ཁམས་པའི་བརྙན་འཕྲིན།

ཁམས་པའི་བརྙན་འཕྲིན་ནི་ལྷ་ས་དང་ཨ་མདོའི་བོད་སྐད་བརྙན་འཕྲིན་གྱི་རྗེས་སུ་བྱུང་བའི་རྒྱལ་ཡོངས་ཀྱི་བོད་སྐད་བརྙན་འཕྲིན་གསུམ་པ་དེ་ཡིན་ཞིང་། འཁོར་སྐར་དང་སྐུད་ལྡན་བརྙན་འཕྲིན། སྐུད་མེད་འཕྲིན་གཏོང་སོགས་ཀྱི་རྣམ་པ་བརྒྱུད་ནས་གཏོང་བ་ཞིག་ཡིན་པ་དང་། དེ་ནི་སི་ཁྲོན་དང་མཚོ་སྔོན། ལྷ་ས། ཀན་སུའུ་སོགས་ནུབ་རྒྱུད་ཀྱི་ཞིང་ཆེན་དུ་ཁྱབ་ཡོད་ལ། དེ་ཉིད་དུས་ཚོད་ཉེར་བཞིའི་རིང་གཏོང་གི་ཡོད།

རིགས་དབྱེ།  

བོད་ལྗོངས་བོད་སྐད་བརྙན་འཕྲིན།

བོད་ལྗོངས་བོད་སྐད་བརྙན་འཕྲིན་ནི་སྤྱི་ལོ1999 ལོར་དངོས་སུ་གཏོང་མགོ་བརྩམས་པ་དང་། ཉིན་རྒྱུན་བོད་སྐད་ཀྱི་ཆེད་བསྒྲིགས་ལེ་ཚན་དང་བོད་སྐད་གློག་བརྙན་ཟློས་གར་སོགས་གཏོང་གི་ཡོད་པ་དང་། ད་ལྟ་བོད་ཁུལ་མི་མང་གིས་དགའ་བསུ་ཐོབ་པའི་བོད་སྐད་ཀྱི་ལེ་ཚན་ཉེར་གཅིག་གིས་གྲུབ་ཡོད་པ་ཞིག་ཡིན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་སྲུང་སྐར་འཕྲིན་ལམ་ནི་བོད་རང་སྐྱོང་ལྗོངས་ཙམ་མ་ཟད་རྒྱལ་ཡོངས་བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་བརྒྱུད་སྤེལ་སྟེགས་བུ་གཙོ་བོའི་གྲས་ཤིག་ཡིན་པ་དང༌། རང་རྒྱལ་གྱི་ཞིང་ཆེན་རིམ་པའི་བོད་སྐད་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་ཨང་དང་པོ་དེ་ཡིན། ལོ་ངོ 25 རིང་གི་འཕེལ་རྒྱས་བརྒྱུད་བོད་སྐད་སྲུང་སྐར་འཕྲིན་ལམ་འདི་བོད་སྐད་ལེ་ཚན་སྒྲ་སྒྱུར་ཐབ་ཆག་ལས་བྱེད་མི་ཐུབ་པ་ནས་བཅར་འདྲི་དང་རྩོམ་སྒྲིག སྙན་སྒྲོན་བཅས་གཅིག་ཏུ་བསྡུས་པའི་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་ཞིག་ཏུ་འགྱུར་ཡོད་པ་དང༌། ཐོག་མར་བོད་རང་སྐྱོང་ལྗོངས་ཁོ་ནར་ཁ་ཕྱོགས་པའི་སྒྲ་སྒྱུར་ལེ་ཚན་ཞིག་ནས་རྒྱལ་ཡོངས་དང་རྒྱལ་ཕྱི་རྒྱལ་ནང་གི་བོད་རིགས་སྤུན་ཟླར་ཁ་ཕྱོགས་པའི་བོད་ཀྱི་རིག་གནས་ཁྱབ་སྤེལ་ལྟེ་གནས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

