ཕྲ་ཕུང་།

ཕྲ་ཕུང་ནི་སྐྱེ་དངོས་ཀྱི་ལུས་དང་བྱེད་ལས་ཀྱི་གཞི་རྩའི་ཚན་པ་ཡིན། ཕྲ་ཕུང་གི་བཟོ་ལྟ་ནི་སྒོར་མོ་དང་། ནར་མོ། གཟེ་མ། ཟུར་མང་། ཟླུམ་པོ། ལེབ་མོ། མདོངས་དབྱིབས་སོགས་སྣ་ཚོགས་ཡོད་པ་དང་། ཆེ་ཆུང་ལ་སྨི་ཕྲ་རབ10ཅན་ནས་ལི་སྨི55ཅན་བར་དུ་མི་འདྲ་བ་མང་པོ་ཡོད། རྒྱ་ཡིག་གི་མིང་། 细胞 ཕྱི་ཡིག་གི་མིང་། cell ངོ་སྤྲོད། སྤྱི་ལོ1665ལོར། དབྱིན་ཇིའི་ཚན་རིག་པR.ཧུ་ཁོ་ཡིས་སྦྲང་ཚང་ལྟ་བུའི་ཤིང་གི་ཕྲ་ཕུང་ཤེས་རྟོགས་བྱུང་བས་སྐྱེ་དངོས་ཀྱི་གྲུབ་ཐུང་ཕྲ་རབ་རྟོག་ཞིབ་བྱེད་པར་འཇུག་པའི་སྒོ་ཞིག་ཕྱེས་པ་རེད།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

ཉིང་སྐྱུར།

ཉིང་སྐྱུར་ནི་ཕྲ་ཕུང་དུ་རྒྱུད་འདེད་ཆ་འཕྲིན་འཁྱེར་བའི་དངོས་རྫས་ཤིག་ཡིན་ལ། དེས་སྐྱེ་དངོས་གཟུགས་ཀྱི་རྒྱུད་འདེད་དང་གཞན་འགྱུར། སྤྲི་དཀར་རྫས་ཀྱི་སྐྱེ་དངོས་འདྲེས་གྲུབ་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད། རྒྱ་ཡིག་གི་མིང་། 核酸 ཕྱི་ཡིག་གི་མིང་། nucleic acid རིགས་དབྱེ། དབྱང་བྲལ་ཉིང་ཧྭགས་ཉིང་སྐྱུར། ཉིང་ཧྭགས་ཉིང་སྐྱུར། ཆ་རྡུལ་གྱི་བསྡོམས་འབོར། སྤྱིར་བཏང་དུ་ཁྲི་བཅུ་གྲངས་ནས་ཁྲི་བརྒྱའི་བར་ཡིན། ངོ་སྤྲོད། སེམས་ཅན་རིགས་ཀུན་གྱིས་རང་རང་གི་རིགས་རྒྱུད་འཛིན་ཞིང་སྤེལ་བ་དེར་རྒྱུད་འཛིན་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

སྐྱེ་དངོས་ཕྲ་རབ།

སྐྱེ་དངོས་ཕྲ་རབ་ཟེར་བ་ནི་སྐྱེ་དངོས་ཕྲ་མོ་སྣ་ཚོགས་ལ་ཟེར་ཏེ་གཟུགས་ཤིན་ཏུ་ཆུང་བས་ཆེ་ཤེལ་ལ་བརྟེན་ན་གཞི་ནས་མཐོང་ཐུབ། དེ་ཉིད་སྐྱེ་འཚར་དང་སྐྱེ་འཕེལ་མགྱོགས་པོ་ཡོད་པས་རང་བྱུང་ཁམས་སུ་རིགས་སྣ་དང་གྲངས་འབོར་ཤིན་ཏུ་མང་བ་རེད། རྒྱ་ཡིག་གི་མིང་། 微生物 ཕྱི་ཡིག་གི་མིང་། Micro-Organism རྣམ་གྲངས། འབུ་ཕྲ། འབུ་ཕྲ་ངོ་མ། གདོད་སྐྱེས་སྲོག་ཆགས། ནད་དུག ཁྱད་ཆོས། རིགས་མང་ཞིང་གཟུགས་ཕྲ་བ། དབྱེ་བ། སྐྱེ་དངོས་ཀྱི་རིགས་དབྱེ། མིའི་དབར་གྱི་འབྲེལ་བ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

