པུའུ་ཧྲི་དབྱུག་སྲིན་ནད་ཀྱི་ཁྱད་ཆོས་དང་ནད་གཞི་འགོ་ཁྱབ་ཀྱི་བརྒྱུད་ལམ།

པུའུ་ཧྲི་དབྱུག་སྲིན་ནད་ཀྱི་མིང་གཞན་ལ་རླབས་དབྱིབས་ཚ་ནད་ཅེས་བརྗོད། དེ་ནི་པུའུ་ཧྲི་དབྱུག་སྲིན་གྱིས་བསླངས་པའི་མི་ཕྱུགས་མཉམ་ཕོག་གི་ལུས་པོ་ཧྲིལ་བོར་ཁྱབ་པའི་འགོས་ནད་ཅིག་ཡིན།

རིགས་དབྱེ།  

ཞིང་ལས་འབུ་སྲིན་དང་གནོད་འབུ་འགོག་བཅོས།

ཞིང་ལས་འབུ་སྲིན་དང་གནོད་འབུ་འགོག་བཅོས་ནི་འབུ་སྲིན་སྐྱེ་ཁམས་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པ་ཞིབ་འཇུག་གི་ཁ་ཕྱོགས་སུ་འཛིན་པའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ཤ་ཁྲིའི་ནད།

འདིར་སྔོ་ཚོད་ཀྱི་གནོད་འབུ་ཤ་ཁྲིའི་ནད་ཀྱི་ནད་རྟགས་དང་འགོག་བཅོས་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་ཕྲན་བུ་བྱས་ཡོད།

རིགས་དབྱེ།  

གཉན་སྲིན་དུག་ནད།

འདིར་སྔོ་ཚོད་ཀྱི་གནོད་འབུ་གཉན་སྲིན་དུག་ནད་ཀྱི་ནད་རྟགས་དང་འགོག་བཅོས་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་ཕྲན་བུ་བྱས་ཡོད།

རིགས་དབྱེ།  

རླམ་ནད་དཀར་པོ།

གནོད་འབུ་འདིས་ཐོག་མར་ལོ་མ་འོག་མར་ནད་འགོ་བ་དང་ཁྲ་ཐིག་ནད་ལ་ལོ་མའི་རྩ་རིས་ཀྱིས་འགོག་རྐྱེན་ཐེབས་པས་ཟུར་མང་ཅན་དུ་འགྱུར་ཞིང་མདོག་ལྗང་སེར་དང་ཁམ་སེར་དུ་འགྱུར་ལ། ལོ་མའི་རྒྱབ་ཏུ་རླམ་སྤུ་དཀར་པོ་ཆགས། ཚབས་ཆེ་བའི་སྐབས་སུ་ནད་འགོས་པའི་ལོ་མ་སྐམ་པའམ་རུལ་འགྲོ་བ་རེད།

རིགས་དབྱེ།  

སྐྱེ་དངོས་གནོད་འབུ།

གནོད་འབུ་འདིས་ལོ་མའི་ཁུ་བ་འཇིབ་པ་དང་ལོ་མ་ཇེ་ཆུང་དུ་སོང་ནས་མདོག་དམར་པོར་འགྱུར་ཞིང་། གཞུང་རྟའི་སྟེང་དུ་འབྲས་བུ་སྨིན་པར་གནོད་སྐྱོན་ཐེབས་ངེས་ཡིན་པར་མ་ཟད། ད་དུང་གཉན་སྲིན་དུག་ནད་མཆེད་དུ་འཇུག་ངེས་ཡིན་ལ། འདིར་སྐྱེ་དངོས་གནོད་འབུའི་ནད་རྟགས་དང་འགོག་བཅོས་བྱེད་ཐབས་ཀྱི་སྐོར་ངོ་སྤྲོད་ཕྲན་བུ་བྱས་ཡོད།