རྒྱང་སྒྲོག་བརྙན་འཕྲིན།

རྒྱང་སྒྲོག་བརྙན་འཕྲིན(Radio and television)ནི་སྐུད་མེད་གློག་རླབས་དང་ཡང་ན་འདྲེན་སྐུད་བརྒྱུད་ནས་རྒྱ་ཆེ་བའི་ས་ཁུལ་དུ་སྒྲ་དང་རི་མོའི་ལེ་ཚན་སྒྲོག་སྐྱེལ་བྱེད་པའི་བརྒྱུད་སྒྲོག་སྨྱན་རྫས་ཤིག་ཡིན་ལ། དེའི་བསྡུས་མིང་ལ་རྒྱང་སྒྲོག་ཟེར། སྐད་ཆ་ཁོ་ན་བརྒྱུད་སྒྲོག་བྱེད་པ་ལ་རྒྱང་སྒྲོག་དང་། སྐད་དང་བརྙན་རིས་གཉིས་ཀ་བརྒྱུད་སྤྲོད་བྱེད་པ་ལ་བརྙན་འཕྲིན་རྒྱང་སྒྲོག་ཟེར་བ་ཡིན།

རིགས་དབྱེ།  

བརྙན་འཕྲིན་ཁང་།

བརྙན་འཕྲིན་ཁང་ནི་སྐུད་མེད་གློག་གི་བརྡ་རྟགས་དང་འཁོར་སྐར་བརྡ་རྟགས། སྐུད་ཡོད་དྲ་རྒྱ་དང་སྦྲེལ་རེས་དྲ་རྒྱ་སོགས་ལ་བརྟེན་ནས་བརྙན་འཕྲིན་ལས་ཚན་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཤིག་ཡིན་ཞིང་། བརྙན་འཕྲིན་ལས་ཚན་སྒྲིག་སྦྱོར་བྱས་ནས་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་དེ་གཏོང་བའི་སྨྱན་སྦྱོར་ལས་ཁུངས་ཡིན་པ་དང་། དེ་ནི་རྒྱལ་ཁབ་དང་ཚོང་ལས་སྡེ་ཁག་གིས་གསར་འཛུགས་བྱས་པའི་སྨྱན་སྦྱོར་འཁོར་རྒྱུག་རྩ་འཛུགས་ཡིན།

རིགས་དབྱེ།  

ཨ་མདོ་བརྙན་འཕྲིན།

ཨ་མདོ་བརྙན་འཕྲིན་ནི་སྔོན་གྱི་ཚེ་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་སྐར་འཕྲིན་ལམ་ཡིན་ལ་2015ལོའི་ཟླ5བའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད7པ་ནས་བཟུང་། སྔར་གྱི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཞེས་པ་ནས་ཨ་མདོ་བརྙན་འཕྲིན་དུ་བསྒྱུར་བ་རེད།

རིགས་དབྱེ།  

ཏང་སྲོལ་སྲིད་སྲོལ་གྱི་མདུན་ཕྱོགས་སོ་པ།

ཧུའུ་པེ་ཞིང་ཆེན་གྱི་རྒྱུན་རྣམ་ཅན་གྱི་བརྙན་འཕྲིན་སྲིད་དོན་འདྲི་བའི་ཆེད་སྒྲིག་ལེ་ཚན་དང་པོ《ཏང་སྲོལ་སྲིད་སྲོལ་གྱི་མདུན་ཕྱོགས་སོ་པ》སྤྱི་ལོ2017ལོའི་ཟླ3པར་སྟོན་འགོ་ཚུགས་པ་རེད། ལེ་ཚན་དེས་རྣམ་པ་སྣ་ཚོགས་ཀྱི་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་གཙང་སེལ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཡོད། ལེ་ཚན་དེས་མི་སེར་གྱིས་བཏོན་པའི་གནད་དོན་དང་ཐེར་འདོན་ཁུངས་སྣེ་ཤར་གཏོང་ཐུབ་པའི་ཐབས་ལམ་བཏོད་པ་དང་། དགེ་མཚན་ལྡན་པའི་གླེང་ཕྱོགས་ལྟ་སྐུལ་ལག་བསྟར་བྱས་ནས་ཏང་སྲོལ་སྲིད་སྲོལ་འཛུགས་སྐྱོང་ཁྲོད་ཀྱི་དག་ཐེར་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། བྱེད་ཐབས་འོས་འཚམ་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་དང་དག་ཐེར་བྱས་ཚུལ་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས།

