ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག

དར་ཁྱབ་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་བསྡུས་མིང་ལ་ཀླད་གཉན་ཁ་པའི་ནད་དུག་ཟེར་ལ། དེ་ནི་དར་ཁྱབ་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པ་དང་། དབྱིབས་ནི་ཟླུམ་གཟུགས་ཡིན་ཞིང་། དྲོད་ཚད་དམའ་བའི་ཆ་རྐྱེན་འོག་དུས་ཡུན་ཅུང་རིང་བོར་གནས་ཐུབ་པར་མ་ཟད། སྲོག་ཆགས་དང་བྱ་ཕོའི་སྦྲུམ་རྟེན། ཕྲ་ཕུང་གསོ་སྐྱོང་གི་གྲུབ་ཚུལ་ཁྲོད་མང་དུ་འཕེལ་སྲིད། ཕག་ཕྲུག་ནི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག་གི་འགོ་ཁྱབ་གྱི་ཁུངས་དང་རྟེན་གཞི་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

འཁོར་དབྱིབས་ནད་དུག

འཁོར་དབྱིབས་ནད་དུག་ནི་བཙས་མ་ཐག་པའི་བྱིས་པའི་ལྟོ་བ་འཁྲུ་བའི་ནད་ཀྱི་འབྱུང་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། དེ་ནི་གཙོ་བོ་ནད་དུག་རྒྱུ་ནག་གི་ཕྲ་ཕུང་དུ་ཞུགས་པ་ཡིས། ཕྲ་ཕུང་ལ་གནོད་པ་ཐེབས་ནས་ལྟོ་བ་འཁྲུ་བ་ཡིན་པ་དང་། ནད་དུག་དེའི་རིགས་ནི་དབྱར་དགུན་སྟོན་གསུམ་དུ་དར་ཁྱབ་ཆེ་ཞིང་། ནད་ཐོག་སྨན་བཅོས་མངོན་སྟངས་ནི་དྲག་ནད་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་རྒྱས་པ་དང་། སྤྱིར་བཏང་ལ་ན་ཡུན་ནི་ཉིན་བདུན་ལྷག་ཡིན། དེ་ཡང་ཚ་རྒྱས་པ་ནི་ཉིན་གསུམ་གྱི་རིང་ལ་རྒྱུན་བསྲིང་བ་དང་། བསྐྱུག་པ་ནི་ཉིན་གཉིས་ནས་གསུམ་གྱི་རིང་ཡིན་ལ། ལྟོ་བ་འཁྲུ་བ་ནི་ཉིན་ལྔའི་རིང་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཚ་འབྲུམ།

ཚ་འབྲུམ་ནི་དབྱར་དུས་སམ་ཚ་བ་ཆེ་བའི་ཁོར་ཡུག་ཏུ་རྒྱུན་པར་མཐོང་བའི་གཉན་ཚད་རང་བཞིན་གྱི་པགས་ནད་ཅིག་ཡིན། དེ་ནི་ཚ་བ་ཤིན་ཏུ་ཆེ་བའི་ཁོར་ཡུག་ཏུ་རྔུལ་ཆུ་འབབ་པ་མང་བ་དང་རྔུལ་ཆུ་རླངས་པར་འགྱུར་དཀའ་བས། སྐོགས་རིམ་སྐྲངས་པ་ནས་རྔུལ་ཐོན་རྨེན་བུའི་འདྲེན་སྦུག་ཇེ་ཕྲར་འགྲོ་བའམ་ཁེགས་པ་ཡིན། དེའི་རྐྱེན་གྱིས་རྔུལ་ཆུ་འབབ་དཀའ་བར་གྱུར་བ་དང་། རྔུལ་ཆུ་ཕྱི་རུ་བུད་པའི་མཐའ་འཁོར་དུ་ཐོར་བ་དང་ཆུ་བུར། ཡང་ན་རྣག་འབྲུམ་བཅས་འབུད་པ་ཡིན། རྒྱ་ཡིག་གི་མིང་། 痱子 ཕྱི་ཡིག་གི་མིང་། miliaria སྨན་བཅོས་ཚན་ཁག པགས་ནད་ཚན་ཁག ནད་རྐྱེན། དྲོད་ཚད་མཐོ་བ་དང་རླན་གཤེར་ཆེ་བ་སོགས་ཀྱི་ཁོར་ཡུག་ཏུ་རྔུལ་ཆུ་འབབ་པ་མང་བ་དང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

རྐང་ལག་གི་རྔོ།

རྐང་ལག་གི་རྔོ་ནི་སྐྱི་པགས་ཀྱི་རྔོ་རིགས་ཀྱི་འབུ་ཕྲ་རྐང་བའི་མཛུབ་མོ་དང་རྐང་བའི་མཛུབ་མོའི་བར། རྐང་མཐིལ་སོགས་སུ་ཞུགས་པ་ཡིས་བསྐྱེད་པ་ཡིན་ལ། ཆུ་རྐྱལ་རྫིང་བུ་དང་སྤྱི་པའི་འཁྲུད་ཁང་དུ་སྤྱི་སྤྱོད་འདྲུད་ལྷམ་གྱོན་པ་ལས་རྐང་བའི་རྔོ་འབྱུང་བ་དང་། ལག་པའི་རྔོ་ནི་རྐང་བའི་རྔོ་ལས་བྱུང་བ་ཡིན། ཡང་ནད་ཀྱི་འབྱུང་རྩའི་འབུ་ཕྲ་ནི་གཙོ་བོ་རྔོ་འབུ་དམར་པོ་ཆུང་ངུའི་རིགས་དེ་ཡིན། རྒྱ་ཡིག་གི་མིང་། 手足癣 ཕྱི་ཡིག་གི་མིང་། tinea of feet,tinea pedis སྨན་བཅོས་ཚན་ཁག པགས་ནད་ཚན་ཁག

