མར་གནོད་པ་ཐེབས་ཤིང་ནད་བྱུང་མགོར་མདོག་དཀར་སྐྱའི་ཟླུམ་དབྱིབས་ནད་ཁྲ་འབྱུང་བ་དང་རྗེས་སུ་ཐལ་སྐྱའི་མདོག་ནས་དཀར་པོར་འགྱུར། ཁྲ་ཐིག་ནད་ཀྱི་ཚངས་ཐིག་ལ6mm-10mmཡོད། སྐབས་འགར་ཁྲ་ཐིག་ཐོག་ན་ཟླུམ་རིས1-2ཡོད་ལ། བརླན་གཤེར་ཆེ་བའི་སྐབས་སུ་ལོ་མའི་རྒྱབ་ཀྱི་ནད་ཁྲའི་སྟེང་ལ་རླམ་རིམ་དཀར་སྐྱ་ཆགས། འགོག་བཅོས་བྱེད་ཐབས། ①ནད་འགོག་ཐུབ་པའི་ས་བོན་འདེམ་དགོས། ②འདེབས་གསོ་དོ་དམ་ལ་ཤུགས་སྣོན་པ་སྟེ་ལོ་རེར་སོག་ཤུལ་གསོར་འདེབས་བྱེད་པ་དང་ས་བོན་གཏོར་འདེབས་བྱས་ནས་འགོ་ནད་མི་འབྱུང་བར་བྱེད་དགོས།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
གནོད་འབུ་འདིས་ཐོག་མར་ལོ་མ་འོག་མར་ནད་འགོ་བ་དང་ཁྲ་ཐིག་ནད་ལ་ལོ་མའི་རྩ་རིས་ཀྱིས་འགོག་རྐྱེན་ཐེབས་པས་ཟུར་མང་ཅན་དུ་འགྱུར་ཞིང་མདོག་ལྗང་སེར་དང་ཁམ་སེར་དུ་འགྱུར་ལ། ལོ་མའི་རྒྱབ་ཏུ་རླམ་སྤུ་དཀར་པོ་ཆགས། ཚབས་ཆེ་བའི་སྐབས་སུ་ནད་འགོས་པའི་ལོ་མ་སྐམ་པའམ་རུལ་འགྲོ་བ་རེད། རྒྱ་ཡིག་གི་མིང་། 霜霉病 རིགས་དབྱེ། གནོད་འབུ། ནད་རྟགས། ཐོག་མར་ལོ་མ་འོག་མར་ནད་འགོ་བ་དང་ཁྲ་ཐིག་ནད་ལ་ལོ་མའི་རྩ་རིས་ཀྱིས་འགོག་རྐྱེན་ཐེབས་པས་ཟུར་མང་ཅན་དུ་འགྱུར་ཞིང་མདོག་ལྗང་སེར་དང་ཁམ་སེར་དུ་འགྱུར་ལ། ལོ་མའི་རྒྱབ་ཏུ་རླམ་སྤུ་དཀར་པོ་ཆགས།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
རེག་དུག་ནི་དུང་འཁྱིལ་གཟུགས་ཀྱིས་བསྐྱེད་པའི་རྒྱུན་རིང་རང་བཞིན་དང་མ་ལག་རང་བཞིན་གྱི་སྦྱར་ནད་ཅིག་ཡིན་ལ། དེ་ནི་གཙོ་བོ་ཕོ་མོའི་ལུས་འབྲེལ་ལས་འགོ་ཁྱབ་འབྱུང་བའི་ནད་ཀྱི་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 梅毒 ཕྱི་ཡིག་གི་མིང་། syphilis སྨན་བཅོས་ཚན་ཁག པགས་ནད་ཚན་ཁག འགོ་ཁྱབ་རང་བཞིན། ཡོད། འགོ་ཁྱབ་བརྒྱུད་ལམ། ཕོ་མོའི་ལུས་འབྲེལ་དང་མ་བུའི་བར། ནད་རྟགས། ཐོག་མའི་སྐབས་ཕོ་མོའི་མཚན་མའི་མཐའ་འཁོར་དུ་ཤ་འབུར་སྨུག་ནག་ཕྲེང་རྡོག་ཅན་དོན་པ་དང་།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
