ངང་བའི་རིམས་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ངང་བའི་རིམས་ནད།
ངང་བའི་རིམས་ནད་ནི་ངང་བའི་རིམས་ནད་ནད་དུག་གིས་བསྐྱེད་པའི་ངང་ཕྲུག་གི་དྲག་ནད་རང་བཞིན་གྱི་ཁྲག་འཇིག་རིགས་ཀྱི་འགོ་ནད་ཅིག་ཡིན་ལ། ནད་རྟགས་ལ་ངང་ཕྲུག་གི་རྣམ་རིག་མི་གསལ་བར་འགྱུར་བ་དང་གཟན་ཆས་ཀྱི་ཡི་ག་འགག་པ། ལྟོ་བ་འཁྲུ་བ་ཧ་ཅང་ཚབས་ཆེན་ཡིན་པ་བཅས་ཀྱིས་འཆི་བའི་ཚད་ཀྱང་རབ་ཏུ་མཐོ། རྒྱུ་མཚན་དེའི་དབང་གིས་ངང་བ་གསོ་བའི་ལས་ཀའི་ཕྱོགས་ལ་གནོད་པ་མི་ཉུང་བ་ཐེབས་ནས། དེའི་འཕེལ་རྒྱས་ཀྱི་འགག་རྩ་ལ་བརྡབ་གསིག་ཆེན་པོ་བཟོ་ངེས་པ་ཡིན། དེ་བས་ངང་བའི་རིམས་ནད་ཀྱི་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་ཆེས་གནད་འགག་གི་ལས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹅瘟
འགོ་ཁྱབ་རང་བཞིན།
ཡོད།
1 ངོ་སྤྲོད།

(1)ངང་བའི་རིམས་ནད་ནི་དུས་ཚིགས་བཞི་བོར་ཆ་སྙོམས་ཀྱིས་འབྱུང་བ་ཞིག་ཡིན་ལ། མང་ཆེ་བར་དགུན་གཞུག་དང་སྟོན་འགོར་འབྱུང་བ་དང་། གཙོ་བོ་སྐྱེས་ནས་ཉིན་3-20མ་གཏོགས་འགོར་མེད་པའི་ངང་ཕྲུག་ལ་འབྱུང་བ་ཞིག་ཡིན།

(2)ངང་ཁྱུར་ནད་བྱུང་བ་ཧ་ཅང་གློ་བུར་བ་ཡིན་པ་དང་མགྱོགས་མྱུར་གྱིས་འགོ་ཁྱབ་འབྱུང་བ་ཞིག་ཀྱང་ཡིན་ཞིང་། དེ་ལ་ནི་འགོ་ནད་རང་བཞིན་དྲག་པོ་དང་འཆི་བའི་ཚད་ཧ་ཅང་མཐོན་པོ་ཡོད།

(3)གསོ་ཚགས་ཀྱི་དོ་དམ་ཆུ་ཚད་དམའ་བ་དང་ངང་ཕྲུག་གསོ་རའི་དྲོད་ཚད་དམའ་བ། ངང་ཚང་བརླན་གཤེར་དང་ལྡན་པ། ཁོར་ཡུག་གི་གཙང་སྦྲ་ཞན་པ། ངང་ཕྲུག་སྐྱེས་ནས་དུས་ཡུན་རིང་བོ་མ་སོང་བ་བཅས་ཀྱིས་ངང་བའི་རིམས་ནད་བསྐྱེད་པའི་ཚད་ཤིན་ཏུ་མཐོ།

(4)གཟན་ཆས་ཁྲོད་ཀྱི་སྤྲི་དཀར་བཅུད་ཉུང་དྲགས་པས་འཚོ་བཅུད་མ་འདང་བར་ནད་བྱུང་བ་དང་འཆི་བ་ཧ་ཅང་མང་།

(5)ངང་བར་ནད་འབྱུང་བའི་ཉིན་གྲངས་ནི་ངང་ཕྲུག་སྐྱེས་ནས་ཉིན33ཡན་ལ་བརྒལ་མི་སྲིད་པ་སྟེ། ད་སྔའི་བར་དུ་ཉིན40ཡི་ཡན་གྱི་ངང་བར་ནད་དེ་བྱུང་བ་ནི་མ་རྙེད།

2 ནད་རྟགས།

ནད་རྟགས་ལ་ངང་ཕྲུག་གི་རྣམ་རིག་མི་གསལ་བར་འགྱུར་བ་དང་ངང་ཁྱུ་དང་ཁ་བྲལ་ནས་གཅིག་པུར་གནས་པ། སྣ་ཁུང་དུ་འབྱར་བག་ཅན་གྱི་གཤེར་ཁུ་འཛག་པ། ངང་བའི་མགོ་བོ་གཡུག་གཡུག་བྱ་བ། བྱ་རྟུག་ནི་སེར་སྐྱ་དང་ལྗང་སེར་ཡིན་པ། དབང་རྩ་འཁྲུག་པ་བཅས་ཡོད། ཡང་ལྟོ་བ་འཁྲུ་བ་དང་གཟན་ཆས་ཀྱི་ཡི་ག་འགག་པ་སོགས་ཀྱང་ཡོད་ལ། ངང་བ་ལ་ལར་རྩ་འཐེན་བྱུང་བའི་གནས་ཚུལ་ཡང་གདའ།

3 སྔོན་འགོག

(1)དུག་སེལ་གྱི་བྱ་བར་ཤུགས་བསྣན་དགོས་པ།

(2)ངང་བ་ནང་འདྲེན་ལ་ཡིད་གཟབ་བྱ་དགོས་པ།

(3)རིམས་འགོག་སྨན་ཁབ་ལེགས་པོར་རྒྱག་དགོས་པ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།