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

མཆུའི་ཆུ་བུར།

མཆུའི་ཆུ་བུར་ནི་ཆུ་བུར་རྐྱང་མའི་ནད་དུག་གིས་བསྐྱེད་པའི་དྲག་ནད་རང་བཞིན་དང་ཐོར་བ་རང་བཞིན་གྱི་པགས་ནད་རིགས་ཤིག་ཡིན་ལ། མི་ནི་ཆུ་བུར་རྐྱང་མའི་ནད་དུག་གི་རྟེན་གཞི་ཉག་གཅིག་ཡིན་པ་དང་། ནད་དུག་དེ་ནི་ནད་པའི་ཆུ་བུར་གྱི་གཤེར་ཁུ་དང་མཆིལ་མ། བཤང་བ་སོགས་ཀྱི་ནང་དུ་ཡོད་པར་མ་ཟད། འགོ་ཁྱབ་བརྒྱུད་ལམ་གཙོ་བོ་ནི་གཤིབ་འགྲོགས་བྱུང་བ་ལས་ཐད་ཀར་འགོ་བ་ཡིན་ཞིང་། མཆིལ་མ་སོགས་ཀྱིས་སྦགས་པའི་ཟས་སྣོད་སོགས་བརྒྱུད་ནས་འགོ་བ་ཡིན། རྒྱ་ཡིག་གི་མིང་། 唇疱疹 ཕྱི་ཡིག་གི་མིང་། herpes

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

བྱི་རིམས།

བྱི་རིམས་ནི་ལྗི་བ་བརྒྱུད་ནས་འགོ་ཁྱབ་བྱུང་བའི་འགོ་ནད་དྲག་པོ་ཞིག་ཡིན་ལ། སོ་མེད་པའི་སྲོག་ཆགས་རིགས་ལ་འབྱུང་བའི་རང་བྱུང་གི་རིམས་ནད་རིགས་ཤིག་ཀྱང་ཡིན། ནད་ཐོག་སྨན་བཅོས་ཁྲོད་ཀྱི་མངོན་སྟངས་གཙོ་བོ་ནི། ཚ་རྒྱས་པ་དང་ཁྲག་དུག་ཕོག་པའི་ནད་རྟགས། རྨེན་མདུད་སྐྲངས་པ། གློ་བའི་གཉན་ཚད་རྒྱས་པ། ཁྲག་འཛག་པ་སོགས་ཀྱི་ནད་རྟགས་མངོན། བྱི་རིམས་ནི་འཛམ་གླིང་ལོ་རྒྱུས་སྟེང་ཐེངས་མང་བོར་དར་ཁྱབ་ཆེན་པོ་བྱུང་མྱོང་བ་དང་། མི་ཤི་བའི་གྲངས་འབོར་ནི་ཁྲི་ཕྲག་ལྷག་ལ་སོན་ཡོད་ཅིང་། རང་རྒྱལ་དུ་ཡང་འཆིང་གྲོལ་མ་བྱས་པའི་ཡར་སྔོན་ལ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཁ་ཤུ།

ཁ་ཤུ་ལ་ཁའི་བད་ཐོར་རམ་ཤུ་ཐོར་ཡང་ཟེར་ཞིང་། ཁ་ཤ་དམར་པོར་འགྱུར་བ་དང་ཆུ་བུར་བརྒྱབ་པ། སེར་ག་གས་པ། ཐེད་ནས་རལ་བ། རྨ་ཤུན་ཆགས་པ་བཅས་ཀྱི་ནད་རྟགས་མངོན་པ་ཡིན་ལ། དེ་ནི་ཁ་ཤུ་ཅན་གྱི་ནད་པས་ཁ་གདངས་པའི་ཚེ་ན་སེར་ག་གས་ནས་ཁྲག་བཞུར་སླ་བ་ཡིན་ཞིང་། ཟ་མ་ཟ་བ་དང་སྐད་ཆ་འཆད་པ་སོགས་ཀྱི་སྐབས་སུ་ཡང་གནོད་པ་ཡོད་པ་ཡིན། ཁ་ཤུའི་ནད་ཀྱི་འབྱུང་རྐྱེན་ནི་ནམ་ཟླ་འཁྱགས་པ་དང་སྐམ་ཤས་ཆེ་བའི་སྐབས་སུ། ཁ་ཤའམ་ཁ་ཤའི་མཐའ་འཁོར་གྱི་སྐྱི་པགས་ཀྱི་འབྱར་སྐྱིར་སེར་ག་གས་པ་དང་། སེར་གའི་མཐའ་འཁོར་གྱི་ནད་དུག་དང་འབུ་ཕྲ་སེར་གའི་ནང་དུ་ཞུགས་པ་ཡིས་བསྐྱེད་པ་ཡིན། ཡང་ཁ་ཤ་བསྐམས་ནས་གས་ལ་ཁད་ཀྱི་དུས་སུ་མི་རྣམས་ཀྱིས་ལྕེ་ཡིས་བལྡགས་པར་གོམས་པས།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

རྒྱུ་མའི་ནད་དུག

རྒྱུ་མའི་ནད་དུག་ལ་རྒྱུངས་སྐྱའི་གཉན་ཚད་ནད་དུག་དང་ཁོ་ས་ཆི་ནད་དུག རྒྱུ་མའི་ཕྲ་ཕུང་ནད་འགྱུར་གྱི་ནད་དུག་རིགས་གསུམ་འདུ་ལ། ནད་དུག་དེ་ལ་དྭངས་ཁྲག་རིགས་བདུན་ཅུ་ལྷག་ཡོད་པ་དང་། དེ་ནི་ནད་དུག་གིས་བསྐྱེད་པའི་འགོ་ནད་ཅིག་ཡིན། ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ལ་ནད་པ་ཡང་མོའི་སྐོར་ནི་ངལ་ཞིང་དུབ་པ་དང་ཐང་ཆད་པ། ཚ་ཅུང་ཟད་རྒྱས་པ་བཅས་ཡིན། ཡང་ནད་པ་ལྕི་མོའི་སྐོར་ནི་ལུས་ཡོངས་ལ་ནད་དུག་ཕོག་པ་དང་། ཀླད་པ། རྒྱུངས་མ། སྙིང་། མཆིན་པ་སོགས་དབང་བོ་དག་ལ་གནོད་པ་ཐེབས་སྲིད་ཅིང་། ནད་བག་ལུས་པ་ཡིས་འཆི་བར་འགྱུར་སྲིད། རྒྱུ་མའི་ནད་དུག་ནི་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་པ་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཁྱི་སྨྱོན་ནད་ཀྱི་ནད་དུག

