ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >སྨྱན་སྦྱོར། >གཞན་དག

བརྒྱུད་གཏོང་སྨྱན་ཆས།

བརྒྱུད་གཏོང་སྨྱན་ཆས(Transmission Medium) ལ་བརྒྱུད་གཏོང་ཟམ་ཐིག་དང་ཡང་ན་བརྒྱུད་གཏོང་སྨྱན་དངོས་ཞེས་ཀྱང་བརྗོད་ལ། དེ་ནི་གཞི་གྲངས་བརྒྱུད་གཏོང་མ་ལག་གི་སྐུར་ཆས་དང་བསྡུ་ལེན་འཕྲུལ་ཆས་བར་གྱི་དངོས་ལུགས་ལམ་ཐིག་ཡིན་པ་དང་། དེ་ལ་ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་དང་ཕྱོགས་འདྲེན་མ་ཡིན་པའི་བརྒྱུད་གཏོང་སྟེ་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ཀྱི་ནང་དུ། གློག་རྡུལ་རླབས་རྒྱུན་གྱིས་ཕྱོགས་འདྲེན་དེ་སྲ་གཟུགས་ཀྱི་སྨྱན་ཆས(ཟངས་སྐུད་དང་འོད་སྐུད)བརྒྱུད་ནས་བརྒྱུད་སྒྲོག་བྱེད་ཀྱི་ཡོད་ལ། ཕྱོགས་འདྲེན་བརྒྱུད་གཏོང་སྨྱན་ཆས་ནི་རང་དབང་གི་བར་གསེང་ལ་བརྗོད་ཀྱི་ཡོད་པ་དང་། ཕྱོགས་འདྲེན་བརྒྱུད་གཏོང་མ་ཡིན་པའི་སྨྱན་ཆས་ཀྱི་ཁྲོད་དུ་གློག་རྡུལ་གྱི་བརྒྱུད་གཏོང་ལ་རྒྱུན་པར་སྐུད་མེད་བརྒྱུད་གཏོང་ཀྱང་ཟེར་གྱི་ཡོད།

རིགས་དབྱེ།  

ཚོར་བའི་སྨྱན་སྦྱོར།

ཚོར་བའི་སྨྱན་སྦྱོར་ནི་ཐད་ཀར་མིའི་ཚོར་བའི་དབང་བོ་བརྒྱུད་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་ཞིག་ཡིན་ལ། དེར་མིའི་རིགས་ཀྱི་སྐད་ཆ་དང་ཡི་གེ རོལ་དབྱངས། རང་བྱུང་ཁམས་ཀྱི་སྐད་སྒྲ། འགུལ་མེད་ཀྱི་པར་རིས་དང་གྲིབ་བརྙན། འགུལ་རིས་སོགས་ཀྱི་བརྡ་འཕྲིན་ལ་ཟེར་གྱི་ཡོད།

རིགས་དབྱེ།  

སྲོལ་རྒྱུན་སྨྱན་ཆས།

སྲོལ་རྒྱུན་སྨྱན་ཆས་ནི་ཉེ་བའི་ལོ་འགའི་ནང་གསར་དུ་བྱུང་བའི་དྲ་རྒྱའི་སྨྱན་ཆས་ལ་བལྟས་ཏེ་བརྗོད་པ་ཞིག་ཡིན་ཞིང་། སྲོལ་རྒྱུན་གྱི་བརྒྱུད་སྒྲོག་བྱེད་ཐབས་ནི་འཕྲུལ་ཆས་རིགས་ཤིག་གིས་དུས་ངེས་གཏན་ནང་སྤྱི་དམངས་ལ་བརྡ་འཕྲིན་ཁྱབ་སྒྲོག་དང་ཡང་ན་སློབ་གསོའི་རོལ་རྩེད་སྟེགས་བུའི་སྨྱན་ཆས་མཁོ་སྤྲོད་བྱེད་པ་ཞིག་ཡིན་པ་དང་། དེ་ལ་དབྱེ་ན། ཚགས་དེབ་དང་། ཁྱིམ་ཕྱིའི་སྨྱན་ཆས། ཡིག་སྐུར། རྒྱང་སྒྲོག བརྙན་འཕྲིན། སྨྱན་ཆས་ལས་གཞན་པའི་དྲ་རྒྱ་སོགས་ནི་སྲོལ་རྒྱུན་གྱིས་གོ་བ་ལེན་ཕྱོགས་ཀྱི་སྨྱན་ཆས་ཡིན།

