ཡ་གླིང་ཤར་ལྷོ།

ཀྲུང་གོའི་ལྷོ་ཁུལ་གྱི་མཐའ་མཚམས་བརྒལ་ཚེ། ཀྲུང་གོའི་རི་ཆུ་དང་ཕན་ཚུན་འབྲེལ་བའི་ཡ་གླིང་ཤར་ལྷོར་སླེབས་པ་རེད། ཡ་གླིང་ཤར་ལྷོའི་ཁོངས་སུ་ཀྲུང་ལྷོ་ཕྱེད་གླིང་དང་མ་ལེ་གླིང་ཚོམ་སྟེ་ཁག་ཆེན་པོ་གཉིས་འདུས་ཤིང་། ཀྲུང་ལྷོ་ཕྱེད་གླིང་ནི་ཀྲུང་གོའི་ལྷོ་ཁུལ་དུ་ཆགས་པས་དེའི་མིང་ནི་དེ་སྐད་ཐོགས་པ་རེད།

རིགས་དབྱེ།  

དབུས་ཤར།

དབུས་ཤར་ནི་ཡ་ཡོབ་ཧྥེ་བཅས་གླིང་ཆེན་གསུམ་དང་སྦྲེལ་ཞིང་། ནུབ་ཀྱི་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོར་བརྒྱུད་ཐུབ་པའི་ལྟེ་གནས་སུ་ཆགས་ཡོད། གནའ་ནས་བཟུང་། དབུས་ཤར་ནི་ནུབ་ཕྱོགས་ཀྱི་འགག་རྩའི་འགྲིམ་འགྲུལ་ཡིན་པས་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།

རིགས་དབྱེ།  

ཏུང་ཅིང་གྲོང་ཁྱེར།

ཏུང་ཅིང་གྲོང་ཁྱེར་ནི་ལྗར་པན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་མོ་ཞིག་ཀྱང་ཡིན། གྲོང་ཁྱེར་དེའི་སྤྱིའི་ས་རྒྱ་ལ་སྤྱི་ལེ་གྲུ་བཞི་མ2155ཡོད་པ་དང་། མི་གྲངས་ཁྲི་ཚོ1301ཡོད་པས་འཛམ་གླིང་སྟེང་གི་མི་གྲངས་ཆེས་མང་བའི་གྲོང་ཁྱེར་ཁྲོད་ཀྱི་གཅིག་ཡིན། ཏུང་ཅིང་གྲོང་ཁྱེར་དང་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར། དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་བཅས་ལ་འཛམ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་རྣམ་གསུམ་ཟེར་བ་རེད།

རིགས་དབྱེ།  

མན་ཀུའུ་གྲོང་ཁྱེར།

མན་ཀུའུ་ནི་ཐེ་གོ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། ཐེ་གོ་རྒྱལ་ཁབ་ཡོངས་ཀྱིས་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་བྱེད་པ་ཡིན་པས། མན་ཀུའུ་གྲོང་ཁྱེར་དུ་དགོན་པ་བཞི་བརྒྱ་ལྷག་མཆིས། དགོན་པ་དེ་དག་བཟོ་བཀོད་ཤིན་ཏུ་ལེགས་པས་ཉི་འོད་ཀྱི་འོག་ན་སེར་ལམ་མེར་མཆིས། མན་ཀུའུ་ཞེས་པ་ནི་གསལ་བྱེད167ཀྱི་བསྡུས་མིང་ཞིག་སྟེ། མིང་དེའི་དོན་ངོ་མ་ནི་ལྷའི་ཕོ་ཉའི་མཁར་རྫོང་དང་། རླབས་ཆེན་གྱི་གྲོང་ཁྱེར། སྟོན་པའི་གཡུ་སྐུའི་དགོན་པ། ཆགས་འཇིག་མེད་པའི་གྲོང་ཁྱེར། སྟོན་པའི་གཙུག་ཏོར། རིན་ཆེན་ལེབ་བདུན་གནང་བའི་འཛམ་གླིང་གྲོང་ཁྱེར་ཆེན་པོ། ལྷ་ལ་བརྒྱ་བྱིན་གྱིས་གནང་ཞིང་ལྷ་དབང་ཕྱུག་གིས་བཞེངས་པའི་གྲོང་ཁྱེར་ཆེན་པོ་ཞེས་པ་བཅས་ཡིན།