ཧྭགས་རིགས།

ཧྭགས་རིགས་ཀྱི་ཆ་རྡུལ་ཐམས་ཅད་ནིCགཞི་རྒྱུ་དངHགཞི་རྒྱུ། Oགཞི་རྒྱུ་གསུམ་གྱིས་གྲུབ་པ་ཡིན། ཧྭགས་རིགས་ཆ་རྡུལ་མང་ཆེ་བའི་ཆིང་མ་རྡུལ་དང་དབྱང་མ་རྡུལ་གྱི་སྡུར་ཚད་ནི་2སྡུར1ཡིན་པས། ཆུའི་ཆ་རྡུལ་དང་འདྲ། སྐྱེ་བཅས་འདྲེས་གྲུབ་དངོས་རྫས་ཤིག་ཡིན་ལ་ཐཱན་ཆུ་འདྲེས་འགྱུར་རྫས་ཀྱང་ཟེར། རྒྱ་ཡིག་གི་མིང་། 糖类 碳水化合物 ཕྱི་ཡིག་གི་མིང་། sugar saccharide carbohydrate ངོ་སྤྲོད། ཚེ་སྲོག་ནི་མེ་འབར་བཞིན་པའི་མེ་ཐབ་ཅིག་དང་འདྲ་བར་རྒྱུན་མི་ཆད་པར་ནུས་ཚད་འཛད་ཀྱིན་ཡོད། མི་དར་མ་ཞིག་འགུལ་སྐྱོད་མེད་པར་བསྡད་པ་ཡིན་ན་ཞག་མ་གཅིག་ལ་ཚ་དྲོད་སྟོང་ཁཱ2400འཛད་འགྲོ་བ་རེད།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

འབུ་ཕྲ།

འབུ་ཕྲ་ནི་སྐྱེ་དངོས་ཀྱི་ཁམས་སུ་རྒྱ་ཁྱབ་ཏུ་གནས་པའི་ཕྲ་ཕུང་རྐྱང་མའི་གདོད་སྙིང་སྐྱེ་དངོས་ཡིན། ས་རྒྱུ་དང་། མཁའ་དབུགས། ཆུ་བཅས་སུ་འབུ་ཕྲས་མ་ཁྱབ་ས་མེད་པ་དང་། རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་ཀྱི་ལུས་པོའི་ཕྱི་ནང་ཀུན་ཏུ་ཡང་འབུ་ཕྲ་མཉམ་སྐྱེས་དང་། གཞན་རྟེན་ནམ་ཟུར་རྟེན་གྱིས་སྐྱེས་ཡོད། རྒྱ་ཡིག་གི་མིང་། 细菌 ལ་ཏིང་གི་སྐད། bacteria ཕྱི་ཡིག་གི་མིང་། germs ཁམས། འབུ་ཕྲའི་ཁམས། སྒོ། འབུ་ཕྲ་སྒོ། གཞི་རྩའི་གྲུབ་ཆ། ཕྲ་ཕུང་སྐྱི་ལྤགས།ཕྲ་ཕུང་གི་སྤྱིན་གཟུགས། ཉིང་ཧྭགས་གཟུགས། དམིགས་གསལ་གྲུབ་ཚུལ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

