ཁྲིམས་ལུགས་ཉིན་རེའི་ཚགས་པར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིམས་ལུགས་ཉིན་རེའི་ཚགས་པར།
《ཁྲིམས་ལུགས་ཉིན་རེའི་ཚགས་པར》ནི་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚགས་པར་ཡིན་ལ། ཉིན་རྒྱུན་གྱི་བྱ་བ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ལ་མངགས་བཅོལ་བྱས་ནས་དོ་དམ་བྱེད་པ་དང་། དེ་ནི་མིག་སྔར་ཀྲུང་གོ་རུ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་རིམ་པའི་ཁྲིམས་ལུགས་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཚགས་པར་གཅིག་པུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法制日报
གཙོ་སྐྱོང་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ།
གཙོ་སྒྲུབ་ལས་ཁུངས།
ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་།
གསར་འདོན་དུས་ཚོད།
སྤྱི་ལོ1980ལོའི་ཟླ8པའི་ཚེས1ཉིན།
དཔེ་སྐྲུན་འཁོར་ཡུན།
ཉིན་རེའི་ཚགས་པར།
རྒྱལ་ནང་གི་པར་ཨང་།
CN11-0080
ཡིག་བསྐུར་ཚབ་གྲངས།
རྒྱལ་ནང 1-41དང་རྒྱལ་སྤྱི D454
1 ངོ་སྤྲོད།

《ཁྲིམས་ལུགས་ཉིན་རེའི་ཚགས་པར》ནི་ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཚགས་པར་ཡིན་ལ།  ཉིན་རྒྱུན་གྱི་བྱ་བ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ལ་མངགས་བཅོལ་བྱས་ནས་དོ་དམ་བྱེད་པ་དང་།  དེ་ནི་མིག་སྔར་ཀྲུང་གོ་རུ་ཁྲིམས་ལུགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་རིམ་པའི་ཁྲིམས་ལུགས་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཚགས་པར་གཅིག་པུ་ཡིན།

2 དགོངས་དོན།

ཁྲིམས་ལུགས་ཉིན་རེའི་ཚགས་པར་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་གྱི་མགྲིན་ཚབ་པ་ཡིན་པའི་ཆ་ནས།  ཁྲིམས་ལུགས་ལས་རིགས་ཚོགས་པ་དང་དེ་ལས་གཞན་པའི་དམངས་གཙོ་ལ་སེམས་ཁུར་བྱེད་པའི་ཁྲིམས་སྐྱོང་ཚོགས་པར་ཚད་གཞི་མཐོ་བ་དང་ཆེད་ལས་རང་བཞིན་གྱི་ཁྲིམས་ལུགས་གསར་འགྱུར་འདོན་སྤྲོད་བྱེད་པ།  གལ་ཆེན་རང་བཞིན་གྱི་ཁྲིམས་ལུགས་ཀྱི་བསམ་བློ་ལྟ་བ་འདོན་སྤྲོད་བྱེད་པ།  དམངས་གཙོ་དང་ཁྲིམས་ལུགས་ཀྱི་ཐད་ནས་ཡོད་ཚད་ལ་བལྟ་བ་སོགས་བྱེད་པ་ཡིན།

3 དམིགས་ཡུལ།

ཁྲིམས་ལུགས་ཉིན་རེའི་ཚགས་པར་གྱི་དམིགས་ཡུལ་ནི་དམངས་གཙོ་དང་ཁྲིམས་ལུགས་ཁྱབ་ཁོངས་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་ཆེས་གལ་ཆེན་རང་བཞིན་གྱི་འཕེལ་ཕྱོགས་གཙོ་བོ་རུ་གྱུར་བར་བྱེད་པ།  ཀྲུང་གོའི་ཁྲིམས་ལུགས་ཀྱི་དཔྱད་ཡིག་ཆ་འཕྲིན་མཁོ་འདོན་བྱེད་མཁན་ཆེ་ཤོས་སུ་གྱུར་བ།  ཀྲུང་གོའི་སྙན་གྲགས་ཆེས་ཆེ་བའི་ཆེད་ལས་རང་བཞིན་གྱི་བརྒྱུད་སྒྲོག་སྨྱན་སྦྱོར་ཚོགས་ཁག་ཏུ་གྱུར་བར་བྱེད་པ་སོགས་ཡིན། 

4 སྒྲིག་གཞི་འཛུགས་སྟངས།
4_1 ནང་ཁུལ་གྱི་སྡེ་ཁག

ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་དུ་གསར་འགྱུར་རྩོམ་སྒྲིག་ལྟེ་གནས་དང་གསར་འགྱུར་བཅར་འདྲི་ལྟེ་གནས། ཆེད་བསྒྲིགས་དུས་དེབ་ལྟེ་གནས། དྲ་རྒྱའི་བརྙན་འཕྲིན་ལྟེ་གནས། འཁོར་སྐྱོད་ལྟེ་གནས་དང་དོ་དམ་ཞབས་ཞུ་སྡེ་ཁག་སོགས་བཙུགས་ཡོད། 

4_2 རྒྱལ་ནང་གི་གསར་འགོད་པའི་ས་ཚིགས།

རྒྱལ་ནང་གི་པེ་ཅིང་དང་ཧེ་ལུང་ཅང་།   ཡུན་ནན།  བོད་རང་སྐྱོང་ལྗོངས།  ཞིན་ཅང་།   ནང་སོག   ཀན་སུའུ།   ཀོང་ཞི།   ཀུའེ་ཀྲོའུ།   མཚོ་སྔོན།   ཧྥུ་ཅན་སོགས་ཞིང་ཆེན་སུམ་ཅུ་སོ་གསུམ་དུ་གསར་འགོད་པའི་ས་ཚིགས་བཙུགས་ཡོད།

4_3 ཕྱི་རྒྱལ་གྱི་གསར་འགོད་པའི་ས་ཚིགས།

ཝ་ཧྲིང་ཐོན་དང་འཇར་པན།   ཁོ་རེ་ཡ།  མོ་སི་ཁོ།   ཝུའུ་ཁོ་ལན།   ཡ་གླིང་དབུས་མ་བཅས་སུ་གསར་འགོད་པའི་ས་ཚིགས་བཙུགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།