རིགས་དབྱེ།  

ཏང་སྲོལ་སྲིད་སྲོལ་གྱི་ཐད་སྦྲེལ་ཁ་པར།

《ཏང་སྲོལ་སྲིད་སྲོལ་གྱི་ཐད་སྦྲེལ་ཁ་པར》ནི་ཝེ་ཧྥང་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་ལེ་ཚན་ཞིག་ཡིན་པ་དང་། དེ་སྔ《ལས་རིགས་ཀྱི་སྤྱོད་ཚུལ་དྲ་ཐོག》ཅེས་བརྗོད་མྱོང་ཡོད། སྤྱི་ལོ2016ལོའི་ཟླ7པའི་ཚེས1ཉིན《ཏང་སྲོལ་སྲིད་སྲོལ་གྱི་ཐད་སྦྲེལ་ཁ་པར》ཞེས་པར་བསྒྱུར་ཡོད།

རིགས་དབྱེ།  

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་སྤྱི་ལོ2022ལོའི་ཟླ4བའི་ཚེས8ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

རིགས་དབྱེ།  

ཨ་མདོ་བརྙན་འཕྲིན།

ཨ་མདོ་བརྙན་འཕྲིན་ནི་སྔོན་གྱི་ཚེ་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་འཁོར་སྐར་འཕྲིན་ལམ་ཡིན་ལ་སྤྱི་ལོ2015ལོའི་ཟླ5བའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད7པ་ནས་བཟུང་། སྔར་གྱི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཞེས་པ་ནས་ཨ་མདོ་བརྙན་འཕྲིན་དུ་བསྒྱུར་བ་རེད།

རིགས་དབྱེ།  

སྤྱོད་བཅོས་རུལ་རྒོལ་ཉེ་འཁོར་དུ་ཡོད།

《སྤྱོད་བཅོས་རུལ་རྒོལ་ཉེ་འཁོར་དུ་ཡོད》ཅེས་པ་ནི་ཀྲུང་དབྱང་སྒྲིག་ཨུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་གཉིས་ཀྱིས་མཉམ་འབྲེལ་ཐོག་བཟོས་པའི་ཆེད་དོན་བརྙན་འཕྲིན་པར་གཞི་ཞིག་ཡིན། བརྙན་འཕྲིན་དེར་ཁྱོན་ལེའུ4ཡོད་དེ།《ཆབ་སྲིད་ཀྱི་ལྟ་སྐུལ》དང་།《དམངས་ཀྱི་འཚོ་བ་སྲུང་སྐྱོང》《འགྱུར་མེད་བརྟན་སྲུང》《དྲང་ནན་གྱི་ཁྱིམ་སྲོལ》བཅས་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་སྤྱོད་གཙང་སྒྲིག་ནན་གྱི་རུལ་རྒོལ་ལས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་ཚོར། བདེ་འཇགས་ཚོར་སེམས་ཐོབ་པའི་གཏམ་རྒྱུད་བརྗོད་ཡོད།

རིགས་དབྱེ།  

ཟློས་གར་དང་གློག་བརྙན་རིག་པ།

ཟློས་གར་དང་གློག་བརྙན་རིག་པ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་ཚན་ཡིན་ལ། དེའི་འོག་ཏུ་འཁྲབ་སྟོན་དང་རྒྱང་བསྒྲགས་བརྙན་འཕྲིན་རྩོམ་སྒྲིག་ཁྲིད་མཁན། ཟློས་གར་དང་ཟློས་གར་རིག་པ། ཟློས་གར་དང་གློག་བརྙན། གློག་བརྙན་རྩོམ་རིག གློག་བརྙན་རིག་པ། གློག་བརྙན་པར་ལེན་དང་སྒྲིག་བཟོ། ཟློས་གར་དང་གློག་བརྙན་གྱི་མཛེས་རྩལ་ཇུས་འགོད། སྒྲ་ཕབ་སྒྱུ་རྩལ། འགུལ་རིས། ཨང་ཀིའི་སྨྱན་གཟུགས་སྒྱུ་རྩལ་སོགས་ཀྱི་ཆེད་ལས་འདུས།