འཚོ་རྒྱུ།

འཚོ་རྒྱུ་ནི་མི་དང་སྲོག་ཆགས་ཀྱི་རྒྱུན་ལྡན་གྱི་སྐྱེ་ཁམས་ནུས་པ་སྲུང་འཛིན་རྒྱུན་འཁྱོངས་བྱེད་ཆེད། ངེས་པར་དུ་བཟའ་བཅའ་ལས་ལེན་དགོས་པའི་ཕྲན་ཚན་སྐྱེ་ལྡན་དངོས་པོའི་གྲས་ཤིག་ཡིན། མིའི་ལུས་ཕུང་གི་སྐྱེ་འཚར་དང་རྙིང་ཚབ་གསར་བརྗེ། འཚར་སྐྱེའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད། རྒྱ་ཡིག་གི་མིང་། 维生素 ཕྱི་ཡིག་གི་མིང་། vitamin མིང་གཞན། ཝེ་ཐཱ་མིང་། གནས་སྟངས། འཚོ་རྒྱུ་དེ་སྔའི་རྣམ་པའི་ཐོག་ནས་ཟས་རིགས་ཁྲོད་གནས་པ། ནང་དོན། སྲོག་འཚོ་བའི་དངོས་པོ། ནུས་པ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

རྒྱུད་འདེད།

བུས་ཕ་མའི་རྒྱུད་འདེད་པ་ལྟར་སྐྱེ་དངོས་ཀྱི་མ་རྒྱུད་ཀྱིས་རང་ཉིད་དང་འདྲ་མཚུངས་ཀྱི་ཕྱི་རབས་པ་བསྐྱེད་པའི་གོ་རིམ་དེ་ལ་རྒྱུད་འདེད་ཟེར། རྒྱ་ཡིག་གི་མིང་། 遗传 ཕྱི་ཡིག་གི་མིང་། heredity ངོ་སྤྲོད། བུས་ཕ་མའི་རྒྱུད་འདེད་པ་ལྟར་སྐྱེ་དངོས་ཀྱི་མ་རྒྱུད་ཀྱིས་རང་ཉིད་དང་འདྲ་མཚུངས་ཀྱི་ཕྱི་རབས་པ་བསྐྱེད་པའི་གོ་རིམ་དེ་ལ་རྒྱུད་འདེད་ཟེར། རྒྱུད་འདེད་དངོས་རྫས་ཀྱི་གཞི་རྩ་ནི་དབྱང་བྲལ་ཉིང་ཧྭགས་ཉིང་སྐྱུརDNAཡིན་པ་དང་། མ་རྒྱུད་ཀྱི་རྒྱུད་འདེད་དངོས་རྫསDNAདེ་བུ་རྒྱུད་ལ་རྒྱུད་ཀྱི་ཡོད་པས། རྒྱུད་འདེད་གྱི་རྣམ་པ་དང་རིགས་རྒྱུད་ལྟོས་བཅས་ཀྱིས་གཏན་ཆགས་ཡོང་གི་ཡོད་ལ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

ཚི་སྣའི་རྒྱུ།

ཚི་སྣའི་རྒྱུ་ནི་རང་བྱུང་དང་སྐྱེ་བཅས་ཀྱི་མངོན་མཐོའི་ཆ་རྡུལ་གྱི་འདྲེས་སྦྱོར་རྫས་ཤིག་ཡིན་པ་དང་། དེའི་ཆ་རྡུལ་གྱི་སྤྱི་འགྲོས་ནི(C6H10O5)nཡིན་ལ་ཧྭགས་མང་ཅན་ཡིན། རྒྱ་ཡིག་གི་མིང་། 纤维素 ཕྱི་ཡིག་གི་མིང་། cellulose རྫས་འགྱུར་ཚུལ། (C6H10O5)n ཆ་རྡུལ་གྱི་འབོར་གྲངས། 50000~2500000 ངོ་སྤྲོད།                                                    ཚི་སྣའི་རྒྱུ་ནི་རང་བྱུང་དང་སྐྱེ་བཅས་ཀྱི་མངོན་མཐོའི་ཆ་རྡུལ་གྱི་འདྲེས་སྦྱོར་རྫས་ཤིག་ཡིན་པ་དང་། དེའི་ཆ་རྡུལ་གྱི་སྤྱི་འགྲོས་ནི(C6H10O5)nཡིན་ལ་ཧྭགས་མང་ཅན་ཡིན། དེ་ནི་རྩི་ཤིང་གི་ཕྲ་ཕུང་ལྡེབས་ངོས་འགྲུབ་བྱེད་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

