ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >སྨྱན་སྦྱོར། >བརྡ་ཁྱབ།

ཀྲུང་དབྱང་ཕྱོགས་བསྡུས་བརྙན་འཕྲིན་ཁང་།

ཀྲུང་གོའི་ཀྲུང་དབྱང་སྣ་འཛོམས་བརྙན་འཕྲིན་ནི་ཀྲུང་དབྱང་གི་བརྙན་འཕྲིན་ཐོག་མ་དེ་ཡིན་པ་དང་། དེ་ནི་གསར་འགྱུར་གཙོ་བོར་བྱས་པ་ཞིག་ཡིན་ཞིང་། རིག་རྩལ་ཕྱོགས་བསྡུས་དང་། གློག་བརྙན་འཕྲིན། འགུལ་རིས་བཅས་ཀྱི་བརྙན་གཟུགས་ཀྱིས་གཙོ་བོ་བྱས་ཡོད་ལ། གཞན་པའི་བརྙན་གཟུགས་དང་ལེ་ཚན་ཉུང་བསྡུས་སོགས་མཉམ་འདྲེས་ཀྱིས་གྲུབ་པའི་སྣ་འཛོམས་ཀྱི་བརྙན་གཟུགས་རིགས་ཤིག་ཡིན། ཀྲུང་དབྱང་བརྙན་འཕྲིན་ནི་ཀྲུང་གོའི་ནང་ཁུལ་དུ་ཁྱབ་རྒྱ་ཆེས་ཆེ་བ་དང་། ལྟ་མཁན་གྱི་མི་གྲངས་ཆེས་མང་བ། ཤན་ཤུགས་ཐེབས་ཚད་ཆེས་ཆེ་བའི་རྒྱལ་ཁབ་རིམ་པའི་བརྙན་གཟུགས་ཤིག་ཡིན།

རིགས་དབྱེ།  

ཁེ་ལས་བརྡ་ཁྱབ།

ཁེ་ལས་བརྡ་ཁྱབ་ནི་ཐོན་སྐྱེད་རྒྱུ་ཆའི་ནང་དོན་ཅན་གྱི་བརྡ་ཁྱབ་ཡིན་ལ། དེ་ནི་གཙོ་བོ་བཟོ་ལས་ཁེ་ལས་བརྒྱུད་སྒྲོག་དང་འབྲེལ་བ་ཡོད་པའི་མ་བཅོས་རྒྱུ་ཆ་དང་འཕྲུལ་ཆས་རྒྱུ་ཆ། ལྷུ་ལག་སོགས་ཐོན་སྐྱེད་རྒྱུ་ཆའི་བརྡ་འཕྲིན་གྱི་རིགས་ཡིན། སྤྱིར་བཏང་དུ་ཆེད་ལས་ཅན་གྱི་སིལ་དེབ་དང་ཆེད་ལས་ཅན་གྱི་སྨྱན་ཆས་བེད་སྤྱད་དེ་ཆ་འཕྲིན་བརྡ་ཁྱབ་ཁྱབ་སྒྲོག་བྱེད་པ་ཞིག་ཡིན།

