ཁྱི་སྨྱོན་ནད་ཀྱི་ནད་དུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱི་སྨྱོན་ནད་ཀྱི་ནད་དུག
ཁྱི་སྨྱོན་ནད་ཀྱི་ནད་དུག་ནི་མདའ་དབྱིབས་ནད་དུག་ཚན་ཁག་ཏུ་གཏོགས་པ་དང་། མིག་སྔར་ཨ་ཧྥེ་རི་ཁ་གླིང་དང་ཡོ་རོབ་གླིང་ཁོ་ནར་ཤེས་རྟོགས་བྱུང་བ་ཞིག་ཡིན། དེ་ནི་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཕན་ཚུན་བར་དང་། ཡང་སྒོ་ཕྱུགས་དང་མིའི་བར་ཁྱི་སྨྱོན་ནད་འབྱུང་བའི་འགོ་ཁྱབ་ཀྱི་འགག་རྩ་ཡིན། དེ་ཡང་མི་ལ་ནི་གཙོ་བོ་ནད་ཅན་གྱི་དུད་འགྲོ་དང་དུག་ལྡན་སྲོག་ཆགས་ཀྱིས་རྨུགས་ནས་རྨས་པ་ལས་འབྱུང་བ་ཡིན་ལ། གལ་ཏེ་ཁྱི་སྨྱོན་ནད་ཀྱི་ནད་དུག་འགོས་པ་ན་རེམ་པར་ནད་བཅོས་མ་བྱས་ཚེ། མཇུག་འབྲས་ཚབས་ཆེན་འབྱུང་སྲིད། གཞན་ཁྱི་སྨྱོན་ནད་ཀྱི་ནད་དུག་གི་རྟེན་གཞིའི་ཁྱབ་རྒྱ་ཆེ་ལ། ཙི་གུ་དང་རི་བོང་། རྟ་ནོར་ལུག་གསུམ། ཁྱི། ཞི་ལ་སོགས་ལ་འགོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
狂犬病病毒
ཕྱི་ཡིག་གི་མིང་།
Rabi es virus
འགོ་ཁྱབ་བརྒྱུད་ལམ།
མཆིལ་མ།
1 འགོག་ཤུགས།

ཁྱི་སྨྱོན་ནད་ཀྱི་ནད་དུག་ནི་སྐམ་ཤས་ཆེ་བ་དང་ཉི་འོད། སྨུག་ཕྱིའི་འོད་དང་འཕྲད་པའི་ཚེ་ན་འགོག་ཤུགས་ཞན་པར་འགྱུར་བ་ཡིན་ལ། དྲོད་ཚད་ཆེ་རུ་བཏང་ནས50℃ཡི་གནས་ཚུལ་འོག་ཆུ་ཚོད་གཅིག་གི་དུས་ཡུན་ནང་ལ་འཆི་བ་དང་། 60℃ཡི་གནས་ཚུལ་འོག་ཆུ་ཚོད་སྐར་མ5ཡི་དུས་ཡུན་ནང་དུ་འཆི་བ་རེད། ཡང་དབྱི་སྨི་སྦྲིད་སྨན་སོགས་རྫས་འགྱུར་སྨན་རྫས་དང་འཕྲད་པའི་ཚེ་ན། རྩ་རླག་ཏུ་འགྲོ་སྲིད་པར་མ་ཟད། 4℃་གནས་ཚུལ་འོག་བདུན་ཕྲག་གཅིག་གི་རིང་ལ་གནས་ཐུབ།

2 སྔོན་འགོག
2_1 སྤྱི་པའི་འཕྲོད་བསྟེན་བྱེད་ཐབས།

ཁྱི་ལ་དོ་དམ་ལེགས་པོ་བྱ་བ་དང་རིམས་འགོག་སྨན་ཁབ་བརྒྱབ་དགོས་ལ། སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས་ཀྱི་ཁྱི་སྨྱོན་ནད་སྔོན་འགོག་བྱ་བ་ནི་ཁྱི་སྨྱོན་ནད་སྔོན་འགོག་གི་གཞི་རྩའི་ཐབས་ལམ་གཙོ་བོ་ཡིན། དེ་ཡང་འགན་འཁུར་གྱི་གཞི་རྒྱ་བའི་རྐྱེན་གྱིས་སྤྱི་ཚོགས་ཧྲིལ་བོའི་ཉམས་འབྲེལ་དང་རྒྱབ་སྐྱོར་ནི་མཁོ་གལ་ཆེ་བར་སྣང་།

2_2 ཁྱིས་རྨུགས་ནས་རྨས་རྗེས་ཀྱི་སྨན་བཅོས།

མི་ལ་ཁྱི་སྨྱོན་གྱིས་རྨུགས་ནས་རྨས་རྗེས། མྱུར་མོར་འདག་རྫས་སྤྱད་ནས་གཙང་མར་ བཀྲུས་ཏེ། ཆང་བཅུད་སོགས་དུག་སེལ་གྱི་སྨན་བསྐུ་དགོས།

2_3 ཐུན་མོང་མ་ཡིན་པའི་སྔོན་འགོག

རང་རྒྱལ་དུ་རང་གིས་བཟོས་པའི་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་སྤྱད་པ་དང་ཕན་འབྲས་ཀྱང་མི་དམན་པ་བླངས་ཡོད། མིག་སྔར་ཁྱི་སྨྱོན་ནད་ཀྱི་ནད་དུག་གི་སྤྲི་དཀར་མངར་མོ་བསྐྱར་བཟོ་ཡི་འབྲུམ་བུའི་རིམས་འགོག་སྨན་ཁབ་ཀྱི་ཞིབ་འཇུག་དང་གསར་བཟོ་ལེགས་འགྲུབ་བྱུང་ནས། བེད་སྤྱོད་གཏོང་བཞིན་པའི་སྒང་ཡིན།

3 འཚོ་ཡུན།

ཁྱི་སྨྱོན་ནད་ཀྱི་ནད་དུག་ལ་གཟུགས་ཕྱི་རུ་འཚོ་བའི་ནུས་ཤུགས་ཧ་ཅང་ཞན་པ་དང་། ལུས་པོ་དང་བྲལ་བ་ན་དེ་ཡི་གསོན་ཤུགས་མགྱོགས་མྱུར་སྒོས་ཡལ་འགྲོ་བ་རེད་ལ། སྤྱིར་བཏང་དུ་གཟུགས་ཕྱི་རུ་ཆུ་ཚོད་སྐར་མ་འགའི་དུས་ཡུན་ཙམ་ལ་གསོན་ཤུགས་ཉམས་འགྲོ་བ་རེད། རྒྱུ་མཚན་དེའི་དབང་གིས་ཁྱི་སྨྱོན་ནད་ཀྱི་ནད་དུག་ནི་ཐད་ཀར་མ་ཡིན་པའི་ལམ་ནས་འགོ་ཁྱབ་བྱུང་བ་ཕལ་ཆེར་ཡོད་མི་སྲིད།

ཁྱི་སྨྱོན་ནད་ཀྱི་ནད་དུག་ནི་སྐྱུར་སོགས་རྫས་འགྱུར་སྨན་རྫས་དང་འཕྲད་པའི་ཚེ་ན། ཚོར་བ་ཤིན་ཏུ་སྐྱེན་པར་འགྱུར་ལ། འདག་རྫས་དང་འཕྲད་པ་ན་རྩ་རླག་ཏུ་འགྲོ་སྲིད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།