རིགས་དབྱེ།  

མ་ནི་ལ་གྲོང་ཁྱེར།

མ་ནི་ལ་གྲོང་ཁྱེར་ནི་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲུ་ཁའི་གྲོང་ཁྱེར་ཡིན། གྲོང་ཁྱེར་དེ་ཧྥི་ལི་ཕིན་གླིང་ཚོམ་ཁྲོད་ཀྱི་ཆེས་ཆེ་བའི་གླིང་ཕྲན་ཏེ། ལུའུ་སུང་གླིང་ཕྲན་གྱི་ཤར་ངོགས་ན་ཆགས་ཤིང་། ཁ་མ་ནི་ལ་མཚོ་ཁུགས་ལ་གཏད་ཡོད། པ་ཧྲི་གཙང་བོས་མ་ནི་ལ་གྲོང་ཁྱེར་གཡས་གཡོན་གཉིས་སུ་བཀར་འདུག མ་ནི་ལ་གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ795མཆིས་ཤིང་། ཡ་གླིང་གི་གྲོང་ཁྱེར་ཆེ་གྲས་ཡིན།

རིགས་དབྱེ།  

ཁ་ཐར།

ཁ་ཐར་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.1437ལྷག་ཡོད་པ་དང་མི་གྲངས་ཁྲི62མཆིས་ལ། རྒྱལ་ས་ནི་དྷོ་ཧ་ཡིན། སྲིད་འཛིན་ས་ཁུལ་ལ་མཁར་གྲོང་ཆེན་པོ་དྲུག་ཏུ་དབྱེ་ཡོད།

རིགས་དབྱེ།  

ཨེ་ཤ་ཡ་དབུས་མ།

དེ་ནི་ཨེ་ཤ་ཡའི་དབུས་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་ལ་ཟེར་ཞིང་། སྒྲ་དོག་འཇུག་གི་གོ་དོན་ལ་སྤྱིར་བཏང་དུ“ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ”ལས་མེད་དེ།“ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”ཞེས་པ་ནི་ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཏུར་ཁུའུ་མེན་སི་ཐན་བཅས་ལ་གོ།

རིགས་དབྱེ།  

ཧ་སག་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་གྱི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་ཡིན་ལ། ཆེས་མཇུག་མཐའི་སུའུ་ལེན་དང་ཁ་བྲལ་བའི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱང་ཡིན། ཡ་གླིང་དང་ཡོ་རོབ་གླིང་གི་འབྲེལ་མཚམས་སུ་གནས།

རིགས་དབྱེ།  

ཁེར་གྷི་སི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

ཁེར་གྷི་སི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ(སྤྱི་ལོ1936ལོ་ནས་སྤྱི་ལོ1991ལོའི་བར)ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། བསྡུས་མིང་ལ་ཁེར་གྷི་སི་ཟེར།

རིགས་དབྱེ།  

ཏུར་མེན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

སྤྱི་ལོ1917ལོར་ཏུར་མེན་མི་དམངས་ཟླ་བ་གཉིས་པའི་གསར་བརྗེ་དང་ཟླ་བཅུ་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེར་ཞུགས་པ་དང་། ལོ་དེའི་ཟླ12པར་སུའུ་ཝེ་ཨེད་སྲིད་དབང་བཙུགས། སྤྱི་ལོ1924ལོའི་ཟླ10བའི་ཚེས27ཉིན་ཏུར་མེན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་བཙུགས་པར་མ་ཟད། སུའུ་ལེན་དུ་ཞུགས། སྤྱི་ལོ1991ལོའི་ཟླ10བའི་ཚེས27ཉིན་རང་བཙན་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་མིང་ལ་ཏུར་མེན་སི་ཐན་ཞེས་བཏགས། ལོ་དེའི་ཟླ12པའི་ཚེས21ཉིན་རང་བཙན་མཉམ་འབྲེལ་ཚོགས་པར་ཞུགས། སྤྱི་ལོ1992ལོའི་ཟླ3པའི་ཚེས2ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས།

རིགས་དབྱེ།  

ཨུ་ཟ་བྷེ་ཁི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་སྔོན་མའི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ15ཡི་གྲས་ཡིན་ཞིང་། བསྡུས་མིང་ལ་ཨུ་ཟ་བྷེ་ཁི་ཟེར། འཛམ་གླིང་སྟེང་གི་སྐམ་སའི་རྒྱལ་ཁབ་གཉིས་ཀྱི་གཅིག་ཡིན། (ཅིག་ཤོས་ནི་ལེ་ཀྲི་ཏུན་ཧྲི་ཏེང་ཡིན) ནུབ་བྱང་ཚྭ་མཚོ་དང་ཉེ་ཞིང་། ཧ་སག་སི་ཐན་དང་། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཏུར་མེན་སི་ཐན། ཨ་ཧྥུ་ཀ་ནི་སི་ཐན་བཅས་དང་ས་མཚམས་འབྲེལ་ཡོད།