རིགས་དབྱེ།  

གློག་བརྙན་བརྡ་ཁྱབ།

ཨ་རི་དང་ཡོ་རོབ་གླིང་། ཉི་ཧོང་། ལྷོ་ཨ་མེ་རི་ཁ་རྒྱལ་ཁབ་སོགས་སུ་གློག་བརྙན་སྨྱན་སྦྱོར་གྱི་བརྡ་ཁྱབ་སྤྱོད་ཀྱི་ཡོད་ལ། དེ་ནི་བརྙན་འཕྲིན་དང་ཚགས་དེབ་སོགས་གཞན་པའི་བརྡ་ཁྱབ་ཀྱི་རྣམ་པ་ལས་བཀོལ་རྒྱ་ཆེ་བ་ཡིན། གློག་བརྙན་ནི་དུས་རབས་ཉི་ཤུ་བའི་ནང་དུ་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་སྣ་འཛོམས་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་ནས་མིའི་རིགས་སྤྱི་ཚོགས་ཀྱི་འཚོ་བ་དང་ནང་སེམས་ཀྱི་འཇིག་རྟེན་མཚོན་གྱི་ཡོད་ཅིང་། ལྟ་མཁན་རྣམས་ཀྱིས་གློག་བརྙན་ལས་མཐོང་པ་ནི་མི་སེམས་འགུག་ཐུབ་པའི་གཏམ་རྒྱུད་ཙམ་དང་། ཡིད་དུ་འོང་བའི་འཁྲབ་སྟོན་པ་གྲགས་ཅན་ཁོ་ན་ཙམ་མ་ཡིན་པར། ས་ཁུལ་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལྟ་ཚུལ་སོགས་ཀྱང་ཚུད་ཡོད་པ་ཞིག་ཡིན་པས། དེ་ཆེས་རྒྱ་ཆེ་བ་དང་ཆེས་ཞིབ་ཚགས་ཀྱི་སྒོ་ནས་མཚོན་ཐུབ་པའི་ཆ་འཕྲིན་གྱི་རིགས་ཤིག་ཡིན།

རིགས་དབྱེ།  

ཆ་འཕྲིན་བརྡ་ཁྱབ།

འགྲན་རྩོད་དམིགས་གཏན་ཏུ་བཟུང་སྟེ་མི་མང་ཚུར་འགུག་མངོན་དུ་འགྱུར་བར་བྱ་བའི་བརྒྱུད་སྒྲོག་གི་ལས་འགན་ཞིག་ཡིན།

རིགས་དབྱེ།  

བརྙན་འཕྲིན་བརྡ་ཁྱབ།

བརྙན་འཕྲིན་བརྡ་ཁྱབ་ནི་བརྙན་འཕྲིན་བརྒྱུད་ནས་བརྒྱུད་སྒྲོག་བྱེད་པའི་བརྡ་ཁྱབ་ཀྱི་རིགས་ལ་ཟེར་བ་དང་། དེས་རྒྱུན་དུ་ཚོང་ཟོང་དང་ཞབས་ཞུ་དང་། རྩ་འཛུགས། གོ་དོན་སོགས་བརྒྱུད་སྒྲོག་བྱེད་པ་ཡིན། བརྙན་འཕྲིན་བརྡ་ཁྱབ་མང་ཆེ་བ་ནི་ཕྱིའི་བརྡ་ཁྱབ་ཀུང་ཟིས་སྒྲིག་བཟོ་བྱས་པ་ཞིག་ཡིན་ལ། བརྙན་འཕྲིན་ལས་བརྒྱུད་གཏོང་བྱེད་པའི་དུས་ཚོད་ཉོས་ཏེ་ཁྱབ་སྒྲོག་བྱེད་པ་ཞིག་ཀྱང་ཡིན། རྣམ་པ་མི་འདྲ་བའི་ཐོན་རྫས་ཀྱི་ནུས་པ་དེ་བརྙན་འཕྲིན་བརྡ་ཁྱབ་བརྒྱུད་ནས་ཁྱིམ་སྤྱོད་གཙང་དག་དངོས་རྫས་དང་ཞིང་ལས་ཐོན་རྫས། ཞབས་ཞུ། ཐ་ན་ཆབ་སྲིད་བྱ་འགུལ་སོགས་ཁྱབ་སྒྲོག་བྱེད་པ་ཡིན། ཨ་རིར་མཚོན་ན་བརྙན་འཕྲིན་བརྡ་ཁྱབ་ཀྱིས་མི་མང་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆེ་བ་ཞིག་ཡིན།