ཁྱི་སྨྱོན་ནད་ཀྱི་ནད་དུག་ནི་མདའ་དབྱིབས་ནད་དུག་ཚན་ཁག་ཏུ་གཏོགས་པ་དང་། མིག་སྔར་ཨ་ཧྥེ་རི་ཁ་གླིང་དང་ཡོ་རོབ་གླིང་ཁོ་ནར་ཤེས་རྟོགས་བྱུང་བ་ཞིག་ཡིན། དེ་ནི་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཕན་ཚུན་བར་དང་། ཡང་སྒོ་ཕྱུགས་དང་མིའི་བར་ཁྱི་སྨྱོན་ནད་འབྱུང་བའི་འགོ་ཁྱབ་ཀྱི་འགག་རྩ་ཡིན། དེ་ཡང་མི་ལ་ནི་གཙོ་བོ་ནད་ཅན་གྱི་དུད་འགྲོ་དང་དུག་ལྡན་སྲོག་ཆགས་ཀྱིས་རྨུགས་ནས་རྨས་པ་ལས་འབྱུང་བ་ཡིན་ལ། གལ་ཏེ་ཁྱི་སྨྱོན་ནད་ཀྱི་ནད་དུག་འགོས་པ་ན་རེམ་པར་ནད་བཅོས་མ་བྱས་ཚེ། མཇུག་འབྲས་ཚབས་ཆེན་འབྱུང་སྲིད། གཞན་ཁྱི་སྨྱོན་ནད་ཀྱི་ནད་དུག་གི་རྟེན་གཞིའི་ཁྱབ་རྒྱ་ཆེ་ལ། ཙི་གུ་དང་རི་བོང་། རྟ་ནོར་ལུག་གསུམ། ཁྱི། ཞི་ལ་སོགས་ལ་འགོ་བ་ཡིན།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཕག་ནད་ནད་དུག

ཕག་ནད་ནད་དུག་ནི་ཕག་པའི་འགོ་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ཡིན་པ་དང་། ཕག་དང་ཕག་རྒོད་ཁོ་ནར་གནོད་སྐྱོན་ཐེབས་པའི་ནད་ཀྱི་རིགས་ཤིག་ཡིན་པ་ལས། སྲོག་ཆགས་གཞན་པར་འགོ་བའི་ནད་ཀྱི་རིགས་ཤིག་མ་ཡིན་ལ། དེ་ནི་དྲག་ནད་རང་བཞིན་དང་ཚ་རྒྱས་པའི་རིགས། གཤིབ་ནས་འགྲོགས་པ་ལས་བྱུང་བའི་འགོ་ནད་རིགས་ཤིག་ཡིན། དེའི་ཁྱད་ཆོས་གཙོ་བོ་ནི་ཚ་དྲོད་ཆེ་བ་དང་འགྱུར་བའི་རང་བཞིན་གྱི་ཁྲག་རྩ་ཕྲ་མོས་ཕུང་བོ་ཧྲིལ་བོ་ནས་ཁྲག་འཛག་པར་བྱ་བ། འཕར་རྩ་འགག་པ་སོགས་ཀྱི་ནད་རིགས་སྣ་ཚོགས་བསྐྱེད་སྲིད་པ་དང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཐོར་བའི་ནད་དུག

ཐོར་བའི་ནད་དུག་ནི་རྒྱུན་པར་མི་དང་སྲོག་ཆགས་ལ་ནད་དེ་བྱུང་རྗེས་ལུས་ཡོངས་ལ་རྣག་འབྱམས་གཉན་ཚད་རྒྱས་ནས་སྐྱི་པགས་ལ་གནོད་པའི་ནད་དུག་རིགས་ཤིག་ཡིན་ལ། ནད་དུག་རིལ་བུའི་ནང་གསེས་ལསDNAཡི་ནད་དུག་ཆེས་ཆེ་བའི་རིགས་དེ་ཡིན་ཞིང་། གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན། གཞན་དབྱིབས་ནི་འཇོང་དབྱིབས་དང་ནང་སྙིང་ཡོད་པར་མ་ཟད། ནང་སྙིང་ནི་སྤྲི་དཀར་དང་ཟུང་འབྲེལ་གྱིDNAཡི་ནད་དུག་ཅིག་ཡིན། བྱ་དེ་མགྲིན་པ་སྤུ་མེད་མའི་ཐོར་བ་ནི་བྱ་དེ་ཐོར་བའི་ནད་དུག་གིས་བསྐྱེད་པའི་དྲག་ནད་རང་བཞིན་གྱི་འགོ་ནད་རིགས་ཤིག་ཡིན། དེའི་ཁྱད་ཆོས་ནི་བྱ་དེ་མགྲིན་པ་སྤུ་མེད་མའི་ཤ་འཛེར་དང་སྐེ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཆུ་ཐོར།