རིགས་དབྱེ།  

སྨྱན་མང་རྩིས་འཁོར།

སྨྱན་མང་གཟུགས་རྩིས་འཁོར【multimedia computer】ཞེས་པ་ནི། སྐད་གདངས་དང་པར་རིས། འགུལ་བརྙན་སོགས་སྨྱན་གཟུགས་བརྡ་འཕྲིན་གཏོང་སའི་སྣ་འཛོམས་ཀྱི་རྩིས་འཁོར་ལ་ཟེར་བ་དང་། སྨྱན་མང་གཟུགས་རྩིས་འཁོར་ནི་སྤྱིར་བཏང་དུ་སྨྱན་མང་གཟུགས་མི་སྒེར་བའི་རྩིས་འཁོར(MPC)ལ་ཟེར་གྱི་ཡོད།

རིགས་དབྱེ།  

ཚོང་སྐུལ་བརྡ་ཁྱབ།

ཚོང་སྐུལ་བརྡ་ཁྱབ་ནི་ཐད་ཀར་འཛད་སྤྱོད་པར་ཐོན་རྫས་གང་རུང་ཞིག་གམ་ཡང་ན་ཞབས་ཞུའི་བརྡ་སྦྱོར་རང་བཞིན་ཅན་གྱི་རྣམ་པ་ཞིག་ཡིན་པ་དང་། དེ་ནི་ཐོན་རྫས་ཀྱི་རྒྱུ་སྤུས་དང་། གཤིས་ནུས། ཁྱད་ཆོས་སོགས་འཛད་སྤྱོད་པར་སྟབས་བདེ་སྒོས་རེ་སྐུལ་དང་འཛད་སྤྱོད་བྱ་བར་འབོད་སྐུལ་བཏང་སྟེ། བརྡ་ཁྱབ་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་པ་དེ་ཡིན།

རིགས་དབྱེ།  

རྒྱང་སྒྲོག་བརྡ་ཁྱབ།

རྒྱང་སྒྲོག་ནི་སྐུད་མེད་གློག་རླབས་སམ་ཟངས་སྐུད་བརྒྱུད་ལམ་བརྒྱུད་ནས་མི་མང་ལ་ཆ་འཕྲིན་དང་། ཞབས་ཞུ། རོལ་རྩེད་སོགས་བརྒྱུད་སྒྲོག་སྨྱན་སྦྱོར་གྱི་རིགས་ཤིག་ཡིན། བརྙན་འཕྲིན་གྱི་བཀོལ་རྒྱ་ཆེ་རུ་མ་ཕྱིན་པའི་ཡར་སྔོན་ལ། རྒྱང་སྒྲོག་ནི་མི་མང་གིས་དགའ་བསུ་ཆེས་ཆེར་ཐོབ་པ་ཞིག་ཡིན་པ་དང་། བརྙན་འཕྲིན་གསར་དུ་དར་བ་དེས་རྒྱང་སྒྲོག་བརྡ་ཁྱབ་ཀྱི་མགྲོན་པོ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཞིང་། ལོ་ངོ་མང་པོའི་འཕེལ་རྒྱས་ཀྱི་རྣམ་པར་བལྟས་ན། རྒྱང་སྒྲོག་བརྡ་ཁྱབ་ཀྱི་ཤུགས་རྐྱེན་ཚད་ནི་ཧ་ཅང་ཆེ་ལ། དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞན་པའི་བརྡ་ཁྱབ་རིགས་ཀྱིས་འགྲན་དཀའ་བ་ཞིག་ཡིན།

རིགས་དབྱེ།  

སྨྱན་སྦྱོར་བརྡ་འཕྲིན་གྱི་ནུས་པ།

སྨྱན་སྦྱོར་བརྡ་འཕྲིན་གྱི་ནུས་པ་ནི་གསར་འགྱུར་རང་སྟེང་དུ་ཡོད་པའི་སྤྱི་ཚོགས་ཀྱི་མི་མང་གིས་ཡིད་རྟོན་བྱས་ཆོག་པའི་ནང་གནས་ཀྱི་ནུས་པ་དེར་ཟེར་བ་དང་། སྨྱན་ཆས་རང་སྟེང་གི་ནང་གཤིས་དང་ཕྱིའི་རྣམ་པ་དེས་སྤྱི་ཚོགས་མི་མང་གི་སེམས་སུ་གོ་ཐོབ་ག་འདྲ་ཞིག་ཟིན་ཡོད་པ་དང་། དེ་ནི་སྨྱན་ཆས་ཞིབ་བསྡུར་གྱི་དབང་དྲག་རང་བཞིན་ཡིན་པ་དང་། ཡིད་རྟོན་གྱི་ཚད་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པའི་ཚད་གཞལ་བྱེད་ཀྱང་ཡིན། སྨྱན་སྨྱོར་ཡིད་རྟོན་ནུས་ཤུགས་ཀྱི་མཐོ་དམན་གྱིས་དཔྱད་གླེང་ཤུགས་རྐྱེན་གྱི་ཆེ་ཆུང་ཐག་གཅོད་བྱེད་ཀྱི་ཡོད།