ཚོས་གཟུགས།

ཚོས་གཟུགས་ནི་ཕྲ་ཕུང་རྒྱུའི་ནང་གི་དབྱང་བྲལ་ཉིང་ཧྭགས་ཉིང་སྐྱུརDNAདང་། སྤྲི་དཀར་དང་ཉིང་ཧྭགས་ཉིང་སྐྱུརRNAབཅས་ཀྱིས་གྲུབ་པའི་རང་གིས་རང་ཉིད་བསྐྱར་སྐྱེད་བྱེད་ཐུབ་པའི་སྐུད་གཟུགས་ཕུང་པོ་ཞིག་ཡིན། རྒྱ་ཡིག་གི་མིང་། 染色体 ཕྱི་ཡིག་གི་མིང་། Chromosome གྲུབ་ཚུལ། DNAདང་སྤྲི་དཀར་རྫས། དོན་སྙིང་། རྒྱུད་འཛིན་གྱི་གཞི་རྟེན། ངོ་སྤྲོད། ཚོས་གཟུགས་ནི་ཕྲ་ཕུང་རྒྱུའི་ནང་གི་དབྱང་བྲལ་ཉིང་ཧྭགས་ཉིང་སྐྱུརDNAདང་། སྤྲི་དཀར་དང་ཉིང་ཧྭགས་ཉིང་སྐྱུརRNAབཅས་ཀྱིས་གྲུབ་པའི་རང་གིས་རང་ཉིད་བསྐྱར་སྐྱེད་བྱེད་ཐུབ་པའི་སྐུད་གཟུགས་ཕུང་པོ་ཞིག་ཡིན།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།

སྤྲི་དཀར་རྫས།

སྤྲི་དཀར་རྫས་ནི་མིའི་ལུས་ཕུང་གྲུབ་བྱེད་དང་ཕྲ་ཕུང་ཡོངས་ཀྱི་གྲུབ་ཆ་གཙོ་བོ་ཡིན། སྐྱེ་ལྡན་ཕུང་པོ་ཡོད་ཚད་ཀྱི་གྲུབ་ཆར་སྤྲི་དཀར་རྫས་དགོས་པ་ཡིན། སྤྱིར་བཏང་དུ་སྤྲི་དཀར་རྫས་ཀྱིས་མིའི་ལུས་ཕུང་ཡོངས་རྫོགས་སྤུས་ཚད་ཀྱི18%ཟིན། ཆེས་གཙོ་བོ་ནི་སྤྲི་དཀར་རྫས་དེ་ཚེ་སྲོག་དང་འབྲེལ་བ་ཆེན་པོ་ཡོད། རྒྱ་ཡིག་གི་མིང་། 蛋白质 ཕྱི་ཡིག་གི་མིང་། protein རྡུལ་ཕྲན་བསྡོམས་འབོར། ཆ་སྙོམས་ཨན་གཞི་སྐྱུར100ཡོད། གྲུབ་ཚུལ། ཨན་གཞི་སྐྱུར་རིགས20ཡོད་པ། ངོ་སྤྲོད། སྤྲི་དཀར་རྫས་ནི་སྐྱེ་དངོས་ཀྱི་ཕུང་ཁམས་སུ་ཡོངས་ཁྱབ་ཏུ་ཡོད་པའི་ཨན་གཞི་སྐྱུར་གྱིས་གྲུབ་པའི་ཆ་རྡུལ་ཆེ་བ་ཡིན།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས་ཕྲ་རབ།