རིགས་དབྱེ།  

ཐ་ཇིག་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

ཐ་ཇིག་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ(སྤྱི་ལོ1929ལོ་ནས་སྤྱི་ལོ1990ལོའི་བར)ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་ལ། ཨེ་ཤ་ཡ་དབུས་མའི་ས་ཁུལ་དུ་གནས་པ་དང་། བསྡུས་མིང་ལ་ཐ་ཇིག་ཟེར། དེ་ནི་ཨེ་ཤ་ཡ་དབུས་མའི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། བྱང་དུ་ཁེར་གྷི་སི་ཐན་དང་འབྲེལ་བ་དང་། ནུབ་ཏུ་ཨུ་ཟ་བྷེ་ཁི་སི་ཐན་དང་འབྲེལ་ཡོད།

རིགས་དབྱེ།  

རྒྱང་ཤར་ས་ཁུལ།

རྒྱང་ཤར་ས་ཁུལ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་སྐབས་སུ་ཨེ་ཤ་ཡའི་ཆེས་ཤར་ཕྱོགས་ས་ཁུལ་གྱི་སྤྱི་མིང་ཡིན་ལ། ཁོ་ཚོས་ཡོ་རོབ་གླིང་ལྟེ་བར་བྱས་ཏེ། ཡོ་རོབ་ཤར་ལྷོ་དང་ཨ་ཧྥེ་རི་ཁའི་བྱང་ཤར་ལ་ཉེ་བའི་ཤར་རྒྱུད་ཅེས་འབོད་ཅིང་། ཨེ་ཤ་ཡ་ནུབ་མའི་ཉེ་འགྲམ་ལ་དབུས་ཤར་ས་ཁུལ་དང་། དེ་ལས་རིང་བའི་ཤར་ཕྱོགས་ལ“རྒྱང་ཤར”ཞེས་འབོད།

རིགས་དབྱེ།  

རྒྱང་ཤར་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ཨུ་སྲིད་གཞུང་གིས་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དང་ཞི་པོ་ལི་ཡའི་པེ་ཅཱ་ཨེར་མཚེའུ་ཡི་ཤར་ཕྱོགས་ས་ཁུལ་དུ་བཙུགས་པའི་ཨུ་རུ་སུས་ཚོད་འཛིན་བྱེད་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན།

རིགས་དབྱེ།  

འཇོར་ཇི་ཡ་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་ཨེ་ཤ་ཡའི་ཀའོ་ཅ་སུའོ་ཕྱི་མའི་དབུས་ནུབ་རྒྱུད་དུ་གནས་ཤིང་། བྱང་དུ་ཨུ་རུ་སུ་དང་འབྲེལ་བ་དང་། ལྷོ་ཐུར་ཁེ་དང་ཨར་མེ་ཉི་ཡར་འབྲེལ་ཡོད་ལ། ཤར་ཨ་ཟེར་བྷེ་ཇན་དང་ས་མཚམས་འབྲེལ་ཡོད། ནུབ་མཚོ་ནག་དང་འབྲེལ་བ་དང་། ཡུག་རེན་བར་རྒྱ་མཚོས་ཆོད་ཡོད།

རིགས་དབྱེ།  

ཡ་ཅ་ཏ་གྲོང་ཁྱེར།

ཡ་ཅ་ཏ་གྲོང་ཁྱེར་ནི་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཆེས་ཆེ་བའི་གྲོང་ཁྱེར་ཡིན་ལ། ཀྲབ་ཝ་གླིང་ཕྲན་གྱི་ནུབ་བྱང་མཚོ་ངོགས་ན་ཆགས་འདུག ཡ་ཅ་ཏ་གྲོང་ཁྱེར་ནི་ཡ་གླིང་ཤར་ལྷོའི་ཆེས་ཆེ་བའི་གྲོང་ཁྱེར་དང་འཛམ་གླིང་དུ་སྐད་གྲགས་ཆེ་བའི་གྲུ་ཁའི་གྲོང་ཁྱེར་ཡིན། ཡ་ཅ་ཏ་ཞེས་པའི་ནང་དོན་ནི་རྣམ་པར་རྒྱལ་བའི་གྲོང་ཁྱེར་རམ་གཟི་བརྗིད་ལྡན་པའི་མཁར་རྫོང་ཞེས་པ་དེ་ཡིན། དེང་སང་གི་ཡ་ཅ་ཏ་གྲོང་ཁྱེར་ན་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པར་མ་ཟད། ཞི་བདེ་རྒྱ་མཚོ་དང་ཧིན་རྡུ་རྒྱ་མཚོའི་བར་གྱི་བགྲོད་ལམ་ཉག་གཅིག་དང་ཡ་གླིང་ནས་རྒྱ་མཚོ་ཆེན་པོའི་གླིང་དུ་བགྲོད་པའི་བགྲོད་ལམ་ཉག་གཅིག་ཀྱང་ཡིན། གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་གནམ་གྲུ་ཐང་ཆེན་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གནམ་གྲུ་ཐང་ཆེན་གྱི་གྲས་ཡིན།