རིགས་དབྱེ།  

དུས་དེབ་བརྡ་ཁྱབ།

དུས་དེབ་བརྡ་ཁྱབ(magazine advertising)ནི་དུས་ལྟར་དུས་དེབ་སྟེང་བཀོད་པའི་བརྡ་སྦྱོར་ལ་ཟེར་བ་ཡིན་ཞིང་། དུས་དེབ་སྣ་ཚོགས་ཀྱི་ཀློག་པ་པོ་ཅུང་ཙམ་མངོན་གསལ་ཡིན་པས། དེ་ནི་ཆེད་ལས་མི་འདྲ་བའི་ཚོང་ཟོང་བརྡ་ཁྱབ་ཀྱི་སྨྱན་ཆས་བཟང་བོ་ཞིག་ཡིན། དུས་དེབ་སྟེང་དུ་ཡི་གེ་མང་པོ་བཀོལ་ནས་ཚོང་ཟོང་གི་ཞིབ་ཕྲའི་བརྡ་འཕྲིན་བརྒྱུད་སྒྲོག་བྱས་ཆོག་པ་ཡིན་ལ། འཛད་སྤྱོད་པས་རྒྱུས་ལོན་དང་དྲན་རྟོགས་བྱ་སླ་བ་དང་། ཉར་ཚགས་ཀྱི་རིན་ཐང་ཀྱང་མཐོན་པོ་ཡོད། དུས་དེབ་དང་ཚགས་པར་གཉིས་འདྲ་བ་ཡིན་ལ། དུས་དེབ་བརྡ་ཁྱབ་དེ་ཡང་བརྒྱུད་སྒྲོག་སྨྱན་སྦྱོར་གྱི་རིགས་ཤིག་ཡིན་ལ། དེའི་རྣམ་པ་ནི་པར་སྐྲུན་དཔེ་རྟགས་ཀྱིས་ཆ་འཕྲིན་བརྒྱུད་སྒྲོག་གི་རྒྱུན་མཐུད་རང་བཞིན་གྱི་པར་སྐྲུན་བྱེད་པའི་དཔེ་དེབ་ཅིག་ཡིན།

རིགས་དབྱེ།  

ཚགས་པར་བརྡ་ཁྱབ།

ཚགས་པར་བརྡ་ཁྱབ(newspaper advertising)ནི་དུས་ལྟར་ཚགས་པར་གྱི་སྟེང་དུ་བཀོད་པའི་བརྡ་ཁྱབ་ཀྱི་རིགས་ལ་ཟེར་བ་དང་། ཚགས་པར་ནི་པར་བཏབ་སྨྱན་རྫས(print-medium)ཀྱི་རིགས་ཡིན། དེའི་ཁྱད་ཆོས་ནི་འགྲེམ་སྤེལ་ཟློས་ཕྱོད་ཀྱི་ཚད་མཐོ་བ་དང་། འགྲེམ་སྤེལ་གྱི་བྱང་ཚད་མང་པ། བརྡ་འཕྲིན་བརྒྱུད་བསྐུར་གྱི་མྱུར་ཚད་མགྱོགས་པས།ཚགས་པར་བརྡ་ཁྱབ་ཀྱིས་དུས་ལྟར་ཁྱབ་རྒྱ་ཆེ་བའི་སྒྲོག་སྤེལ་བྱས་ཆོག་པ་ཡིན།