ཆུ་ཐོར་ནི་ཐོག་དང་པོར་ཆུ་ཐོར་རམ་ཐགས་དབྱིབས་ཆུ་འབྲུམ་ནད་དུག་ཕོག་པ་ལས་བསྐྱེད་པའི་དྲག་ནད་རང་བཞིན་གྱི་འགོ་ནད་ཅིག་ཡིན། མང་ཆེ་བ་བཙས་མ་ཐག་པའི་བྱིས་པར་འབྱུང་བ་ཞིག་ཡིན་ལ། ཁྱད་ཆོས་གཙོ་བོ་ནི་ཚ་རྒྱས་པ་དང་ལུས་ཡོངས་ལ་ཐོར་བ་དམར་པོ་ཕོན་ཆེན་འབུད་པ། ཆུ་བུར་འབུད་པ། རྨ་ཤུན་ཆགས་པ་སོགས་ཡིན། དེ་ཡང་དགུན་ཁ་དང་དཔྱིད་ཀར་མང་དུ་འབྱུང་བ་ཞིག་ཡིན་ཞིང་། ཕན་ཚུན་ལ་འགོ་བའི་ཚད་ནི་ཧ་ཅང་མཐོ་ལ། གཤིབ་འགྲོགས་དང་མཆིལ་ཟེགས་ལས་འགོ་བ་ཡིན། ཡང་ནད་འབྱུང་སླ་བའི་བྱིས་པར་ནད་དེ་བྱུང་བའི་ཚད་ནི་བརྒྱ་ཆའི་དགུ་བཅུ་གོ་ལྔའི་ཡན་ལ་སོན་ཡོད་ཅིང་། སློབ་ལོ་མ་རན་པའི་བྱིས་པ་ལ་བྱུང་བ་མང་དུ་མཐོང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

སྐྱུག་བཤལ།

སྐྱུག་བཤལ་ནི་དྲག་ནད་རང་བཞིན་གྱི་ལྟོ་བ་འཁྲུ་བའི་ནད་ཀྱི་རིགས་ཤིག་ཡིན་ལ། མཚོ་ཟས་རིགས་བཀྲུས་པ་མ་གཙང་བས་བསྐྱེད་པར་ཟད་ཅིང་། ནད་དེ་འབྱུང་བའི་དུས་ཚིགས་ནི་དབྱར་དུས་ཡིན་པ་དང་། ཆུ་ཚོད་འགའི་དུས་ཡུན་ཙམ་གྱི་ནང་དུ་ལྟོ་བ་འཁྲུས་པ་དང་ལུས་ཆུ་ཟད་ནས་འཆི་བའང་སྲིད། རྒྱ་ཡིག་གི་མིང་། 霍乱 འགོ་ཁྱབ་རང་བཞིན། ཡོད། ནད་རྐྱེན། སྐྱུག་བཤལ་གཞུ་དབྱིབས་དུག་སྲིན་ནི་སྐམ་ཤས་ཆེ་བ་དང་ཉི་འོད། སྐྱུར་རྫས། དུག་སེལ་སྨན་ཆུ་དང་འཕྲད་པའི་ཚེ་ན་ཚོར་བ་སྐྱེན་པོར་འགྱུར་བ་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཆུ་བུར་ནད་དུག

ཆུ་བུར་ནད་དུག་ནི་ཕྱི་ཐུམ་ཅན་གྱིDNAཡི་ནད་དུག་ཅིག་ཡིན་ལ། ད་ལྟའི་བར་དུ་ནང་གསེས་སུ་ནད་དུག་རིགས70ལ་ཉེ་བ་ཞིག་ཤེས་རྟོགས་བྱུང་ཡོད། ཡང་ཆུ་བུར་ནད་དུག་གིས་རྨེན་བུ་ཇེ་མང་དུ་འགྲོ་བར་བྱ་བ་དང་། ནད་དུག་གི་རྟེན་གཞིའང་ཧ་ཅང་ཁྱབ་རྒྱ་ཆེ་ལ། མི་དང་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་ལ་འབྱུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 疱疹病毒 ཕྱི་ཡིག་གི་མིང་། Herpesviruses ཁྱད་ཆོས། ཆུ་བུར་ནད་དུག་ནི་རང་བྱུང་ཁམས་སུ་ཤིན་ཏུ་རྒྱུག་ཆེ་བར་ཟད་ལ། མི་དང་སྲོག་ཆགས་མང་བོ་ཞིག་ལ་འབྱུང་བའི་ནད་ཀྱི་རིགས་ཤིག་ཏུ་ངེས། དེ་ཡང་གཙོ་བོ་སྦྲུམ་རྟེན་ཕྱི་ཤུན་གྱི་འཚར་ལོངས་ལ་གནོད་སྐྱོན་ཐེབས་ནས་གྲུབ་པ་ཞིག་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

རློན་འབྲུམ།

རློན་འབྲུམ་ནི་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱིས་བསྐྱེད་པའི་ཟ་འཕྲུག་དྲག་པོ་ལངས་པའི་སྐྱི་པགས་ཀྱི་གཉན་ཚད་རིགས་ཤིག་ཡིན་ལ། དྲག་ནད་རང་བཞིན་ཡིན་པའི་སྐབས་སུ་ཟགས་ཐོན་ཅན་ཡིན་པ་དང་། རྒྱུན་རིང་རང་བཞིན་ཡིན་པའི་སྐབས་སུ་ཚོ་ཞིང་མཐུག་པ་ཡིན། རྒྱ་ཡིག་གི་མིང་། 湿疹 ཕྱི་ཡིག་གི་མིང་། eczema སྨན་བཅོས་ཚན་ཁག པགས་ནད་ཚན་ཁག འགོ་ཁྱབ་རང་བཞིན། མེད། ནད་རྐྱེན། རློན་འབྲུམ་གྱི་ནད་རྐྱེན་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་ལ། རྒྱུན་པར་ཕྱི་ནང་གི་རྐྱེན་སྣ་ཚོགས་ཕན་ཚུན་བསྡེབས་པ་ལས་བྱུང་བའི་འབྲས་བུ་ཡིན། དེ་ཡང་ནང་རྐྱེན་ནི་ཟས་འཇུ་བའི་མ་ལག་ལ་སྐྱོན་ཞུགས་པ་དང་དབང་རྩ་གྲིམ་པ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

