ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >སྨྱན་སྦྱོར། >ཚགས་དེབ།

ཁྲིམས་ལུགས་ཉིན་རེའི་ཚགས་པར།

《ཁྲིམས་ལུགས་ཉིན་རེའི་ཚགས་པར》ནི་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚགས་པར་ཡིན་ལ། ཉིན་རྒྱུན་གྱི་བྱ་བ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ལ་མངགས་བཅོལ་བྱས་ནས་དོ་དམ་བྱེད་པ་དང་། དེ་ནི་མིག་སྔར་ཀྲུང་གོ་རུ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་རིམ་པའི་ཁྲིམས་ལུགས་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཚགས་པར་གཅིག་པུ་ཡིན།

རིགས་དབྱེ།  

མཚོ་སྔོན་བོད་ཡིག་གསར་འགྱུར།

《མཚོ་སྔོན་བོད་ཡིག་གསར་འགྱུར》ནི1951ལོའི་ཟླ1པའི་ཚེས16ཉིན་གསར་དུ་བསྐྲུན་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་བོད་ཡིག་ཚགས་པར་ཐོག་མ་ཡིན་ལ། རང་རྒྱལ་གྱིས་བོད་ཡིག་བཀོལ་ནས་པར་དུ་བསྐྲུན་པའི་ས་གནས་ཀྱི་ཏང་གི་ཚགས་པར་ཐོག་མའང་ཡིན།

རིགས་དབྱེ།  

མི་དམངས་ཉིན་རེའི་ཚགས་པར།

མི་དམངས་ཉིན་རེའི་ཚགས་པར(People's Daily)ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ཚགས་པར་ཡིན།

རིགས་དབྱེ།  

ལས་གྲྭའི་ཇུས་འགོད་རིག་པའི་ཚགས་པར།

དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་སློབ་ཆེན་དང་ཀྲུང་གོ་འཕྲུལ་ཆས་བཟོ་སྐྲུན་རིག་པའི་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ། འཇར་མན་གྱིSpringer-VDIདཔེ་སྐྲུན་ཁང་གིས་གཉེར་རོགས་བྱས་པ། ཀྲེ་ཅང་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་རིག་གཞུང་ཟླ་ཟུང་དུས་དེབ་ཅིག་ཡིན་པ་རེད།

རིགས་དབྱེ།  

མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ནི་རྒྱལ་ཡོངས་སུ་བོད་སྐད་ཡིག་གི་ལམ་ནས་སྤེལ་བཞིན་པའི་ཁྲིམས་ལུགས་ཚགས་པར་ཉག་གཅིག་ཡིན། ཚགས་པར་འདིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་སྤེལ་ནས། ཏང་དང་སྲིད་གཞུང་གི་གསུང་སྐད་གཞི་རིམ་བོད་ཁུལ་དུ་བསྒྲགས་ཏེ། བསམ་བློ་གཅིག་གྱུར་དང་གོང་བུ་གཅིག་སྒྲིལ། སེམས་ཁམས་སྙོམས་སྒྲིག བརྟན་འཇགས་སྲུང་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཡར་སྐུལ་ས་ཁུལ་འཛུགས་པ་དང་། བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ལ་སྐུལ་འདེད་དང་མི་དམངས་ཀྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་བྱས་རྗེས་བླ་མེད་བཞག་ཡོད།

རིགས་དབྱེ།