རིགས་དབྱེ།  

དམངས་ཀྱི་བརྒྱུད་སྒྲོག

དམངས་ཀྱི་བརྒྱུད་སྒྲོག་ནི་སྤྱི་ཚོགས་དང་འབྲེལ་བའི་སྨྱན་རྫས་ཡི་གེ་དང་གློག་རླབས། བརྙན་འཕྲིན། གློག་རྡུལ་དྲ་རྒྱ་སོགས་བརྒྱུད་ནས། སྤྱི་ཚོགས་ལ་ཡོངས་བསྒྲགས་བརྒྱུད་སྐུར་དང་། རང་ཉིད་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་དེ་བསྐྱར་བཟོའི་ཆ་འཕྲིན་གྱི་སྤྱི་ཚོགས་ལག་ལེན་བྱེད་པའི་གོ་རིམ་ཧྲིལ་བོ་དེ་ཡིན།

རིགས་དབྱེ།  

ཁྲོམ་རའི་བརྡ་འཕྲིན།

ཁྲོམ་རའི་བརྡ་འཕྲིན་ནི་ཁྲོམ་རའི་དཔལ་འབྱོར་གྱི་འབྲེལ་བ་སྣ་ཚོགས་དང་དཔལ་འབྱོར་བྱ་འགུལ་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས། དཔལ་འབྱོར་བྱ་འགུལ་གྱི་འགྱུར་ལྡོག་གི་གནས་ཚུལ་དང་ཁྲོམ་རའི་ཉོ་ཚོང་དང་འབྲེལ་བ་ཡོད་པའི་བརྡ་འཕྲིན་སྣ་ཚོགས། གསང་འཕྲིན། གཞི་གྲངས་སོགས་ཀྱི་སྤྱི་མིང་ལ་ཟེར་བ་ཡིན། ཁྲོམ་རའི་བརྡ་འཕྲིན་ནི་ཡི་གེ་དང་སྐད་ཆ། གཞི་གྲངས། བརྡ་རྟགས། བསྒྲགས་བྱང་སོགས་ལ་བརྟེན་ནས་མངོན་འགྱུར་དང་བརྒྱུད་སྒྲོག་བྱེད་ཀྱི་ཡོད་ཅིང་། དེས་ཁེ་ལས་འཕེལ་རྒྱས་འགྲོ་བ་ལ་བྱེད་ནུས་གལ་ཆེན་འདོན་གྱི་ཡོད།

རིགས་དབྱེ།  

སྤྱི་ལོ2020ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་པོ་བཅུ།

འདིར་སྤྱི་ལོ2020ལོར་བྱུང་བའི་མཚོ་སྔོན་གྱི་ཆབ་དཔལ་རིག་གསུམ་ཐད་ཀྱི་གསར་འགྱུར་ཆེན་པོ་བཅུ་བཀོད་ཡོད།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་སྤྱི་ལོ2020ལོའི་ཟླ1པོའི་ཟླ་དཀྱིལ་ལ་ཟི་ལིང་དུ་འཚོགས་རྒྱུ་གཏན་ཁེལ་བྱས།

རིགས་དབྱེ།  

རྣམ་འགྱུར་མཚོན་རྟགས།

དྲ་རྒྱའི་འགྱུར་ལྡོག་ནི་མིའི་རིགས་ཀྱི་ཆ་འཕྲིན་ཁྱབ་སྤེལ་གྱི་མྱུར་ཚད་དང་སྤུས་ཚད་ཁོ་ན་ཙམ་མ་ཡིན་པར། ད་དུང་མིའི་རིགས་ཀྱི་རྣམ་འགྱུར་ལས་བསམ་ཚུལ་བརྒྱུད་སྤྲོད་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་ཐུན་མོང་མ་ཡིན་པའི་དྲ་རྒྱའི་སྐད་ཡིག་ཅིག་ཆགས་ཡོད་པ་དང་། དེའི་ནང་སྐད་ཆ་མིན་པའི་རྣམ་འགྱུར་མཚོན་རྟགས་འབོར་ཆེན་ཞིག་གི་ཁྱད་ཆོས་སུ་གྱུར་ཡོད། རྣམ་འགྱུར་མཚོན་རྟགས་ནི་དུས་རྒྱུན་གྱི་ངོ་བཅར་སྒོས་འབྲེལ་འདྲིས་ཁྲོད་ཀྱི་སྐད་ཆ་མ་ཡིན་པའི་ཆ་འཕྲིན་གསོན་ཉམས་ལྡན་པ་འདྲ་བཤུས་བྱས་ཏེ། ཕྱོགས་གཉིས་ཀའི་སྐད་ཆ་ཐོས་པའམ་མི་ངོ་དངོས་སུ་མཐོང་བ་ལྟར་གསོན་ཉམས་ལྡན་པ་ཞིག་ཡིན།