ཨེ་ཙིའི་འགོ་ནད་ནི་གནོད་སྐྱོན་རང་བཞིན་ཧ་ཅང་ཆེ་བའི་འགོ་ནད་རིགས་ཤིག་ཡིན་ལ། ཨེ་ཙིའི་ནད་དུག་གིས་བསྐྱེད་པའི་ནད་ཅིག་ཡིན། དེ་ཡང་ཨེ་ཙིའི་ནད་དུག་ནི་མིའི་ལུས་སྟེང་གི་འགོ་ནད་ཐར་བའི་མ་ལག་ལ་གནོད་འཚེ་བཟོ་བའི་ནད་དུག་ཅིག་ཀྱང་ཡིན། དེས་ནི་མིའི་ལུས་སྟེང་གི་འགོ་ནད་ཐར་བའི་མ་ལག་ཁྲོད་ཀྱི་རྨེན་བུའི་ཕྲ་ཕུང་གཙོ་བོ་དེ་དམིགས་འབེན་དུ་བཟུང་བ་རེད་ལ། ཕྲ་ཕུང་གང་དེར་གནོད་པ་ཚབས་ཆེན་བཟོ་ངེས་པ་དང་། མིའི་ལུས་སྟེང་གི་འགོ་ནད་ཐར་བའི་ནུས་པ་ཉམས་པར་སྲིད། དེའི་རྐྱེན་གྱིས་མི་ལ་ནད་རིགས་སྣ་ཚོགས་འབྱུང་སླ་ལ། ཚབས་ཆེན་རང་བཞིན་གྱི་སྐྲན་ཡང་འབྱུང་སྲིད་དེ། འཆི་བའི་ཉེན་ཁ་ཧ་ཅང་ཆེ། གཞན་ཨེ་ཙིའི་ནད་དུག་མིའི་ལུས་སྟེང་དུ་གནས་པར་ནད་རྟགས་མི་མངོན་པའི་དུས་ཡུན་ནི་ལོ་བརྒྱད་ནས་དགུའི་བར་ཡིན་པ་དང་།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
པུའུ་ཧྲི་དབྱུག་སྲིན་ནད་ཀྱི་མིང་གཞན་ལ་རླབས་དབྱིབས་ཚ་ནད་ཅེས་བརྗོད། དེ་ནི་པུའུ་ཧྲི་དབྱུག་སྲིན་གྱིས་བསླངས་པའི་མི་ཕྱུགས་མཉམ་ཕོག་གི་ལུས་པོ་ཧྲིལ་བོར་ཁྱབ་པའི་འགོས་ནད་ཅིག་ཡིན། རྒྱ་ཡིག་གི་མིང་། 布氏杆菌病的临床特点和传播途径 རིགས་དབྱེ། འགོས་ནད། འགོ་ཁྱབ་བྱེད་པའི་བརྒྱུད་ལམ། པུའུ་ཧྲི་དབྱུག་སྲིན་ནད་ཀྱི་མིང་གཞན་ལ་རླབས་དབྱིབས་ཚ་ནད་ཅེས་བརྗོད། དེ་ནི་པུའུ་ཧྲི་དབྱུག་སྲིན་གྱིས་བསླངས་པའི་མི་ཕྱུགས་མཉམ་ཕོག་གི་ལུས་པོ་ཧྲིལ་བོར་ཁྱབ་པའི་འགོས་ནད་ཅིག་རེད། ནད་ཐོག་གི་ཁྱད་ཆོས་གཙོ་བོ་ནི་དུས་ཚོད་རིང་བོར་ཚ་བ་རྒྱག་པ་དང་རྔུལ་ནག་མང་པོ་ཐོན་པ།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
ཞིང་ལས་འབུ་སྲིན་དང་གནོད་འབུ་འགོག་བཅོས་ནི་འབུ་སྲིན་སྐྱེ་ཁམས་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པ་ཞིབ་འཇུག་གི་ཁ་ཕྱོགས་སུ་འཛིན་པའི་རིག་ཚན་ཞིག་ཡིན། རྒྱ་ཡིག་གི་མིང་། 农业昆虫与害虫防治 རིམ་པ་དང་པོའི་རིག་ཚན། 0904རྩི་ཤིང་སྲུང་སྐྱོང་། རིམ་པ་གཉིས་པའི་རིག་ཚན། 090402ཞིང་ལས་འབུ་སྲིན་དང་གནོད་འབུ་འགོག་བཅོས། ཞིབ་འཇུག་གི་ཁ་ཕྱོགས། འབུ་སྲིན་སྐྱེ་ཁམས་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པ།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