པགས་འབྲུམ།

པགས་འབྲུམ་ནི་སྐྱི་པགས་ལ་འབྱུང་བའི་ནད་ཀྱི་རིགས་ཤིག་ཡིན་ལ། སྐྱི་པགས་ཀྱི་ཁ་དོག་ལ་འགྱུར་བ་བྱུང་ནས་སྐྱི་པགས་འབར་འབུར་དུ་འགྱུར་བ་དང་། སྐྱི་པགས་སུ་ཆུ་བུར་འབུད་པ་སོགས་རྣམ་པ་མི་འདྲ་བ་སྣ་ཚོགས་ཤིག་མཆིས། དེ་ཡང་པགས་འབྲུམ་གྱི་ཁྱད་ཆོས་ནི་དམར་ཐིག་ཆེ་ཆུང་ཅི་རིགས་ལྷུང་བ་དང་ཟ་འཕྲུག་ལངས་མི་ལངས་གཉི་ག་ཡོད། དེ་ལ་ནི་རིགས་དགར་སྟངས་དང་ནད་ཀྱི་འབྱུང་རྐྱེན་ཅུང་མང་དུ་སྣང་བས། གནས་ཚུལ་འདྲ་མིན་ལྟར་གསལ་འབྱེད་དང་སྨན་བཅོས་བྱ་དགོས། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཆམ་པའི་ནད་དུག

དར་ཁྱབ་རང་བཞིན་གྱི་ཆམ་པའི་ནད་དུག་ལ་ཆམ་རིམས་ནད་དུག་ཀྱང་ཟེར། དེ་ནི་མི་དང་ཁྱི། རྟ། ཕག་སོགས་དུད་འགྲོའི་རིགས་ལ་འབྱུང་བའི་དར་ཁྱབ་རང་བཞིན་གྱི་ཆམ་པའི་ནད་དུག་ཅིག་ཡིན་ལ། རིགས་དབྱེ་རིག་པ་ལྟར་ན། ཆམ་པའི་ནད་དུག་ནི་འབྱར་བག་ཅན་གྱི་ནད་དུག་ཚན་ཁག་ཏུ་གཏོགས། དེས་ནི་དྲག་ནད་རང་བཞིན་གྱི་དབུགས་ལམ་འགོ་ནད་བསྐྱེད་པ་དང་། མཁའ་དབུགས་ཀྱི་རྒྱུ་བ་དང་བསྟུན་ནས་ཕྱོགས་ལ་མཆེད་པ་ཞིག་ཡིན། ཡང་འཛམ་གླིང་ཡོངས་སུ་དུས་འཁོར་རང་བཞིན་གྱི་དར་ཁྱབ་འབྱུང་བའི་ནད་ཀྱི་རིགས་ཤིག་ཀྱང་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

རླུང་འབྲུམ་ནད་དུག

རླུང་འབྲུམ་ནད་དུག་ནི་མིའི་རིགས་ཁོ་ནར་འབྱུང་བའི་ནད་དུག་རིགས་ཤིག་ཡིན་ལ། དབྱིབས་ནི་ཟླུམ་གཟུགས་ཡིན་པ་དང་། ཚངས་ཐིག་ལ་ན་སྨི་ལྔ་བཅུ་ནས་བདུན་ཅུའི་བར་ཡོད་ཅིང་། ནད་དུག་དེའི་འགོག་ཤུགས་ནི་ཧ་ཅང་བརྟན་རླིང་ཡིན། གཞན་ད་ལྟའི་བར་དུ་དྭངས་ཁྲག་གཅིག་མ་གཏོགས་རྙེད་མེད། རྒྱ་ཡིག་གི་མིང་། 风疹病毒 ཕྱི་ཡིག་གི་མིང་། t.h.welle、r f.a.neva ངོ་སྤྲོད།   སྦྲུམ་མར་མངལ་ཆགས་པའི་ཐོག་མའི་དུས་སྐབས་སུ་རླུང་འབྲུམ་ནད་དུག་ཕོག་པའི་ཚེ་ན། ནད་དུག་ཤ་མ་བརྒྱུད་ནས་མངལ་གནས་ཕྲུ་གུའི་ལུས་སྟེང་དུ་ཞུགས་པར་སྲིད་ལ། རྒྱུན་པར་མངལ་འཆོར་བ་དང་ཕྲུ་གུ་མངལ་ནས་འཆི་བར་འགྱུར་བ་མ་ཟད། མངལ་གནས་ཕྲུ་གུར་ལྷན་སྐྱེས་རང་བཞིན་གྱི་ཕྱོགས་བསྡུས་རླུང་འབྲུམ་བསྐྱེད་པ་ཡོད་ཅིང་། ཡ་མ་གཟུགས་སུ་འགྱུར་བའང་ཡོད།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

མངལ་སྐེའི་གཉན་ཚད།

མངལ་སྐེའི་གཉན་ཚད་ནི་མོ་ནད་ཀྱི་རྒྱུན་མཐོང་ནད་རིགས་ཀྱི་གྲས་ཤིག་ཡིན་ཞིང་། དེ་ལ་མངལ་སྐེའི་སྐྱེ་ལམ་གཉན་ཚད་དང་མངལ་སྐེའི་འབྱར་སྐྱིའི་གཉན་ཚད་རིགས་གཉིས་ཡོད། དེ་ཡང་མངལ་སྐེའི་སྐྱེ་ལམ་གྱི་ཉ་ལྕིབས་དབྱིབས་ཀྱི་སྐྱི་པགས་དང་སྐྱེ་ལམ་གྱི་ཉ་ལྕིབས་དབྱིབས་ཀྱི་སྐྱི་པགས་གཉིས་ཕན་ཚུན་སྐྱ་འཐབ་པ་ལས། སྐྱེ་ལམ་གཉན་ཚད་ཀྱིས་མངལ་སྐེའི་སྐྱེ་ལམ་གཉན་ཚད་བསྐྱེད་པར་སྲིད་ཅིང་། མངལ་སྐེའི་འབྱར་སྐྱིའི་སྐྱི་པགས་ཧ་ཅང་སྲབ་པས། རེད་པ་འགོག་པའི་ནུས་ཤུགས་ཅུང་ཞན་པ་ཡིན། གཞན་ནད་ཐོག་སྨན་བཅོས་ཁྲོད་ཆེས་མང་དུ་མཐོང་བའི་མངལ་སྐེའི་གཉན་ཚད་ནི་དྲག་ནད་རང་བཞིན་གྱི་མངལ་སྐེའི་འབྱར་སྐྱིའི་གཉན་ཚད་ཡིན་པར་མ་ཟད། གལ་ཏེ་དྲག་ནད་རང་བཞིན་གྱི་མངལ་སྐེའི་གཉན་ཚད་ནི་མྱུར་མོར་སྨན་བཅོས་མ་བྱས་པའམ་ནད་ཀྱི་འབྱུང་རྩའི་རྒྱུན་བསྲིངས་པ་ཡིན་ན།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