རིགས་དབྱེ།  

​ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས།

ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ནི། སྤྱི་ལོ2021ལོའི་ཟླ8པའི་ཚེས27ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་བསྡུས།

རིགས་དབྱེ།  

གནས་བཅར་རྟོག་ཞིབ།

གནས་བཅར་རྟོག་ཞིབ་ནི་གསར་འགོད་པས་བཅར་འདྲིའི་བྱེད་སྒོ་སྤེལ་སྐབས་ཀྱི་ཐབས་ཤེས་ཤིག་ཡིན།

རིགས་དབྱེ།  

མཇུག་བསྡུའི་ཚིག

མཇུག་བསྡུའི་ཚིག་ནི་ཚོགས་འདུ་ཆེ་གྲས་ཁ་ཤས་མཇུག་འགྲིལ་སྐབས་འབྲེལ་ཡོད་འགོ་ཁྲིད་དམ་ཡང་ན་སྤྱོད་བཟང་ལ་མཐོང་ཆེན་བྱེད་མཁན་གྱིས་ཚོགས་འདུར་གནང་བའི་གསུང་བཤད་ལ་ཟེར། སྤྱིའི་མདུད་པ་རང་བཞིན་དང་། དཔྱད་དཔོག་རང་བཞིན། འབོད་སྐུལ་རང་བཞིན་བཅས་ཀྱི་ཁྱད་ཆོས་དགོས།

རིགས་དབྱེ།  

གསར་འགྱུར་རྒྱབ་ལྗོངས།

གསར་འགྱུར་རྒྱབ་ལྗོངས་ནི་གསར་འགྱུར་དོན་རྐྱེན་ནམ་ཡང་ན་གསར་འགྱུར་མི་སྣའི་ནང་མོལ་དང་། འཚོ་གནས། གནས་པ། འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་གམ་ཆ་རྐྱེན་ལ་ཟེར། གསར་འགྱུར་གྱི་དོན་དངོས་ལ་གསལ་བཤད་དང་། ཁ་གསབ། རྒྱན་སྤྲས་བཅས་ཀྱི་ནུས་པ་ཐོན་ཐུབ།

རིགས་དབྱེ།  

གསར་འགྱུར་ཆ་འཕྲིན་ཚད།

གསར་འགྱུར་ཆ་འཕྲིན་ཚད་ནི(གཅིག)རང་རྒྱལ་གྱི་གསར་འགྱུར་ཞིབ་འཇུག་པས་ཆ་འཕྲིན་སྨྲ་བའི་ཁྲོད་ཀྱི་གྲངས་འབོར་དང་སྤུས་ཚད་གཅིག་གྱུར་གྱི“ནུས་ལྡན་ཆ་འཕྲིན་ཚད”གཡར་སྤྱོད་དང་བསྒྱུར་བཀོད་བྱེད་པའི་གོ་དོན་ལས་བཏོན་པའི་ཐ་སྙད་དེ་ནི་གསར་འགྱུར་དང་ལེན་བྱེད་མཁན་ལ་མཚོན་ན་ཆ་འཕྲིན་འདུས་ཚད་ལ་ཟེར། གསར་འགྱུར་ཁྱབ་སྤེལ་མ་ལག་ཁྲོད་གསར་འགྱུར་ནི་མིས་བཟོས་འཕྲིན་ཁུངས་ཤིག་ཡིན་པ་དང་། དང་ལེན་བྱེད་མཁན་ནི་མིས་བཟོས་འཕྲིན་གནས་མ་རེད། དང་ལེན་བྱེད་མཁན་ཚོགས་པས་གསར་འགྱུར་གྱི“དོ་ཁུར་ཚད”ཀྱི་ཆ་སྙོམས་གྲངས་ཐང་ནི(ནུས་ལྡན་ངེས་གཏན་མིན་པའི་ཆ་སྙོམས་གྲངས་ཐང་མེད་པར་བཟོ་བ)གསར་འགྱུར་གྱི་ཆ་འཕྲིན་ཚད་ཡིན། (གཉིས) གསར་འགྱུར་ཆ་འཕྲིན་གྱི་ཚད་ནི་གསར་འགྱུར་ཁྲོད་དུ་ཤེས་མེད་པའི་དོན་དངོས་རྐྱང་བའི་གྲངས་འབོར་ལ་གོ དོན་དངོས་རྐྱང་བའི་གྲངས་འབོར་མང་བའི་གསར་འགྱུར་ཡོད་པས་ཆ་འཕྲིན་གྱི་གྲངས་འབོར་མང་པོ་ཡོད་པ་དཔེར་ན། “ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་འཇར་པན་རུ་ཁག་ལས་རྣམ་པར་རྒྱལ་བ”ཞེས་པའི་གསར་འགྱུར་དེ་ལས“ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ཁྲའོ་ཞན་ལྷོ་མའི་རུ་ཁག་ལས་རྣམ་པར་རྒྱལ་རྗེས། དེ་རིང་ཡང་འཇར་པན་རུ་ཁག་ལས་རྣམ་པར་རྒྱལ་བ་ཡིན”ཞེས་པའི་སྐད་ཆ་འདིའི་གསར་འགྱུར་གྱི་ཆ་འཕྲིན་ནུས་པ་ཐོན་པ་ཡིན།