རིགས་དབྱེ།  

དེང་རབས་ཀྱི་མང་ཚོགས་སྨྱན་སྦྱོར།

དེ་ནི་མང་ཚོགས་འབོར་ཆེན་ལ་ཆ་འཕྲིན་ནམ་རོལ་རྩེད་ཀྱི་ལེ་ཚན་བརྒྱུད་བསྒྲགས་བྱེད་པའི་དེང་རབས་ཀྱི་ཁྱབ་སྤེལ་རྣམ་པ་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར་ཞིང་། དེའི་ནང་ཚགས་པར་དང་། དུས་དེབ། དཔེ་དེབ། གློག་བརྙན། ཀུན་ཁྱབ་རླུང་འཕྲིན། བརྙན་འཕྲིན། སྒྲ་ཕབ་སྤྱིན་ཤོག་སོགས་ཚུད་ཡོད། མང་ཚོགས་སྨྱན་སྦྱོར་ལ་ཆ་རྐྱེན་གལ་ཆེན་གཉིས་ཡོད་དེ། གཅིག་ནི་དེང་རབས་ལག་རྩལ་གྱི་རྣམ་པ་སྤྱད་དེ་ཆ་འཕྲིན་འདྲ་བཟོ་དང་བརྒྱུད་གཏོང་བྱེད་པའི་འཕྲུལ་འཁོར་ཡིན་པ་དང་། གཅིག་ནི་དེ་མཚུངས་ཀྱི་རྩོམ་སྒྲིག་མི་སྣས་གྲུབ་པ་ཡིན་ཞིང་། འབོར་ཆེན་བཟོ་བ་དང་བཟོ་ལས་ཅན་གྱི་ཐོན་སྐྱེད་བྱེད་པའི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

མང་ཚོགས་ཀྱི་དྲིལ་སྒྲོག་སྨྱན་བྱེད།

དེ་ནི་དྲིལ་སྒྲག་གི་ནུས་པ་ལྡན་པའི་མང་ཚོགས་ཀྱི་ཁྱབ་སྤེལ་ཡོ་བྱད་ལ་ཟེར་ཞིང་། ཐ་སྙད་འདི་ཐོག་མར་འདོན་མཁན་ནི་ཨ་རིའི་ཁྱབ་སྤེལ་རིག་པ་བ་པའོ་རོ་ལ་ཀྲ་སི་ཧྥེར་ཏེ་དང་ལོ་པོ་ཐེ་མོ་ཏུན་གཉིས་རེད།

རིགས་དབྱེ།  

ཞིན་ཧྭ་གསར་འགྱུར་ཁང་ཉིང་ཞ་ཡན་ལག་ཁང་།

ཞིན་ཧྭ་གསར་འགྱུར་ཁང་ཉིང་ཞ་ཡན་ལག་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཤིང་། རང་སྐྱོང་ལྗོངས་ཀྱི་གཙོ་གནད་དང་གླེང་གཞི་མང་བའི་གསར་འགྱུར་ལ་དམ་འཛིན་ནན་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ཨ་རབ་ཀྱི་དངོས་མང་སྟོན་ཚོགས་སོགས་བརྗོད་དོན་གཙོ་བོ་དང་མཚམས་ཚིགས་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཡི་གེ་དང་པར་རིས། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་ཉིང་ཞའི་འགྱུར་ལྡོག་གི་གསར་པ་དང་། འཕེལ་རྒྱས་དང་ཁྱད་ཆོས་གསར་བ་བརྒྱུད་སྒྲོག་བྱས་ཏེ། ཉིང་ཞིའི་རྒྱལ་ཡོངས་སུ་ཟིན་པའི་སྙན་གྲགས་དང་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་རྒྱུ།

རིགས་དབྱེ།  

ཞིན་ཧྭ་གསར་འགྱུར་ཁང་ཞིན་ཅང་ཡན་ལག་ཁང་།

ཞིན་ཧྭ་གསར་འགྱུར་ཁང་ཞིན་ཅང་ཡན་ལག་ཁང་ནི་ཞིན་ཧྭ་གསར་འགྱུར་ཁང(སྤྱི་ཁྱབ་ཁང)གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་པའི་རྒྱུན་བཙུགས་ཡན་ལག་གི་སྒྲིག་གཞི་ཞིག་ཡིན།