རིགས་དབྱེ།  

བརྡ་ཁྱབ།

བརྡ་ཁྱབ་ནི་ཁྱབ་རྒྱ་ཆེ་བའི་བརྡ་སྦྱོར་གྱི་ནང་དོན་ཡིན་ལ། བརྡ་ཁྱབ་ནི་དམིགས་བསལ་གྱི་དགོས་མཁོ་གང་རུང་ཞིག་གི་ཆེད་དུ། ངེས་གཏན་གྱི་སྨྱན་ཆས་བརྒྱུད་དེ་སྤྱི་དམངས་ལ་ཁ་གཏད་པའི་བརྡ་འཕྲིན་བརྒྱུད་བསྐུར་དང་ཁྱབ་སྒྲོག་བྱེད་པའི་ཐབས་ལམ་ལ་བརྗོད་པ་ཡིན། བརྡ་ཁྱབ་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་སུ་དབྱེ་ཡོད་དེ། སྒྲ་ཡངས་འཇུག་གོ་དོན་ལ། དཔེར་ན། དཔལ་འབྱོར་མ་ཡིན་པའི་བརྡ་ཁྱབ་དང་དཔལ་འབྱོར་གྱི་བརྡ་ཁྱབ་ལྟ་བུ་ཡིན་ལ། དཔལ་འབྱོར་མ་ཡིན་པའི་བརྡ་ཁྱབ་ནི་ཁེ་ཕན་གྱི་དམིགས་ཡུལ་མེད་པའི་བརྡ་ཁྱབ་ཡིན་པ་དང་། དཔེར་ན། སྲིད་གཞུང་གི་ཁག་དང་སྤྱི་ཚོགས་ལས་དོན་ལས་རིགས། ཐ་ན་མི་སྒེར་གྱི་བརྡ་ཁྱབ་སྤྱི་བསྒྲགས་དང་ལས་དོན་ཞུ་ཡིག གསལ་བསྒྲགས་སོགས་ལྟ་བུ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། སྒྲ་དོག་འཇུག་གི་གོ་དོན་ནི་དཔལ་འབྱོར་བརྡ་ཁྱབ་ཁོ་ནར་གོ་བ་ཡིན་ལ། དེ་ལ་ཚོང་ལས་བརྡ་ཁྱབ་ཅེས་ཀྱང་ཟེར། དེ་ནི་ཁེ་ཕན་དམིགས་ཡུལ་དུ་བཟུང་བའི་བརྡ་ཁྱབ་ཡིན་ལ། རྒྱུན་དུ་ཚོང་ཟོང་ཐོན་སྐྱེད་མཁན་དང་བདག་གཉེར་བྱེད་མཁན། འཛད་སྤྱོད་པ་བཅས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བརྡ་འཕྲིན་ཐབས་ལམ་གལ་ཆེན་ཞིག་དང་ཡང་ན་ཁེ་ལས་ཀྱིས་ཁྲོམ་རའི་གནས་གཞི་འཛིན་པ་དང་ཡང་ན་ཚོང་ཟོང་འགྲེམ་སྤེལ། ཞབས་ཞུའི་ངལ་རྩོལ་མཁོ་འདོན་བཅས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་གྱི་ཁེ་ཕན་རྒྱ་སྐྱེད་པ་དེ་ཡིན།

རིགས་དབྱེ།  

སྨྱན་མང་གཟུགས་རྩིས་འཁོར།

སྨྱན་མང་གཟུགས་རྩིས་འཁོར【multimedia computer】ཞེས་པ་ནི། སྐད་གདངས་དང་པར་རིས། འགུལ་བརྙན་སོགས་སྨྱན་གཟུགས་བརྡ་འཕྲིན་གཏོང་སའི་སྣ་འཛོམས་ཀྱི་རྩིས་འཁོར་ལ་ཟེར་བ་དང་། སྨྱན་མང་གཟུགས་རྩིས་འཁོར་ནི་སྤྱིར་བཏང་དུ་སྨྱན་མང་གཟུགས་མི་སྒེར་བའི་རྩིས་འཁོར(MPC)ལ་ཟེར་གྱི་ཡོད།