བྱའི་ཆམ་རིམས་ནད་དུག

བྱའི་ཆམ་རིམས་ནད་དུག་ནི་ཀ་པའི་རིགས་ཀྱི་དར་ཁྱབ་རང་བཞིན་གྱི་ཆམ་པའི་ནད་དུག་ཅིག་ཡིན་ཞིང་། དེ་ནིRNAཡི་ནད་དུག་གི་འབྱར་བའི་ནད་དུག་ཚན་ཁག་ཏུ་གཏོགས་ལ། ཀ་པ་དང་ཁ་པ། ག་པའི་རིགས་གསུམ་དུ་བཀར་ཡོད་པ་དང་། དེ་ཡང་ཀ་པའི་རིགས་ཀྱི་དར་ཁྱབ་རང་བཞིན་གྱི་ཆམ་པའི་ནད་དུག་ནི་མང་ཆེ་བ་འདབ་ཆགས་ལ་འབྱུང་བ་ཡིན་མོད། ཕག་དང་རྟ། མཚོ་གཟིག ཆུ་སྲིན། འོ་གསོའི་སྲོག་ཆགས། མིའི་རིགས་སོགས་ལ་འབྱུང་བའང་ཡོད། གཞན་ཁ་པའི་རིགས་དང་ག་པའི་རིགས་ཀྱི་དར་ཁྱབ་རང་བཞིན་གྱི་ཆམ་པའི་ནད་དུག་ནི་རེ་རེ་ནས་མཚོ་གཟིག་དང་ཕག་སོ་སོ་ལ་འགོ་བ་ཞིག་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

བྱ་གག་རིམས་ནད།

བྱ་གག་རིམས་ནད་ལ་ནི་བྱ་གག་གི་ནད་དུག་རང་བཞིན་གྱི་རྒྱུ་མའི་གཉན་ཚད་ཀྱང་ཟེར། དེ་ནི་བྱ་གག་དང་ངང་བ་སོགས་འདབ་ཆགས་རིགས་ལ་འབྱུང་བའི་དྲག་ནད་རང་བཞིན་གྱི་འགོ་ནད་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 鸭瘟 ཕྱི་ཡིག་གི་མིང་། Duck plape0 ནད་རྟགས། བྱ་གག་རིམས་ནད་བྱུང་རྗེས་བྱ་གག་གི་རྣམ་རིག་མི་གསལ་བ་དང་སྐེ་ནང་དུ་བསྐུམ་པ། བྱ་སྒྲོ་ལྷོད་པོར་འགྱུར་བ། གཤོག་པ་ཐུར་དུ་འཕྱང་བ། སུག་པ་གཉིས་སྦྲིད་པ་དང་སྟོབས་ཤུགས་མེད་པ། འགུལ་བར་མི་སྤྲོ་བ་དང།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

པྲོག་དབྱིབས་ནད་དུག

པྲོག་དབྱིབས་ནད་དུག་ནི་མ་ལག་གི་རིགས་དགར་སྟངས་ཁྲོད་དུ་པྲོག་དབྱིབས་ནད་དུག་ཚན་ཁག་ཏུ་གཏོགས། ནད་དུག་དེའི་རྒྱུད་འདྲེས་ཤིག་ནི་དཔེ་མཚོན་མ་ཡིན་པའི་གློ་བའི་གཉན་ཚད་ཀྱི་ནད་རྐྱེན་ཡིན་ལ། དེ་ནིRNAཡི་ནད་དུག་གི་ཁོངས་སུ་གཏོགས། དེ་ཡང་སྤྱི་ལོ1937ལོར་ཆེས་ཐོག་མར་བྱ་དེའི་ལུས་སྟེང་ནས་ཤེས་རྟོགས་བྱུང་བ་ཡིན་ཞིང་། ནད་དུག་གི་རིལ་བུའི་ཚངས་ཐིག་ལ་ན་སྨི60-200ཡོད། དབྱིབས་ནི་ཟླུམ་གཟུགས་དང་འཇོང་དབྱིབས་ཡིན། པྲོག་དབྱིབས་ནད་དུག་ནི་སྤྱི་ལོ1965ལོར་ཡོངས་སུ་ཤེས་རྟོགས་བྱུང་བ་ཡིན་མོད།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ལྷ་འབྲུམ།

ལྷ་འབྲུམ་ནི་ལྷ་འབྲུམ་ནད་དུག་གིས་བསྐྱེད་པའི་འགོ་ཤུགས་ཆེ་བའི་ཡམས་ནད་རིགས་ཤིག་ཡིན་ལ། མིག་སྔར་འཛམ་གླིང་དུ་མིའི་རིགས་ཀྱིས་རྩ་མེད་དུ་བཏང་བའི་འགོ་ནད་གཅིག་པུ་དེ་ཡང་ཡིན། དེ་ཡང་ལྷ་འབྲུམ་ནད་དུག་འགོས་རྗེས་ཀྱི་ནད་རྟགས་མི་མངོན་པའི་དུས་ཡུན་ནི་ཕལ་ཆེར་ཉིན་བཅུ་གཉིས་ཡས་མས་རེད། ཡང་ནད་དུག་འགོས་རྗེས་ཀྱི་ཐོག་མའི་དུས་ཀྱི་ནད་རྟགས་ནི་ཚ་རྒྱས་པ་དང་ཐང་ཆད་པ། མགོ་ན་བ་དང་སྒལ་གཞུང་ན་བ་བཅས་ཡིན་པ་དང་། ཉིན་གཉིས་གསུམ་གྱི་རྗེས་སུ་ལྷ་འབྲུམ་ཐོར་བུས་གདོང་ཡོངས་ཁྱབ་པར་སྲིད་ལ། ལག་ངར་དང་དཔུང་བ། བྱིན་ཤ་སོགས་ཀྱང་དེ་བཞིན་ཡིན། ཐོར་བུ་ཐོག་མར་འབུད་པའི་དུས་སུ་དམར་ཐིག་ལྷུང་བ་དང་། ཉིན་འགའ་འགོར་རྗེས་རྣག་འབྲུམ་དུ་གྱུར་ནས་བདུན་ཕྲག་གཉིས་སོང་བའི་ཚེ་ན་རྨ་ཤུན་དུ་འགྱུར་འགྲོ་བ་ཡིན་ཞིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ཤ་བཀྲ།