རིགས་དབྱེ།  

སྤྱི་ལོ2023ལོའི་པེ་ཅིང་རིག་གནས་གླེང་སྟེགས།

རིག་གནས་གླེང་སྟེགས་དེ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། པེ་ཅིང་གྲོང་ཨུ། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རིག་གནས་གླེང་སྟེགས་ཆེ་གྲས་ཤིག་ཡིན།

རིགས་དབྱེ།  

མཉམ་འདྲེས་སྨྱན་སྦྱོར།

“མཉམ་འདྲེས་སྨྱན་སྦྱོར”ནི་སྨྱན་སྦྱོར་གྱི་འདྲེན་དངོས་བེད་སྤྱོད་གང་ལེགས་བྱ་རྒྱུ་དེ་ཡིན་ལ། དེ་ནི་རྒྱང་བསྒྲགས་དང་བརྙན་འཕྲིན། ཚགས་པར་སོགས་ལ་ཕན་ཚུན་མཐུན་ས་དང་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཡོད་པ་དེ་མི་ཤུགས་དང་། ནང་དོན། དྲིལ་སྒྲོག་སོགས་ཀྱི་ཐད་ནས་བསྡུ་སྒྲིག་བྱས་ཏེ“ཐོན་ཁུངས་མཉམ་འདྲེས་དང་ནང་དོན་མཉམ་འདྲེས། དྲིལ་བསྒྲགས་མཉམ་འདྲེས། ཁེ་ཕན་མཉམ་འདྲེས”བཅས་ཀྱི་སྨྱན་སྦྱོར་གསར་པ་མངོན་འགྱུར་བྱེད་པ་ཞིག་ལ་ཟེར།

རིགས་དབྱེ།  

རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུ་སྟེགས་བུ།

རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུ་ལས་སྟེགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་གཙོ་སྒྲུབ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གློག་རྡུལ་སྲིད་དོན་གཞུང་སྒྲུབ་ཁང་གིས་འཁོར་སྐྱོད་དང་སྲུང་སྐྱོང་བྱེད་པའི་འགན་ཁུར་མུས་སུ་ཡོད། སྤྱི་ལོ2021ལོའི་ཟླ1པོའི་ཚེས31ཉིན། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུ་ལས་སྟེགས་ཀྱི་སྤྱིའི་རྡེབ་ཚད་ཐེངས་གྲངས་དུང་ཕྱུར133དང་། ཐོ་འགོད་སྤྱི་འབོར་མི་དུང་ཕྱུར2.02ལ་སླེབས།

རིགས་དབྱེ།  

དྲ་རྒྱའི་བར་སྟོང་བདེ་འཇགས།

དྲ་རྒྱའི་བར་སྟོང་བདེ་འཇགས་ཆེད་ལས་ནི་རྒྱལ་ཁབ་ཀྱི་དྲ་རྒྱའི་བར་སྟོང་བདེ་འཇགས་ཁྱབ་ཁོངས་ཀྱི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

