བ་སྤུའི་བུ་གའི་གཉན་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བ་སྤུའི་བུ་གའི་གཉན་ཚད།
བ་སྤུའི་བུ་གའི་གཉན་ཚད་ནི་བ་སྤུའི་བུ་ག་རེད་པ་ཡིས་གཉན་ཚད་རྒྱས་པས་བསྐྱེད་པ་ཡིན་ལ། བ་སྤུའི་བུ་གའི་གཉན་ཚད་ཀྱི་ཐོག་མའི་དུས་སུ་ཐོར་བ་དམར་པོ་འབུད་པ་དང་རིམ་བཞིན་ཐོར་བའི་ངོ་བོ་རྣག་འབྲུམ་དུ་འགྱུར་བ་ཡིན། ཡང་མི་དར་མ་ལ་ནི་བ་སྤུ་མང་བའི་སར་ཐོར་བ་འབུད་པ་དང་། བྱིས་པ་ལ་ནི་མགོ་རུ་འབུད་པ་མང་། གཞན་པགས་འབྲུམ་ནི་སྐབས་ལ་ལར་ཕན་ཚུན་མཉམ་འདྲེས་ཀྱིས་སོས་པའི་རྗེས་སུ་མགོ་རུ་ཤ་བཀྲ་འབུད་པའམ་སྐྲ་མེད་སྤྱི་ཐེར་དུ་འགྱུར་བའང་སྲིད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
毛囊炎
ཕྱི་ཡིག་གི་མིང་།
folliculitis,epifolliculitis,trichitis
སྨན་བཅོས་ཚན་ཁག
པགས་ནད་ཚན་ཁག
འགོ་ཁྱབ་རང་བཞིན།
མེད།
1 ནད་རྐྱེན།

བ་སྤུའི་བུ་གའི་གཉན་ཚད་ཀྱི་ནད་ཀྱི་འབྱུང་རྩ་ནི་རྒུན་འབྲུམ་ཟླུམ་སྲིན་ཡིན་ལ། གཙང་སྦྲའི་ཕྱོགས་ནས་མ་འདང་བ་དང་ཐོར་བ་བུད་པའི་སར་འཕྲུགས་པ། གཟུགས་པོའི་འགོག་ཤུགས་ཞན་པ་བཅས་ནི་བ་སྤུའི་བུ་གའི་གཉན་ཚད་བསྐྱེད་བྱའི་རྒྱུ་རུ་འགྲོ་བ་ཡིན།

2 ནད་རྟགས།

ཐོག་མའི་དུས་སུ་བ་སྤུའི་བུ་གར་ཐོར་བ་དམར་པོ་འབུད་པའམ་བ་སྤུའི་བུ་གའི་ངོ་བོའི་རྣག་འབྲུམ་བུད་པ་ནས་འགོ་བརྩམས་ཏེ། རིམ་བཞིན་ཐོར་བའི་རང་བཞིན་གྱི་རྣག་འབྲུམ་དུ་འགྱུར་བ་ཡིན་ལ། ཐོར་བའི་མཐའ་འཁོར་དམར་པོར་འགྱུར་བ་དང་གཉན་ཚད་རྒྱས་པ་ཡིན་ཞིང་། དེ་ནས་རྨ་འབྲུམ་བསྐམས་ནས་རྨ་ཤུན་ཆགས་པར་སྲིད་ཅིང་། ཕལ་ཆེར་བདུན་ཕྲག་གཅིག་གི་དུས་ཡུན་འགོར་རྗེས་རྨ་ཤུན་གོག་འགྲོ་བ་ཡིན་མོད། འོན་ཀྱང་ནད་རྟགས་ཡང་དང་བསྐྱར་དུ་འབྱུང་བ་དང་། ལོ་འགའ་འགོར་ཡང་མི་སོས་པའང་ཡོད་ལ། ལ་ལ་བ་སྤུའི་བུ་ག་རེད་པ་དྲག་པོ་ཡིན་པས་སྲིན་ཐོར་གཉན་འབུར་དུ་འགྱུར་བ་ཡིན་ཞིང་། སྤྱིར་བཏང་དུ་རྨ་ཤུལ་ཡོད་པ་མ་ཡིན་པར། པགས་འབྲུམ་ནི་ཅུང་མང་བ་དང་ཐར་ཐོར་དུ་ཡོད་ལ། ན་ཟུག་ལངས་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན། ཡང་མི་དར་མ་ལ་ནི་བ་སྤུ་མང་བའི་སར་འབུད་པ་དང་། བྱིས་པ་ལ་ནི་མགོ་རུ་འབུད་པ་མང་། གཞན་པགས་འབྲུམ་ནི་སྐབས་ལ་ལར་ཕན་ཚུན་མཉམ་འདྲེས་ཀྱིས་སོས་པའི་རྗེས་སུ་མགོ་རུ་ཤ་བཀྲ་འབུད་པའམ་སྐྲ་མེད་སྤྱི་ཐེར་དུ་འགྱུར་བའང་སྲིད།

3 སྨན་བཅོས།

ནད་ཀྱི་གནས་ཚུལ་ལ་གཞིགས་ནས་དུག་སྲིན་འགོག་སྨན་གང་སྤྱད་རྒྱུར་མཉམ་འཇོག་བྱ་དགོས་ལ། ཐོར་བ་བུད་པའི་སར་འབྱུག་སྨན་གྱི་རིགས་བསྐུ་བ་དང་སྨུག་ཕྱིའི་འོད་ལ་ལྡེ་བ་སོགས་བྱས་ན་ཕན་པ་ཆེན་པོ་ཡོད་པ་ཡིན། གཞན་ནད་རྟགས་ཡང་དང་བསྐྱར་དུ་འབྱུང་བའི་ནད་པས་རྒུན་འབྲུམ་ཟླུམ་སྲིན་གྱི་འབུ་ཕྲའི་འགོག་སྨན་སྤྱད་ན་ཕན་འབྲས་ལེགས་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།