སྨྱན་ཆས།

སྨྱན་ཆས་ལ་རྒྱ་སྐད་ཀྱིས“媒体”ཞེས་འབོད་པ་དང་། མིང་བརྡ་འདི་ནི་ལཱ་ཏིང་སྐད་ཀྱི“Medius”ཞེས་པ་ལས་བྱུང་བ་ཡིན་ཞིང་། སྨྱན་ཆས་ནི་བརྡ་འཕྲིན་ཁྱབ་སྒྲོག་བྱེད་པའི་ཟམ་ཐིག་ལྟ་བུ་ཡིན་ཏེ། དེ་ནི་མི་རྣམས་ཀྱིས་བརྡ་འཕྲིན་བརྒྱུད་སྤྲོད་དང་བསྡུ་ལེན་བྱེད་པར་ཡོ་ཆས་གང་རུང་དང་། བརྒྱུད་ལམ། སྐྱེལ་བྱེད་དངོས་པོ། མཚམས་སྦྱོར་བྱེད་ཀྱི་དངོས་པོའམ་ཡང་ན་ཐབས་རྩལ་གྱི་བྱེད་ཐབས་བེད་སྤྱོད་པར་ཟེར་བ་ཡིན་ལ། ཡང་ན་སྨྱན་ཆས་ནི་བརྡ་འཕྲིན་དེ་བརྡ་འཕྲིན་སྤྲོད་ཡུལ་ནས་བརྡ་འཕྲིན་འཕྲོད་ཡུལ་ལ་འབྱོར་བར་བྱ་བའི་ཐབས་ལམ་དེ་ཡིན་ཞེས་ཀྱང་བརྗོད་ཆོག སྨྱན་ཆས་ལ་ནང་དོན་གཉིས་ལྡན་ཞིང་། དང་པོ་ནི་བརྡ་འཕྲིན་སྐྱེལ་བྱེད་ཀྱི་དངོས་གཟུགས་ཡིན་པ་དང་། གཉིས་པ་ནི་བརྡ་འཕྲིན་གསོག་ཉར་དང་། གསལ་སྟོན། བཀོད་བསྒྲིག བརྒྱུད་སྤྲོད་བྱེད་པའི་དངོས་གཟུགས་ཡིན།

རིགས་དབྱེ།  

བརྙན་འཕྲིན་ལེ་ཚན་སྒྲིག་བཟོའི་ཆེད་ལས།

སློབ་གྲྭ་ནས་མཐར་ཕྱིན་མ་ཐག་པའི་སློབ་མར་བསམ་བློ་ཀུན་སྤྱོད་དང་རིག་གནས་ལུས་སེམས་སོགས་ཀྱི་ཐད་བྱང་ཚད་ལེགས་པོ་ཡོད་དགོས་པ་མ་ཟད། ད་དུང་སེམས་ཁམས་ཀྱི་བྱང་ཚད་དང་སྒྱུ་རྩལ་གྱི་བྱང་ཚད་ལེགས་པོ་ཡོད་དགོས། ཆེད་ལས་ཡོ་བྱད་སྣ་ཚོགས་བཀོལ་སྤྱོད་བྱང་ཆུབ་པའི་ནུས་པ་ལྡན་པ་ལས། ད་དུང་མཐུན་སྦྱོར་དང་། སྤྱི་འབྲེལ། སྒྲིག་འཛུགས། ཇུས་འགོད། གསར་གཏོད་བཅས་ཀྱི་མི་སྒེར་གྱི་ནུས་པ་ལྡན་དགོས།

རིགས་དབྱེ།  

བརྙན་འཕྲིན་ལེ་ཚན་གཉེར་སྐྱོང་།

《བརྙན་འཕྲིན་ལེ་ཚན་གཉེར་སྐྱོང་སྟེ་སྨྱན་སྦྱོར་ཟོང་རྟགས་ཀྱི་གཙོ་གནད་ཁག་དགུ》ཞེས་པའི་ནང་དོན་ངོ་སྤྲོད་མདོར་བསྡུས་ཏེ། རང་རྒྱལ་གྱི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་དེ་ཕྱི་རྒྱལ་དང་བསྡུར་ན་ཐོན་ལས་སྦྲེལ་ཐག་ཐད་ནས་ད་དུང་ཧེ་བག་ཆེ་ཙམ་ཡོད།

རིགས་དབྱེ།  

བརྙན་འཕྲིན་སྒམ།

བརྙན་འཕྲིན་སྒམ་ནི་མཐའ་སྣེའི་རྩིས་རྒྱག་སྒྲིག་ཆས་ཆུང་གྲས་ཤིག་ཡིན་ཞིང་། HDMIཡང་ན་མདོག་ཁྱད་ཐིག་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་དེ་དང་སྲོལ་རྒྱུན་བརྙན་འཕྲིན་སྦྲེལ་མཐུད་བྱས་ཚེ། སྲོལ་རྒྱུན་བརྙན་འཕྲིན་སྟེང་དྲ་ངོས་ལ་ལྟ་བ་དང་དྲ་རྒྱའི་བརྙན་ལམ་གཏོང་བ། ཉེར་སྤྱོད་གོ་རིམ་སྒྲིག་སྦྱོར་བཅས་བྱེད་ཐུབ་པ་དང་། ཐ་ན་ཁྱོད་ཀྱི་ལག་འཁྱེར་ཁ་པར་དང་ངོས་ལེབ་ཁྲོད་ཀྱི་པར་དང་བརྙན་ལམ་ཁྱིམ་གྱི་བརྙན་ཤེལ་ཆེན་མོའི་བརྙན་འཕྲིན་ནང་གཏོང་ཐུབ།

རིགས་དབྱེ།