མཐོ་རིམ་ནག་བསྒྱུར།

མཐོ་རིམ་ནག་བསྒྱུར་ནི་དྲ་རྒྱའི་ཐ་སྙད་ཅིག་ཡིན་ལ། རྒྱ་ཡིག་གི་སྐད་ཡིག་རྩོམ་རིག་གི་ཐབས་རྩལ་གཏིང་ཟབ་ལ་སྟབས་བསྟུན་གྱིས་སྤྱད་དེ་གོ་བདེ་ཞིང་ཁ་གསལ་གོ་བདེ་ཡང་། རྣག་ཐོག་གཙག་འཁེལ་གྱི་རྣམ་པའི་ཐོག་ནས་གནད་ལ་འཁེལ་བའི་ནག་བསྒྱུར་བཟོས་ཏེ་ཁ་རྡུང་གཏོང་བ་ལ་ཟེར། ཐ་སྙད་འདི་མང་ཆེ་བ་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སྤྱོད་པ་ཡིན་ཏེ། བསམ་ངན་གྱིས་ཚོད་དཔག་བྱས་པའི་བསམ་བཞིན་དུ་ནག་པོ་ཞིག་ལ་ཟེར་བ་དང་། སྐད་ཆའི་སྟེང་ནས་ཐབས་རྩལ་ལྡན་ལ། དེ་བས་དགོད་བྲོ་བ་ཞིག་ཡིན་སྲིད་པ་དང་། ཐ་ན་སྐབས་འགར་རིག་གཞུང་གི་ཕྱི་གོས་གྱོན་ཡོད་པས་རྫུན་བཟོ་རང་བཞིན་དེ་བས་ཆེ་བ་ཡིན། ཐལ་དྲགས་པའི་སྒོ་ནས་ཏང་གི་ཕུགས་བསམ་དད་སེམས་དང་། དམིགས་ཡུལ། བྱེད་ཕྱོགས་སྲིད་ཇུས་སོགས་གསལ་འགྲེལ་བྱས་ཏེ།“ནག་བསྒྱུར”གྱི་དམིགས་ཡུལ་འགྲུབ་པར་བྱེད་པ་ལ་ཟེར།

རིགས་དབྱེ།  

དམའ་རིམ་དམར་བསྒྱུར།

“དམའ་རིམ་དམར་བསྒྱུར”ཞེས་པ་ནི་བསམ་བཞིན་ནམ་བསམ་བཞིན་མ་ཡིན་པའི་སྒོ་ནས་ཏང་གི་དད་སེམས་དང་ཆབ་སྲིད་ཀྱི་འདོད་ཚུལ་སྟབས་བདེ་ཅན་དང་ཐ་ཤལ་ཅན་དུ་བསྒྱུར་བ་ལ་ཟེར།

རིགས་དབྱེ།  

འདྲི་ཤོག་ཨང་སྒྲིག

འདྲི་ཤོག་ཨང་སྒྲིག་ནི་འདྲི་ཤོག་རྒྱུ་ཆ་ཨང་ཀི་ཅན་དུ་བསྒྱུར་ཏེ། འདྲི་ཤོག་ནང་གི་ཐ་སྙད་དམ་ཡང་ན་ཚིག་རྐྱང་ཅན་གྱི་དྲིས་ལན་དེ་དབྱེ་ཞིབ་དང་རྩིས་འཁོར་གྱིས་དབྱེ་འབྱེད་བྱེད་སླ་བའི་ཨང་ཀི་དང་། ཡིག་རྟགས། གསལ་བྱེད་རྟགས་སུ་བསྒྱུར་བའི་གོ་རིམ་ཞིག་ཡིན། མདུན་འཇོག་ཨང་སྒྲིག་ཞེས་པ་ནི་སྔོན་ལ་གནད་དོན་ལ་དྲིས་ལན་གྱི་སྒྲིག་གཞིའི་ཨང་སྒྲིག་པ་ལ་ཟེར། གནད་དོན་འདི་དག་མང་ཆེ་བ་ཁ་ཟུམ་རང་བཞིན་གྱི་གནད་དོན་དུ་གཏོགས། དེའི་ལན་འདེབས་པའམ་ཡང་ན་གཏན་འབེབས་བྱས་པ་ནི་མིན་པ། བར་གནས་སུ་འཇོག་པའམ་ཡང་ན་ངོ་རྒོལ་བྱེད་པ་སོགས་ཀྱི་རྣམ་པའམ། ཡང་ན་བརྗེ་སྤོར་བྱེད་མི་དགོས་པའི་གྲངས་ཀ་སྟེ། ལོ་ཚོད་སོགས་ཀྱི་རྣམ་པ་ཡིན།