རིགས་དབྱེ།  

བརྡ་ཁྱབ་རིག་པ།

བརྡ་ཁྱབ་རིག་པ་ནི་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཡིན་ལ། དེ་ནི་བརྡ་ཁྱབ་བྱ་འགུལ་གྱི་ཞིབ་འཇུག་ལོ་རྒྱུས་དང་གཞུང་ལུགས། ཐབས་ཇུས། སྒྲིག་བཟོ་དང་ལས་གཉེར་དོ་དམ་བྱེད་པའི་ཚན་རིག་ཅིག་ཀྱང་ཡིན། བརྡ་ཁྱབ་དང་འབྲེལ་བའི་ཤེས་བྱ་ནི་དང་ཐོག་གསར་འགྱུར་རིག་ཚན་དང་དཔལ་འབྱོར་རིག་ཚན་ཀྱི་ཚན་ཆུང་ནང་དུ་རགས་ཙམ་རེ་མཐོང་ཐུབ་པ་ལས་མ་ལག་ངོ་མ་ཞིག་ཏུ་གྱུར་ཐུབ་མེད། ད་ལྟའི་བར་དུ་བརྡ་ཁྱབ་ཀྱི་ཤེས་བྱ་དེ་རིག་ཚན་འདི་དག་གི་ནང་དོན་གྲུབ་ཚུལ་གྱི་ནང་གསེས་ཤིག་ཡིན་ཏེ། དཔེར་ན། གསར་འགྱུར་རིག་པ། ཁྲོམ་རའི་རིག་པ། ཁེ་ལས་ཀྱི་དོ་དམ་རིག་པ། ཚོང་ལས་སེམས་ཁམས་རིག་པ་སོགས་སུ་བརྡ་ཁྱབ་ཀྱི་ནང་དོན་རྒྱས་བཤད་བྱས་ཡོད།

རིགས་དབྱེ།  

མུ་འབྲེལ་བརྡ་ཁྱབ།

མུ་འབྲེལ་བརྡ་ཁྱབ་ཅེས་པ་ནི་གཅིག་མཚུངས་སྨྱན་ཆས་སམ་ཡང་ན་སྨྱན་ཆས་མི་འདྲ་བའི་སྟེང་དུ་རེས་འཁོར་གྱིས་བརྒྱུད་སྒྲོག་བྱེད་པའི་བརྡ་ཁྱབ་ཀྱི་རིགས་ཤིག་ཡིན་ལ། འདི་ལྟ་བུའི་བརྡ་ཁྱབ་ནི་བརྗོད་དོན་གཅིག་མཚུངས་སམ་ཡང་ན་རྣམ་པ་གཅིག་མཚུངས་སྟེང་འཕེལ་རྒྱས་བྱུང་བའི་གཞན་ལས་བརྒལ་བའི་གསར་གཏོད་ཀྱི་མངོན་སྟངས་ཤིག་ཡིན། མུ་འབྲེལ་བརྡ་ཁྱབ་དེ་ཆིག་རྐྱང་གི་བརྡ་ཁྱབ་དང་བསྡུར་ན་གསར་གཏོད་ཀྱི་རྒྱུན་མཐུད་རང་བཞིན་དང་དུས་བསྟུན་གྱི་རྒྱ་བསྐྱེད་རང་བཞིན་ལྡན་པ། སྨྱན་རྫས་གཞན་པ་དང་བར་ཁྱད་ཆེ་བའི་རང་བཞིན་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