འཚོ་རྒྱུBནིBརིགས་འཚོ་རྒྱུ་ཡི་སྤྱི་མིང་ཡིན། དེ་དག་ནི་ཟས་རིགས་གཅིག་མཚུངས་ལས་བྱུང་བ་སྟེ། དཔེར་ན་སྐྱུར་རྩི་སོགས་ལྟ་བུ་ཡིན་ལ། ཆུར་ཞུ་རང་བཞིན་གྱི་འཚོ་རྒྱུ་ཡིན། རྒྱ་ཡིག་གི་མིང་། 维生素B ཕྱི་ཡིག་གི་མིང་། Vitamin B རྫས་དབྱིབས། སྨན་ལེབ། ངོ་སྤྲོད། འཚོ་རྒྱུBལ་གཙོ་བོ་འཚོ་རྒྱུB1(མུ་ཟི་ཨན་རྒྱུ་དང་རྐང་དྲི་འགོག་པའི་འཚོ་རྒྱུ)དང་། འཚོ་རྒྱུB2(ཉིང་སེར་རྒྱུ)འཚོ་རྒྱུB3(ཉི་ཁེ་སྐྱུར་རམ་དུད་སྐྱུར། རྔོ་འགོག་འཚོ་རྒྱུ) འཚོ་རྒྱུB6(པི་ཁྲུན་དང་པགས་ནད་འགོག་པའི་འཚོ་རྒྱུ) སྐྱུར་ཆེན་པོ(མང་སྐྱུར) སྐྱེ་དངོས་རྒྱུ།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
ལྒང་བའི་ཤ་སྐྲན་ནི་གཅིན་ཟགས་མ་ལག་ཁྲོད་ཀྱི་ཆེས་རྒྱུན་མཐོང་གི་ཤ་སྐྲན་རིགས་ཤིག་ཡིན་པ་དང་། ལྒང་བའི་འགྲམ་ངོས་དང་རྒྱབ་ངོས་སུ་མང་དུ་འབྱུང་བ་ཞིག་ཡིན། གཞན་ལྒང་བའི་ཤ་སྐྲན་ནི་མཁལ་ཕོར་དང་གཅིན་པའི་འདྲེན་སྦུག གཅིན་ལམ་བཅས་ཀྱི་ཤ་སྐྲན་དང་མཉམ་དུ་གནས་པ་ཡིན། ཕྱི་རྒྱལ་དུ་ལྒང་བའི་ཤ་སྐྲན་གྱི་ནད་འབྱུང་ཚད་ཀྱི་ཆ་ནས། སྐྱེས་པའི་གཅིན་ཟགས་སྐྱེ་འཕེལ་མ་ལག་གི་ཤ་སྐྲན་ཁྲོད་མདུན་ཆགས་རྨེན་བུའི་འབྲས་སྐྲན་ནི་དང་པོ་ཡིན་ལ། ལྒང་བའི་ཤ་སྐྲན་ནི་གཉིས་པ་ཡིན་མོད། རང་རྒྱལ་དུ་ལྒང་བའི་ཤ་སྐྲན་གྱིས་དང་པོ་ཟིན་ཡོད་ཅིང་། སྐྱེས་པར་ལྒང་བའི་ཤ་སྐྲན་བྱུང་བའི་ཚད་ནི་སྐྱེས་མ་ལས་ལྡབ་གསུམ་ནས་བཞི་ཡིས་མཐོ་ཞིང་། མང་ཆེ་བ་ནི་ལོ་ལྔ་བཅུ་ནས་བདུན་ཅུའི་བར་གྱི་ནད་པ་ཡིན། རྒྱ་ཡིག་གི་མིང་།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