ཤ་བཀྲ་ནི་རྒྱུན་མཐོང་གི་རྗེས་རྐྱེན་གྱིས་གྲུབ་པ་དང་ཚད་བཀག་རང་བཞིན་ལྡན་པའི་སྐྱི་པགས་ཀྱི་ཚོས་རྒྱུ་ཡལ་བའི་ནད་ཀྱི་རིགས་ཤིག་ཡིན་ཞིང་། དེ་ནི་སྐྱི་པགས་ཀྱི་ཚོས་རྒྱུ་ནག་པོའི་ནུས་པ་ཉམས་པ་ལས་བསྐྱེད་པ་ཡིན་ལ། ཕུང་བོ་ཧྲིལ་བོར་འབུད་པ་དང་། ཆེས་རྒྱུན་མཐོང་ནི་སྒལ་གཞུང་དང་མཁྲིག་མ། ལག་ངར། གདོང་། སྐེ། སྐྱེ་འཕེལ་དབང་བོའི་མཐའ་འཁོར་བཅས་ལ་འབུད་པ་དེ་ཡིན། གཞན་སྐྱེས་མའི་ནི་མཚན་ཕྱིར་འབུད་པ་མང་ལ། མང་ཆེ་བ་ནི་བུད་མེད་དར་མའི་སྐོར་ཡིན། རྒྱ་ཡིག་གི་མིང་། 白癜风 ཕྱི་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

གཅིན་ལམ་གཉན་ཚད།

གཅིན་ལམ་གཉན་ཚད་ནི་རྒྱུན་མཐོང་གི་ནད་གཞིའི་རིགས་ཤིག་ཡིན་ལ། གཅིན་ལམ་གྱི་འབྱར་སྐྱིར་གཉན་ཚད་རྒྱས་པ་ཞིག་ཡིན་པ་དང་། མང་ཆེ་བར་སྐྱེས་མ་ལ་འབྱུང་བ་ཞིག་ཀྱང་ཡིན། ནད་ཐོག་སྨན་བཅོས་ཀྱི་ཁྲོད་དུ་གཅིན་ལམ་གཉན་ཚད་ལ་དྲག་ནད་རང་བཞིན་དང་རྒྱུན་རིང་རང་བཞིན་རིགས་གཉིས་སུ་དབྱེ་བ་ཡིན། རྒྱ་ཡིག་གི་མིང་། 尿道炎 ཕྱི་ཡིག་གི་མིང་། urethritis སྨན་བཅོས་ཚན་ཁག གཅིན་ཟགས་ཕྱི་ནད་ཚན་ཁག ནད་རྟགས། གཅིན་གཏོང་གྲངས་མང་བ་དང་གཅིན་འཆོར་ལ་ཁད་བྱ་བ། གཅིན་གཏོང་དུས་ན་ཟུག་ལངས་པ། གཅིན་གྱི་ནང་དུ་ཁྲག་འདྲེས་པ་སོགས་ཡོད་ལ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

ཚོར་སྐྱེན་རང་བཞིན་གྱི་སྐྱི་པགས།

ཚོར་སྐྱེན་རང་བཞིན་གྱི་སྐྱི་པགས་ནི་གསོ་བ་རིག་པའི་ངོས་ནས་བཤད་ན། དེ་ནི་གཙོ་བོ་སྐྱི་པགས་ལ་ཟུག་གཟེར་བསྐྱེད་པའི་རྐྱེན་གྱིས་ཡིན་ལ། དཔེར་ན། ངོ་སྣུམ་དང་རྫས་འགྱུར་སྨན་རྫས། མེ་ཏོག་གི་རྡུལ། ཟས་རིགས་ཁ་ཤས། མཁའ་དབུགས་མི་གཙང་བ་ལ་སོགས་པ་ལྟ་བུ། དེ་དག་གིས་སྐྱི་པགས་དམར་པོར་འགྱུར་བ་དང་ཟ་འཕྲུག་ལངས་པ། ཤུན་ལྤགས་གོག་པ། ཚོར་སྐྱེན་རང་བཞིན་གྱི་སྐྱི་པགས་ཀྱི་གཉན་ཚད་སོགས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་མི་ཉུང་བ་ཞིག་འབྱུང་བ་ཡིན་ལ། སྐྱི་པགས་དེའི་རིགས་ལ་ནི་རྒྱུན་པར་གཟབ་གཟབ་བྱ་དགོས་པ་ཡིན།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

