ནད་དུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནད་དུག
ནད་དུག་ནི་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་འདུས་རྡུལ་གཅིག་དང་སྤྲི་དཀར་བཅུད་ཀྱིས་གྲུབ་པའམ། སྤྲི་དཀར་གྱི་བཅུད་ཁོ་ནས་གྲུབ་པར་ཟད། ནད་དུག་བྱེ་བྲག་པ་ནི་རབ་ཏུ་ཆུང་ལ། གྲུབ་ཚུལ་ཧ་ཅང་སྟབས་བདེ་ཡིན། ནད་དུག་ལ་ཕྲ་ཕུང་གི་གྲུབ་ཚུལ་མེད་པ་དང་། དེ་ནི་རྙིང་ཚབ་གསར་བརྗེ་ལ་ངེས་པར་མཁོ་བའི་གཞི་རྩའི་མ་ལག་གྲུབ་མེད་པས། ནད་དུག་རང་སྟེང་ནས་འདྲ་བཤུས་བརྒྱབ་མི་ཐུབ་མོད། འོན་ཀྱང་ནད་དུག་དེ་ཕྲ་ཕུང་རྟེན་གནས་དང་འཕྲད་པའི་ཚེ་ན། སྤྲི་དཀར་བཅུད་ཀྱི་ཕྱི་ཤུན་གོག་འགྲོ་བ་རེད་ལ། ནད་དུག་གི་སྤྲི་དཀར་བཅུད་དེ་རྟེན་གནས་ཕྲ་ཕུང་གི་ནང་དུ་ཞུགས་པ་ན། རྟེན་གནས་ཕྲ་ཕུང་ལ་བརྟེན་ནས་མ་ལག་འདྲ་བཤུས་བརྒྱབ་པ་དང་། ནད་དུག་གི་གཞི་རྒྱུའི་བཀོད་འདོམས་ལྟར་ནད་དུག་གསར་བ་འདྲ་བཤུས་བརྒྱབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
病毒
ཕྱི་ཡིག་གི་མིང་།
Virus
1 ཁྱད་ཆོས།

(1)གྲུབ་གཟུགས་ཧ་ཅང་ཆུང་བའི་རྐྱེན་གྱིས་སྤྱིར་བཏང་དུ་འབུ་ཕྲའི་འཚག་ཆས་ཀྱང་བརྒྱུད་ཐུབ་ལ། གློག་རྡུལ་ཕྲ་མཐོང་ཆེ་ཤེལ་སྤྱད་ཚེ། ད་གཟོད་ལྟ་ཞིབ་གསལ་བོ་བྱ་ཐུབ།

(2)ཕྲ་ཕུང་གི་གྲུབ་ཚུལ་མེད་ལ། གྲུབ་ཆ་གཙོ་བོ་ནི་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་དང་སྤྲི་དཀར་བཅུད་གཉིས་ཡིན།

(3)ནད་དུག་རིགས་གཅིག་ལ་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་རིགས་གཅིག་འདུ་ལ། དེ་ནིDNAམིན་ནRNAཡིན་དགོས།

(4)སྤྱིར་བཏང་གི་དུག་སྲིན་འགོག་སྨན་དང་འཕྲད་ཚེ་ཚོར་བ་སྐྱེན་པོ་མེད་མོད། འོན་ཀྱང་འགལ་རྐྱེན་བཟོ་བའི་སྨན་དང་འཕྲད་ཚེ་ཚོར་བ་སྐྱེན་པོར་འགྱུར་བ་ཡིན།

(5)ནད་དུག་ལ་ལའི་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་ནི་རྟེན་གནས་ཀྱི་གཞི་རྒྱུའི་ནང་དུ་བསྲེས་ཆོག་པར་མ་ཟད། གབ་པའི་རང་བཞིན་གྱི་འགོ་ནད་ཀྱང་བསྐྱེད་སྲིད།

2 དབྱེ་བ།

(1)དབུགས་ལམ་གྱི་ནད་དུག་དང་རྒྱུ་མའི་ནད་དུག  འབྱར་བག་ཅན་གྱི་ནད་དུག  སིབ་བིའི་ནད་དུག  རྒྱུངས་སྐྱའི་གཉན་ཚད་ནད་དུག