རིགས་དབྱེ།  

སྐེ་འབུ་ལྗང་ནག

འབུ་ཆུང་གིས་ལོ་མ་ཟ་བ་དང་ཚབས་ཆེ་བའི་སྐབས་སུ་ལོ་མའི་རྩ་རིས་མ་གཏོགས་མི་ལུས། མྱུ་གུའི་དུས་སུ་གནོད་སྐྱོན་ཐེབས་པ་ཚབས་ཆེ་བའི་སྐབས་སུ་གཞུང་རྟ་ཤི་ནས་ཚོད་མ་མགོ་བཏུམ་པར་གནོད་སྐྱོན་བཟོ། གལ་ཏེ་ཚོད་མ་མགོ་མ་བཏུམ་གོང་ལ་འགོག་བཅོས་མ་བྱས་ཚེ་འབུ་ཆུང་ལོ་མའི་ནང་དུ་འཛུལ་ཏེ་ལོ་མ་ཟ་བར་མ་ཟད། འབུ་སྐྱག་བཏང་ནས་ཚོད་མའི་དཀྱིལ་སྙིང་བཙོག་པོར་བཟོ་བ་དང་ཐ་ན་རྙིད་དུ་བཅུག་སྟེ་ཚོད་མའི་སྤུས་ཀ་དང་ཐོན་ཚད་ལ་གནོད་པ་བསྐྱལ་ངེས་རེད།

རིགས་དབྱེ།  

མེ་ལྕེབ་འབུ་ཕྲུག

འབུ་ཕྲུག་འདི་རིགས་ཀྱིས་ལོ་མར་གནོད་པ་བསྐྱལ་ཞིང་ཟླ་གཉིས་ལོན་པའི་འབུས་ལོ་མ་ཟ་ཞིང་འབུ་ཁང་མང་པོ་གཏོད་ངེས་ཡིན། འབུ་ཕྲུག་འདི་དག་གིས་ལོ་མའི་དཀྱིལ་སྙིང་ལ་གནོད་འཚེ་གཏོང་བར་མ་ཟད། གཞུང་རྟ་གསར་བ་ཟོས་ནས་ཡར་སྐྱེས་པར་གནོད་སྐྱོན་བཟོ་ལ། ས་བོན་ཡང་ཟ་བའི་སྲོལ་ཡོད།

རིགས་དབྱེ།  

སྙི་རུལ་སྲིན་ནད།

ཚོད་དཀར་ཆེ་བ་མགོ་བཏུམས་པའི་སྐབས་སུ་ནད་འགོ་སླ་ཞིང་རྩད་ཁག་ལ་ཆུ་བསགས་ཏེ་རྙིད་པར་འགྱུར་བ་དང་ཕྱི་ལྤགས་སྐམ་ནས་རུལ་ཞིང་མདོག་ཁམ་ནག་དང་སྐྱ་ནག་ཏུ་གྱུར་ཏེ་དྲི་ངན་བྲོ་བ་རེད།

རིགས་དབྱེ།  

ས་འབུ།

ས་འབུ་འདིའི་རིགས་ལ་ས་འབུ་མགོ་སེར་དང་ས་འབུ་དཀར་པོ། ས་འབུ་ནག་པོ། ས་འབུ་སེར་ནག་སོགས་སྣ་ཁ་ཧ་ཅང་མང་པོ་ཞིག་ཡོད་པ་དང་ཚང་མས་ཞིང་ལས་སྐྱེ་དངོས་ལ་གནོད་སྐྱོན་མི་འདྲ་བ་བཟོ་བ་རེད།

རིགས་དབྱེ།  

གནོད་འབུ་སྐེ་ཕྲ།

གནོད་འབུ་སྐེ་ཕྲ་དང་ཧོས་ཞང་ཕྱེ་ལེབ་གཉིས་ཀྱིས་ལ་སེར་ལ་གནོད་སྐྱོན་ཆེན་པོ་བཟོ་བ་ཡིན་ཞིང་། གནོད་འབུ་མང་བའི་སྐབས་སུ་དུས་ཐོག་ཏུ་སྨན་རྫས་གཏོར་ཏེ་འགོག་བཅོས་བྱས་ན་ཕན་འབྲས་བཟང་།

རིགས་དབྱེ།  

ལྡིང་སྦུར་རྒྱབ་སེར།

འབུ་རྒན་དང་འབུ་ཕྲུག་ཚང་མས་གནོད་སྐྱོན་བཟོ། འབུ་རྒན་གྱིས་ཁ་ལོའི་ནང་སྙིང་ཟ་བ་དང་ལོ་མ་ཟོས་ནས་ཁུང་བུ་མང་པོ་བཏོད་པ་དང་། ལྷག་པར་དུ་དཀྱིལ་སྙིང་གི་ཁ་ལོ་རློན་ནུ་ཟ་རྒྱུར་དགའ་བས་གནོད་འཚེ་ཐེབས་པའི་ཁ་ལོར་སྐྱེ་སྣེ་མེད་པ་དང་། ཚབས་ཆེ་བའི་ས་ནས་རྟག་པར་ས་བོན་མེད་པར་བཟོ་བ་རེད།

རིགས་དབྱེ།