ཁྲག་ཏིག་སྨུག་པོ་ནི་རྒྱ་ལུགས་གསོ་བ་རིག་པའི་ནད་ཀྱི་མིང་འདོགས་སྟངས་ཤིག་ཡིན་ལ། མིང་གཞན་ལ་སྨུག་ཐིག་ཟེར་ཞིང་། སྐྱི་པགས་ལས་ཁྲག་ཕྱི་ལ་ཟགས་པ་དང་རིམ་བཞིན་དམར་ཐིག་ལྷུང་བའི་ནད་ཀྱི་རིགས་ཤིག་ཡིན་ཞིང་། དེ་མནན་ཡང་མདོག་མི་ཡལ་བ་ནི་དེའི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་ཡིན་པ་དང་། དེ་ནི་བྱིས་པར་རྒྱུན་དུ་འབྱུང་བའི་ཁྲག་འཛག་རང་བཞིན་གྱི་ནད་གཞིའི་གྲས་ཀྱི་གཅིག་ཡིན། རྒྱུན་པར་སྣ་ཁྲག་བཞུར་བ་དང་སོ་བར་ནས་ཁྲག་བཞུར་བར་མ་ཟད། ཁྲག་བསྐྱུག་པ་དང་བཤང་གཅི་རུ་ཁྲག་འདྲེས་པ་སོགས་ཀྱི་གནས་ཚུལ་ཡོད། དེ་ཡང་ཚོར་སྐྱེན་རང་བཞིན་གྱི་ཁྲག་ཏིག་སྨུག་པོ་ནི་ལོ3-14ཡི་བར་གྱི་བྱིས་པར་འབྱུང་བ་དང་།
རིགས་དབྱེ། རང་བྱུང་ཁམས།• སྐྱེ་དངོས་ཕྲ་རབ།
དར་ཁྱབ་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་བསྡུས་མིང་ལ་ཀླད་གཉན་ཁ་པའི་ནད་དུག་ཟེར་ལ། དེ་ནི་དར་ཁྱབ་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པ་དང་། དབྱིབས་ནི་ཟླུམ་གཟུགས་ཡིན་ཞིང་། དྲོད་ཚད་དམའ་བའི་ཆ་རྐྱེན་འོག་དུས་ཡུན་ཅུང་རིང་བོར་གནས་ཐུབ་པར་མ་ཟད། སྲོག་ཆགས་དང་བྱ་ཕོའི་སྦྲུམ་རྟེན། ཕྲ་ཕུང་གསོ་སྐྱོང་གི་གྲུབ་ཚུལ་ཁྲོད་མང་དུ་འཕེལ་སྲིད། ཕག་ཕྲུག་ནི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་འགོ་ཁྱབ་གྱི་ཁུངས་དང་རྟེན་གཞི་ཡིན་ལ།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
འཁོར་དབྱིབས་ནད་དུག་ནི་བཙས་མ་ཐག་པའི་བྱིས་པའི་ལྟོ་བ་འཁྲུ་བའི་ནད་ཀྱི་འབྱུང་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། དེ་ནི་གཙོ་བོ་ནད་དུག་རྒྱུ་ནག་གི་ཕྲ་ཕུང་དུ་ཞུགས་པ་ཡིས། ཕྲ་ཕུང་ལ་གནོད་པ་ཐེབས་ནས་ལྟོ་བ་འཁྲུ་བ་ཡིན་པ་དང་། ནད་དུག་དེའི་རིགས་ནི་དབྱར་དགུན་སྟོན་གསུམ་དུ་དར་ཁྱབ་ཆེ་ཞིང་། ནད་ཐོག་སྨན་བཅོས་མངོན་སྟངས་ནི་དྲག་ནད་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་རྒྱས་པ་དང་། སྤྱིར་བཏང་ལ་ན་ཡུན་ནི་ཉིན་བདུན་ལྷག་ཡིན། དེ་ཡང་ཚ་རྒྱས་པ་ནི་ཉིན་གསུམ་གྱི་རིང་ལ་རྒྱུན་བསྲིང་བ་དང་། བསྐྱུག་པ་ནི་ཉིན་གཉིས་ནས་གསུམ་གྱི་རིང་ཡིན་ལ། ལྟོ་བ་འཁྲུ་བ་ནི་ཉིན་ལྔའི་རིང་ཡིན། རྒྱ་ཡིག་གི་མིང་།
རིགས་དབྱེ། རང་བྱུང་ཁམས།• འབུ་ཕྲ་རབ།
སྐྱེ་དངོས་ཕྲ་རབ། བརྡ་འགྲེལ 96 ཡོད། |