(2)འབུ་སྨྱན་ནད་དུག་དང་ཁྲག་འཛག་ནད་དུག  དར་ཁྱབ་རང་བཞིན་གྱི་ཀླད་སྐྱིའི་གཉན་ཚད་ཁ་པའི་ནད་དུག  ཏེང་ཀོ་ཚ་བའི་ནད་དུག  ཨའེ་པོ་ལའི་ནད་དུག

(3)ཁྱི་སྨྱོན་ནད་ཀྱི་ནད་དུག་དང་ནད་ཀྱི་ངོ་བོ་ཇེ་སྡུག་ཏུ་འགྲོ་བའི་ནད་དུག  མིའི་རིགས་ཀྱི་རིམས་འགོག་ནུས་ཤུགས་ཞན་པའི་ནད་དུག  མིའི་རིགས་ཀྱི་ཕྲ་ཕུངTཁྱུར་མིད་ཀྱི་ནད་དུག 

(4)མཆིན་ཚད་ནད་དུག་ལ་ནི་མཆིན་ཚད་ཀ་པའི་ནད་དུག  མཆིན་ཚད་ཁ་པའི་ནད་དུག  མཆིན་ཚད་ག་པའི་ནད་དུག  མཆིན་ཚད་ང་པའི་ནད་དུག  མཆིན་ཚད་ཅ་པའི་ནད་དུག་བཅས་ཡོད།  

(5)ཆུ་བུར་ནད་དུག་ལ་ནི་ཆུ་བུར་རྐྱང་མའི་ནད་དུག་དང་དབྱིབས་ཅན་གྱི་ཆུ་བུར་ནད་དུག  ཕྲ་ཕུང་ཆེན་པོའི་ནད་དུག་བཅས་ཡོད།  

(6)མིའི་རིགས་ཀྱི་ནུ་མགོའི་ཤ་འཛེར་གྱི་ནད་དུག  འཁོར་དབྱིབས་ནད་དུག  ཟ་འབྲུམ་ནད་དུག

3 གནོད་སྐྱོན།

ནད་དུག་ལ་ལས་སྐྲན་གྱི་ནད་རྐྱེན་བསྐྱེད་པར་བྱ་ལ།  དཔེར་ན། འབྲུམ་བུའི་ནད་དུག་ཚན་ཁག་གི་རི་བོང་གི་ཚི་སྣའི་སྐྲན་དང་མིའི་འགོ་ནད་རང་བཞིན་གྱི་སྙི་འབྲུམ་ནད་དུག ནུ་མགོའི་དབྱིབས་ཀྱི་འབྲུམ་བུའི་ནད་དུག་ཚན་ཁག་གི་ནུ་མགོའི་སྐྲན་གྱི་ནད་དུག་ལྟ་བུ། ཡང་ནད་དུག་ལ་ལས་ཉེན་ཁ་ཅན་གྱི་སྐྲན་གྱི་ནད་རྐྱེན་བསྐྱེད་པར་བྱ་བ་དང་། ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་ཀྱི་རིགས་དགར་སྟངས་ལྟར་ན། DNAཡི་སྐྲན་གྱི་རིགས་དངRNAཡི་སྐྲན་གྱི་རིགས་གཉིས་སུ་ཕྱེ་ཆོག དེ་ཡངDNAཡི་སྐྲན་གྱི་ནད་དུག་རིགས་ལ་ནུ་མགོའི་དབྱིབས་ཀྱི་འབྲུམ་བུའི་ནད་དུག་གི་རྒྱུ་ཆའིSV40དང་སྐྲན་མང་ནད་དུག  གཤེར་རྨེན་གྱི་ནད་དུག་ཚན་ཁག་དང་ཆུ་བུར་ནད་དུག་ཚན་ཁག་གི་ཁོངས་མི་ཁ་ཤས་ནང་དུ་འདུ། གཞན་སྐྲན་གྱི་ཕྲ་ཕུང་ཁྲོད་ནས་ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་ཀྱི་ནད་དུག་གམ་དུམ་པ་དང་ནད་དུག་ཨང་སྒྲིག་གི་སྤྲི་དཀར་བརྟག་ཐུབ་མོད། སྤྱིར་བཏང་དུ་ནད་དུག་རིལ་བུ་ཆ་ཚང་ཞིག་ཡོད་པ་མ་ཡིན། དེ་བསDNAཡི་སྐྲན་གྱི་ནད་དུག་མང་ཆེ་བ་ལྡོག་འཇུག་ནད་དུག་ཚན་ཁག་ཏུ་གཏོགས་ལ། བྱ་ཕོ་དང་ཙི་གུའི་ཁྲག་རིལ་དཀར་བོའི་འབྲས་སྐྲན་དང་ཤ་སྐྲན་ནད་དུག་སོགས་ཀྱང་འདུ་བར་མ་ཟད། སྐྲན་གྱི་ཕྲ་ཕུང་ཁྲོད་ནས་ནད་དུག་གི་རིལ་བུ་བརྟག་ཐུབ་པ་དང་། ནད་དུག་རིགས་འདི་གཉིས་མང་ཆེ་བ་ཕྲ་ཕུང་དུ་འགྱུར་འགྲོ་བ་རེད།