རིགས་དབྱེ།  

ཚགས་དེབ།

ཚགས་དེབ་ཅེས་པ་ནི་ཚགས་པར་དང་དུས་དེབ་ཀྱི་སྤྱི་མིང་ལ་བརྗོད་པ་དང་། ཚགས་དེབ་ནི་ཤོག་བུའི་སྟེང་ཡི་གེ་ཕབ་སྟེ་རྒྱུ་ཆ་བརྒྱུད་སྒྲོག་བྱེད་པའི་ལག་ཆ་ལྟ་བུ་ཡིན་ལ། དེས་འགྲེལ་བཤད་དང་ཁྱབ་སྒྲོག་སོགས་ཀྱི་ནུས་པ་འདོན་གྱི་ཡོད། དེས་སྣང་བརྙན་གང་ཞིག་ལ་སྲུང་སྐྱོབ་བྱས་ཆོག་སྟེ། དཔེར་ན། ཀྲུང་གོའི«མི་དམངས་ཉིན་རེའི་ཚགས་པར» ནི་རྒྱལ་ཁབ་ཀྱི་སྣང་བརྙན་སྲུང་སྐྱོབ་བྱེད་པའི་ཚགས་པར་གྱི་རིགས་ཡིན་ལ། «བཅིངས་འགྲོལ་དམག་མིའི་ཚགས་པར» ནི་དམག་དཔུང་གི་སྣང་བརྙན་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་དང་། «ཁེ་ལས་ཚགས་པར» ནི་ཁེ་ལས་ཀྱི་སྣང་བརྙན་སྲུང་སྐྱོབ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཚོང་ཟོང་བརྡ་ཁྱབ།

ཚོང་ཟོང་བརྡ་ཁྱབ་ནི་འཛད་སྤྱོད་པར་ཁ་ཕྱོགས་ཏེ་ཚོང་ཟོང་གང་རུང་གི་ཁྱད་ཆོས་མཚམས་སྦྱོར་ཀྱིས་ཐད་ཀར་ཐོན་རྫས་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་ལ། དེའི་དམིགས་ཡུལ་ནི་ཚོང་ལམ་འབྱེད་པ་དང་ཚོང་རའི་གནས་ཁུལ་བཟུང་ཚད་ཀྱི་བརྡ་ཁྱབ་སྤེལ་བའི་བྱ་འགུལ་ཞིག་ཡིན།

རིགས་དབྱེ།  

སྤྱི་ལོ2010ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་ཞིང་སྡེ་འཕེལ་བའི་རྨང་གཞི་སྔར་ལས་བརྟན་པོར་གཏོང་བའི་སྐོར་གྱི་བསམ་འཆར་འགའ 》ཞེས་པ་ནི་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆེད་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཡིན་ཞིང་། སྤྱི་ལོ2009ལོའི་ཟླ12པའི་ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡི་གེར་ཕབ་ཅིང་གྲོས་འཆམ་བྱུང་ཞིང་། སྤྱི་ལོ2009ལོའི་ཟླ12པའི་ཚེས31ཉིན་ནས་ལག་བསྟར་བྱས།

རིགས་དབྱེ།  

སྤྱི་ལོ2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པ་ནི་ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པའི་དམིགས་འབེན་མངོན་འགྱུར་བྱ་ཆེད་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཤིག་ཡིན།

རིགས་དབྱེ།  

སྤྱི་ལོ2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་སྐོར་གྱི་བསམ་འཆར》ཞེས་པ་ནི་ཀྲུང་དབྱང་གིས་ཞིང་གསུམ་གྱི་བྱ་བར་མཛུབ་སྟོན་བྱེད་པའི་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ཡིག་ཆ་ཨང20པ་དང་། དུས་རབས་གསར་བ་ནས་བཟུང་བའི་ཡིག་ཆ་ཨང15པ་ཡིན་ཞིང་། དེའི་ཁྲོད་དུ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ལ་ཁྱོན་ཡོངས་ནས་བཀོད་འདོམས་བྱས་འདུག

རིགས་དབྱེ།  

སྤྱི་ལོ2013ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཀྱི་འཕེལ་རྒྱས་གསོན་ཤུགས་ཇེ་རྒྱས་ལ་གཏོང་བའི་སྐོར་གྱི་བསམ་འཆར་འགའ》ཞེས་པ་ནི་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་ཇེ་མགྱོགས་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་གྲོང་གི་གསོན་ཤུགས་ཇེ་རྒྱས་སུ་གཏོང་བ་དམིགས་འབེན་དུ་བྱས་ཏེ་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཤིག་ཡིན་ལ། སྤྱི་ལོ2012ལོའི་ཟླ12པའི་ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཀྱི་འཕེལ་རྒྱས་གསོན་ཤུགས་ལ་ཤུགས་རྒྱག་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པ་སྤེལ་བ་ནས་ལག་བསྟར་བྱས།