རིགས་དབྱེ།  

ཞིན་ཧྭ་གསར་འགྱུར་ཁང་ལིའོ་ཉིང་ཡན་ལག་ཁང་།

ཞིན་ཧྭ་གསར་འགྱུར་ཁང་ལིའོ་ཉིང་ཡན་ལག་ཁང་ནི་ཞིན་ཧྭ་གསར་འགྱུར་ཁང་གིས་ལིའོ་ཉིང་དུ་བཙུགས་པའི་ལས་ཁུངས་ཤིག་ཡིན་པ་དང་། ལིའོ་ཉིང་ས་ཁུལ་གྱི་གསར་འགྱུར་དང་ཆ་འཕྲིན་སྣ་ཚོགས་འཚོལ་བསྡུ་དང་དྲིལ་བསྒྲགས་བྱེད་པའི་ལས་འགན་འཁུར་བཞིན་ཡོད།

རིགས་དབྱེ།  

རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་རིག་པ།

ཆེད་ལས་དེའི་སློབ་མས་གཙོ་བོ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་། གསར་འགྱུར་རིག་པ། རྒྱང་སྒྲོག་བརྙན་འཕྲིན་རིག་པ། དེ་བཞིན་རྒྱང་སྒྲོག་བརྙན་འཕྲིན་གྱི་འབྲེལ་ཡོད་རིག་ཚན་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱེད་ཀྱིན་ཡོད་པས་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་བཅར་འདྲི་དང་། རྩོམ་འབྲི། རྩོམ་སྒྲིག་སྣེ་ཁྲིད། རྒྱང་སྒྲོག་དང་ལེ་ཚན་གཙོ་སྐྱོང་སོགས་ཐད་ཀྱི་གཞི་རྩའི་སྦྱོང་བརྡར་ཐེབས་ཀྱིན་ཡོད་པས་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཇུས་འགོད་དང་། རྩོམ་སྒྲིག བཅར་འདྲི། དོ་དམ་སོགས་ཐད་ཀྱི་གཞི་རྩའི་ནུས་པ་ལྡན།

རིགས་དབྱེ།  

བརྙན་འཕྲིན་རླུང་འཕྲིན་མ་ལག

བརྙན་འཕྲིན་རླུང་འཕྲིན་མ་ལག་སྟེ་འཕྲིན་གཏོང་བརྡ་ཆད་ཅེས་པ་ནི་བརྙན་འཕྲིན་རྒྱང་སྒྲོག་གི་མ་ལག་ལ་ཟེར། བརྙན་འཕྲིན་རྒྱང་སྒྲོག་ལག་རྩལ་བཀོལ་སྤྱོད་ཀྱིས་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་གྱིན་ཡོད། དེ་བས་ལུགས་མཐུན་གྱི་དོ་དམ་བྱེད་སྟངས་བརྒྱུད་ནས་རང་རྒྱལ་གྱི་ས་ངོས་ཨང་ཀིའི་བརྙན་འཕྲིན་རྒྱང་སྒྲོག་ལ་ཕན་ནུས་ལྡན་པའི་ངང་དོ་དམ་བྱེད་དགོས།

རིགས་དབྱེ།  

བརྙན་འཕྲིན་རླུང་འཕྲིན(རྒྱལ་སྤྱི)ཚད་ཡོད་ཀུང་སི།

བརྙན་འཕྲིན་རླུང་འཕྲིན་ཚད་ཡོད་ཀུང་སི་ལ་སྐུད་མེད་བརྙན་འཕྲིན་ལམ་ཡང་ནTVBཞེས་ཀྱང་ཟེར་ཞིང་། དེ་ནི་སྤྱི་ལོ1967ལོར་བཙུགས་པ་དང་ཀྲུང་གོའི་ཤང་ཀང་གི་སྐུད་མེད་བརྙན་འཕྲིན་ལས་ཁུངས་ཐོག་མ་དེ་ཡིན། ལས་སྒོ་གཙོ་བོ་གོ་ལ་ཧྲིལ་བོར་ཁྱབ་ཡོད་པ་དང་། ལས་སྒོ་གཙོ་བོར་བརྙན་འཕྲིན་རླུང་འཕྲིན་དང་། རིན་བསྡུའི་བརྙན་འཕྲིན། ལེ་ཚན་བཟོ་བ་དང་འགྲེམས་སྤེལ། འགུལ་རིས་ལས་ཚབ། སྲུང་སྐར་བརྙན་འཕྲིན། དུས་དེབ་དཔེ་སྐྲུན་བཅས་དང་འབྲེལ་ཡོད་ལས་སྒོ་ཚུད་ཡོད།

རིགས་དབྱེ།