རིགས་དབྱེ།  

སྲིད་དོན་སྨྱན་སྦྱོར་གསར་པ།

སྲིད་དོན་སྨྱན་སྦྱོར་གསར་པ་ཞེས་པ་ནི་རིམ་ཁག་སྲིད་འཛིན་ལས་ཁུངས་དང་། སྲིད་འཛིན་གྱི་འགན་ནུས་འཁུར་བའི་བྱ་གཞག་ཚན་པ་དང་དེའི་ནང་བཙུགས་པའི་སྒྲིག་གཞིས་པོད་འཕྲིན་དང་སྐད་འཕྲིན་སོགས་ཕྱོགས་གསུམ་པའི་ལས་སྟེགས་ཐོག་བཙུགས་པའི་སྲིད་དོན་རྩིས་ཐོའི་ཨང་གྲངས་སམ་ཡང་ན་བེད་སྤྱོད། དེ་བཞིན་རང་གིས་གསར་སྤེལ་འཛུགས་སྐྲུན་བྱས་པའི་སྒུལ་བདེའི་དུད་སྣེ་སོགས་ལ་ཟེར།

རིགས་དབྱེ།  

“གནམ་ལོ་གསར་ཚེས་ཀྱི་པེ་ཅིང་དང་།ཤང་ཀང་།ཨའོ་མོན་བཅས་ཀྱི་སུམ་རྩེན་གླེང་མོལ”བྱེད་སྒོ།

“གནམ་ལོ་གསར་ཚེས་ཀྱི་པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་སུམ་རྩེན་གླེང་མོལ”བྱེད་སྒོ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང། ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་། ཨའོ་མོན་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་སུ་ཚོགས་ར་གསུམ་བཀོད་སྒྲིག་བྱས་ཏེ་སུམ་རྩེན་བར་སྣང་ས་ཚིགས་དང་དུས་ཐོག་ཏུ་སྦྲེལ་མཐུད་སྤེལ་རེས་བྱས་པ་རེད། སྐབས་དེ་དུས་འཇིག་རྟེན་འཕུར་སྐྱོད་ཀྱི་ཆེད་མཁས་དང་སུམ་རྩེན་ས་ཚིགས་སུ་ཡོད་པའི་འཇིག་རྟེན་འཕུར་སྐྱོད་པས་པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ནས་ཡོང་བའི་ན་གཞོན་སློབ་མ་དང་སྤེལ་རེས་བྱས། སྤྱི་ལོ2022ལོའི་ཟླ1པོའི་ཚེས1ཉིན་གྱི་ཕྱི་དྲོ“གནམ་ལོ་གསར་ཚེས་དང་། པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་སུམ་རྩེན་གླེང་མོལ”གྱི་བྱེད་སྒོ་ས་ཆ་མང་པོ་དང་མཐུན་སྦྱོར་གྱི་རྣམ་པའི་ཐོག་ནས་སྤེལ་ཡོད།

རིགས་དབྱེ།  

ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད།

《ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད》ཅེས་པ་ནི་དཔེ་མཛོད་ཁང་གིས་རང་མོས་དང་། འདྲ་མཉམ། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་དཔེ་མཛོད་ཁང་དང་དཔེ་མཛོད་ཁང་བར་དང་། དཔེ་མཛོད་ཁང་དང་ལས་ཁུངས་གཞན་དག་བར་གྱི་མཉམ་ལས་དང་། མཉམ་སྒྲུབ། ཕན་ཚུན་མཐུན་སྦྱོར་བཅས་ཀྱི་འབྲེལ་བ་སྣ་ཚོགས་བཙུགས་ནས་ལག་རྩལ་དང་། བྱེད་ཐབས། ཐབས་ལམ་བཅས་སྣ་ཚོགས་སྤྱད་དེ་ཐུན་མོང་ཐོག་དྲན་སྐུལ་དང་། ཐུན་མོང་ཐོག་འཛུགས་སྐྲུན། ཐུན་མོང་ཐོག་བེད་སྤྱོད་བཅས་བྱས་ཏེ་སྤྱོད་མཁན་གྱི་ཆ་འཕྲིན་ཐོན་ཁུངས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་པའི་བྱེད་སྒོ་ཡོངས་རྫོགས་ལ་ཟེར།

རིགས་དབྱེ།  

གནོན་ཤུགས།

དྲ་བའི་མྱུར་ཚད་དལ་བས་ཕབ་ལེན་དུས་ཡུན་རིང་དྲགས་པའམ་ཡང་ན་དྲ་ཐོག་བརྙན་ལམ་དུས་ཚོད་རིང་དྲགས་ནས་བྱུང་བའི་འཚབ་འཚུབ་ཀྱི་སེམས་ཁམས་ཀྱི་རྣམ་པ་ཞིག་ཡིན།

རིགས་དབྱེ།