མིའི་རིགས་ཀྱི་སྐྲན་ནད་ཁྲོདEBནད་དུག་དང་པོ་ཅི་ཐེ་རྨེན་བུའི་སྐྲན་ནད། སྣའི་གཉན་ཚད་འབྲས་སྐྲན་གསུམ་ལ་འབྲེལ་བ་ངེས་ཅན་ཡོད་པ་ར་སྤྲོད་བྱས་ཟིན་པ་དང་། ཁྲག་རིལ་དཀར་བོའི་འབྲས་སྐྲན་ཕྲ་ཕུངTཡི་ཁྲོད་ལྡོག་འཇུག་ནད་དུག་ཡོད་མེད་བརྟག་ཐུབ་ལ། གཞནIIརིགས་ཆུ་བུར་ནད་དུག་དང་བུ་སྣོད་ཁ་སྦུབས་ཀྱི་སྐྲན་གྱི་ནད་རྐྱེན་གཉིས་ལ་འབྲེལ་བ་ཡོད་སྲིད། ཡང་མཆིན་ཚད་ཁ་པའི་ནད་དུག་དང་མཆིན་པའི་འབྲས་སྐྲན་གྱི་ནད་རྐྱེན་གཉིས་ལ་ཡང་འབྲེལ་བ་ཡོད་སྲིད་མོད། འོན་ཀྱང་ནད་དུག་ནི་ཧ་ལམ་ནད་ཀྱི་འབྱུང་རྐྱེན་ཁོ་ན་མ་ཡིན་པར། ཁོར་ཡུག་དང་རྒྱུད་པ་འཛིན་པའི་རྒྱུ་གཉིས་ཀྱིས་རམ་འདེགས་ཀྱི་ནུས་པ་ཐོན་པ་ཡིན་སྲིད།

4 ཕན་ནུས།

(1)ཕྲ་ཕུང་གི་བཟོ་བཀོད་ཁྲོད་དུ་ནད་དུག་ལ་ལ་ཕྲ་ཕུང་ཕན་ཚུན་མཉམ་འདྲེས་བྱ་བའི་ཞུ་རྫས་བྱས་ཆོག 

(2)རྒྱུད་འཛིན་གྱི་བཟོ་བཀོད་ཁྲོད་དུ་ནད་དུག་ནི་དམིགས་འབེན་རྒྱུད་འཛིན་གྱི་རྟེན་གཞི་བྱས་ཆོག་ལ། དམིགས་འབེན་ཕྲ་ཕུང་གི་ཚོས་ལེན་རྫས་ཕྲའི་སྟེང་དུ་ཡང་སྦྲེལ་ཆོག

(3)འབུ་ཕྲའི་གསོ་སྐྱོང་རྐྱང་བའི་ཁྲོད་དུ་བསྣན་པའི་ནད་དུག་གིས་མི་གཙང་བ་རྣམས་ཕྱི་རུ་གདོན་སྲིད།

(4)ནད་དུག་ནི་ཞིབ་ཆ་དོད་པའི་ཚོད་འཛིན་སྨན་རྫས་ཀྱི་གཞི་རྟེན་བྱས་ཆོག

(5)ནད་དུག་ནི་ཕན་ནུས་ཁྱད་པར་ཅན་གྱི་འབུ་གསོད་སྨན་རྫས་བྱས་ཆོག

(6)ནད་དུག་ནི་ནད་གཞི་བཅོས་ཐབས་ལ་ཡང་ཕན། དཔེར་ན། འབྲས་སྐྲན་ལྟ་བུ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། འབུ་ཕྲ་རབ། ནད་དུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-02-01

གསར་སྤེལ་མཁན། :ལྕགས་མོ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།