དབུགས་ལམ་རེད་པ།

ནད་དུག་རང་བཞིན་གྱི་དབུགས་ལམ་རེད་པ་ནི་བྱིས་པའི་དུས་སྐབས་ཀྱི་རྒྱུན་མཐོང་ནད་རིགས་ཤིག་ཡིན་ལ། དུས་ཚིགས་བཞི་བོར་འབྱུང་བའི་ནད་ཅིག་ཡིན་པར་མ་ཟད། མི་རེ་རེར་ལོ་རེའི་ནང་དུ་ཐེངས་དུ་མར་འབྱུང་སྲིད་པ་དང་། གཙོ་བོ་སྣ་དང་མིད་པ། ལྐོག་རྨེན། ཨོག་སྐོར་སོགས་ལ་གནོད་སྐྱོན་ཐེབས་ནས་རང་རང་སོ་སོའི་གཉན་ཚད་བསྐྱེད་པ་དེ་རེད། རྒྱ་ཡིག་གི་མིང་། 呼吸道感染 ནད་རྟགས། ནད་དུག་རང་བཞིན་གྱི་དབུགས་ལམ་རེད་པ་ལ་རྒྱུན་མཐོང་གི་ནད་རྟགས་རིགས་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་སྤྱིར་བཏང་གི་ཆམ་པའི་རིགས་ཀྱི་དབུགས་ལམ་རེད་པ་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ནུ་ཏོག་སྐྲན་གྱི་ནད་དུག

ནུ་ཏོག་སྐྲན་གྱི་ནད་དུག་ནིpapilloma virusཡི་མིང་ལས་བྱུང་བ་ཡིན་ལ། ནུ་ཏོག་སྐྲན་གྱི་ནད་དུག་དང་སྐྲན་མང་ནད་དུག སྤྲ་རིགས་ཀྱི་ཝུ་བའི་དབྱིབས་ཀྱི་ནད་དུག་གསུམ་ནི་ནད་དུག་གང་དེའི་ཁོངས་སུ་གཏོགས་པ་དང་། ཕལ་ཆེ་བ་ནི་སྐྲན་ནད་བསྐྱེད་པའིDNAཡི་ནད་དུག་ཡིན། རྒྱལ་སྤྱིའི་ནད་དུག་རིགས་དབྱེ་ཨུ་ཡོན་ལྷན་ཁང(ICTV,virustaxonomy-1999) གིས་ཆོག་མཆན་བཀོད་པ་ལྟར། ནུ་ཁུང་མང་བའི་ནད་དུག་ཚན་ཁག་མེད་པར་བཟོས་པ་དང་མཉམ་དུ་ནུ་ཏོག་སྐྲན་གྱི་ནད་དུག་ཚན་ཁག་དང་སྐྲན་མང་ནད་དུག་ཚན་ཁག་གཉིས་གསར་འཛུགས་བྱས། རྒྱ་ཡིག་གི་མིང་། 乳头瘤病毒 ཕྱི་ཡིག་གི་མིང་། papilloma virus སྨན་བཅོས་ཚན་ཁག པགས་ནད་ཚན་ཁག འགོ་ཁྱབ་རང་བཞིན། མེད། ཁྱད་ཆོས། ནུ་ཏོག་སྐྲན་གྱི་ནད་དུག་གིས་ནི་མི་དང་ནོར།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

མཚན་ཕྱིའི་གཉན་ཚད།

མཚན་ཕྱིའི་གཉན་ཚད་ནི་ནད་ཀྱི་འབྱུང་རྩ་དང་ཟུག་གཟེར་བསྐྱེད་བྱའི་རྒྱུ་སྣ་ཚོགས་ཀྱིས་བསྐྱེད་པའི་མཚན་ཕྱིར་གཉན་ཚད་རྒྱས་པའི་ནད་ཀྱི་རིགས་ཤིག་ཡིན་ལ། མང་ཆེ་བར་སྐྱེ་ལམ་གཉན་ཚད་དང་གཅིན་ཟགས་སྡེ་ཁོངས་ཀྱི་ནད། བཤང་སྒོའི་གཞང་དཀར་ནག་གི་ནད་དམ་ཕུང་བོ་ཧྲིལ་བོའི་འདུས་ནད། ཡང་ན་མཚན་ཕྱིའི་ནད་ཀྱི་འཕོ་འགྱུར་གྱི་གོ་རིམ་ལས་མངོན་པའི་ནད་གཞིའི་གྲས་ཀྱི་གཅིག་ཡིན། མཚན་ཕྱིའི་གཉན་ཚད་ཀྱི་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ནི་མཚན་ཕྱིའི་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་ན་ཟུག་བསྐྱེད་པ། ཚ་རྒྱས་པ་སོགས་ཀྱི་ཚོར་བ་འབྱུང་བར་མ་ཟད། སྐྲངས་པ་དང་འབྲུམ་བུ་དམར་པོ་འབུད་པ།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།

ནད་དུག་ཕྲ་རབ།

ཁྱིའི་ནད་དུག་ཕྲ་རབ་ནི་ཁྱི་གུར་ཁྱིའི་ནད་དུག་ཕྲ་རབ་བྱུང་བ་ལས་བསྐྱེད་པའི་དྲག་ནད་རང་བཞིན་གྱི་འགོ་ནད་རིགས་ཤིག་ཡིན་ལ། ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་ཁྲོད་ཁྱད་ཆོས་གཙོ་ཆེ་བ་གཉིས་ཡོད། དེ་ནི་ཁྲག་འཛག་རང་བཞིན་གྱི་རྒྱུ་མའི་གཉན་ཚད་ནི་བསྐྱུག་པ་གཙོ་བོར་བྱས་ཤིང་། ཁྲག་འཛག་རང་བཞིན་གྱི་རྒྱུ་མའི་གཉན་ཚད། ཁྲག་རིལ་དཀར་པོ་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་སོགས་དེའི་ཁྱད་ཆོས་གཙོ་བོ་ཡིན། ཡང་སྙིང་ཤའི་གཉན་ཚད་ཀྱི་ཁྱད་ཆོས་གཙོ་བོ་ནི་གློ་བུར་དུ་འཆི་བ་དེ་ཡིན། དེ་ཡང་ནད་ཐོག་སྨན་བཅོས་ཀྱི་མངོན་སྟངས་རིགས་གང་དུ་གཏོགས་ཀྱང་། མང་ཆེ་བ་ནད་བྱུང་ཚད་དང་འཆི་བའི་ཚད་ཤིན་ཏུ་མཐོ་བར་མ་ཟད།

རིགས་དབྱེ།   རང་བྱུང་ཁམས།འབུ་ཕྲ་རབ།