རིགས་དབྱེ།  

སྤྱི་ལོ2016ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

སྤྱི་ལོ2016ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱས་ཏེ་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་འབྱོར་འབྲིང་གི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་ཆེད་དུ་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཤིག་ཡིན།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ལོ1978ལོའི་ཟླ12ཚེས18ནས22བར་པེ་ཅིང་དུ་འཚོགས་ཤིང་། དེར་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་དྲུག་ཅུ་རེ་དགུ་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་བཅུ་གཉིས་གྲོས་ཚོགས་འདིའི་ནང་ཞུགས་པ་རེད། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྭ་གོ་ཧྥེང་དང་། ཀྲུ་ཞི་གཞོན་པ་ཡི་ཅན་ཡིང་དང་། ཏེང་ཞའོ་ཕིང་། ལི་ཞན་ཉན་། ཁྲེན་ཡུན། ཝང་ཏུང་ཞིང་བཅས་གྲོས་ཚོགས་སུ་ཕེབས་ཤིང་། བློ་མཐུན་ཧྭ་གོ་ཧྥེང་གིས་ད་རེས་ཀྱི་གྲོས་ཚོགས་འདིའི་གཙོ་འགན་བཞེས་ཐོག་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།

རིགས་དབྱེ།  

དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།

《དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ2015ལོའི་ཟླ11པའི་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དང་འབྲེལ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ལོ2015ལོའི་ཟླ11པའི་ཚེས29ཉིན་ནས་ལག་བསྟར་བྱས།

རིགས་དབྱེ།  

སྤྱི་ལོ2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས།

སྤྱི་ལོ2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གཉིས་ལ་གོ།

རིགས་དབྱེ།  

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་ཚེས5ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རིགས་དབྱེ།  

སྤྱི་ལོ2021ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བྱ་བའི་སྙན་ཞུ།

《སྤྱི་ལོ2021ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་ལས་དོན་སྙན་ཞུ》ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཡིན།

རིགས་དབྱེ།  

སྤྱི་ལོ2021ལོའི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

《སྤྱི་ལོ2021ལོའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ》ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།

རིགས་དབྱེ།  

སྤྱི་ལོ2021ལོའི་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་མེང་ཡུང་ཧྲན་གྱིས་སྙན་ཞུ་ཕུལ།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ནི་སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན་གྱིས་ཕུལ།

རིགས་དབྱེ།  

སྤྱི་ལོ2021ལོའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་ཕུལ།

རིགས་དབྱེ།  

སྤྱི་ལོ2021ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་བྱ་བའི་སྙན་ཞུ།

《སྤྱི་ལོ2021ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བྱ་བའི་སྙན་ཞུ》ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་གནང་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིན།

རིགས་དབྱེ།  

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་ནས་འཚོགས་ཤིང་། ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས། ཝང་དབྱང་གིས་སྲིད་གྲོས་རྒྱུན་ཨུ་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་ཕུལ་ལ། ཀྲང་ཆིན་ལིས་ཀྱིས་མགོ་འཛིན་མཛད། ཀུའུ་ཧྲེང་ཙུའུ་ཡིས་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ།

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་ནི་སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན།

རིགས་དབྱེ།  

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ།(ཨང་བཅུ་དྲུག་པ)

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡིག་ཆ (བཅུ་དྲུག་པ)ནི་མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་སྤྱི་ལོ2021ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཡིན་ལ། སྤྱི་ལོ2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་སྦྱོར།(ཡིག་ཨང22པ)

འདི་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་པའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར་ཡིན།

རིགས་དབྱེ།