རིགས་དབྱེ།  

ཅེ་རུས་ས་ལེམ་གྲོང་ཁྱེར།

ཡ་གླིང་ནུབ་མར་ཡོད་པའི་འཛམ་གླིང་གི་སྐད་གྲགས་ཆེ་བའི་གནའ་མཁར་ཅེ་རུས་ས་ལེམ་དུ་གནའ་ཤུལ་དང་གནས་མཆོག གསོལ་འདེབས་ར་བ་སོགས་བཟོ་བཀོད་མང་བོ་ཞིག་ཡོད། ཡིའུ་ཐའེ་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་བཅས་ཀྱིས་ཅེ་རུས་ས་ལེམ་གྲོང་ཁྱེར་རང་རང་གི་ཆོས་ལུགས་ཀྱི་གནས་མཆོག་ཏུ་བརྩིས་པ་རེད། ད་སྔ་ཅེ་རུས་ས་ལེམ་གྲོང་ཁྱེར་ནི་དབྱི་སི་རལ་རྒྱལ་ཁབ་ཀྱི་རྒྱལ་ས་བྱས་ཡོད། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ801ལྷག་མཆིས། ཅེ་རུས་ས་ལེམ་གྲོང་ཁྱེར་དང་ཐོག་ཆགས་དུས་ནི་སྤྱི་ལོ་སྔོན་གྱི1049ལོ་ཡིན་པ་རེད།

རིགས་དབྱེ།  

ཁ་པུར་གྲོང་ཁྱེར།

ཁ་པུར་གྲོང་ཁྱེར་ནི་ཨ་ཧྥུ་ཧན་རྒྱལ་ཁབ་ཀྱི་རྒྱལ་ས་དང་ཨ་ཧྥུ་ཧན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་ལ། ལོ་ངོ3000ལྷག་གི་ལོ་རྒྱུས་དང་ལྡན་པའི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན། ཁ་པུར་ཞེས་པ་ནི་ཚོང་ལས་ཀྱི་ལྟེ་བ་ཞེས་པའི་དོན་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ320ལྷག་མཆིས། ཁ་པུར་གྲོང་ཁྱེར་ནི་ཨ་ཧྥུ་ཧན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པས། ཨ་ཧྥུ་ཧན་རྒྱལ་ཁབ་ཀྱི་དབང་རྩའི་ལྟེ་བ་དང་མཚུངས།

རིགས་དབྱེ།  

ཨི་རན།

ཨི་རན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི164.5ཡོད་པ་དང་མི་གྲངས་ཁྲི6770.2ཡོད། རྒྱལ་ས་ནི་ཏེ་ཧི་རན་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་ཉེར་བརྒྱད་དང་རྫོང་བརྒྱ་དང་གོ་ལྔ། ཆུས་ལྔ་བརྒྱ་དང་། ཤང་ཆིག་སྟོང་ལྔ་བརྒྱ་གྱ་གཅིག་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཨི་རག

ཨི་རག་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི44.1839ཡོད་པ་དང་། རྒྱལ་ས་ནི་བྷག་ཏ་ཡིན། མི་གྲངས་ཁྲི2310ཡོད། སྲིད་འཛིན་ས་ཁུལ་ལ་བྱང་ཁུལ་དང་དཀྱིལ་ཁུལ། ལྷོ་ཁུལ་བཅས་དང་རྒྱལ་ཡོངས་སུ་ཞིང་ཆེན་བཅོ་བརྒྱད་དང་ཞིང་ཆེན་གྱི་འོག་ཏུ་རྫོང་དང་ཤང་། སྡེ་བ་བཅས་སུ་བགོས་ཡོད།

རིགས་དབྱེ།  

ཨི་ཟི་རེལ།

​ཨི་ཟི་རེལ་རྒྱལ་ཁབ་སྟེ་དངོས་ཡོད་ཚོད་འཛིན་གྱི་མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.5ཡོད་ཅིང་། མི་གྲངས་ལ་ཁྲི670ཡོད། སྲིད་འཛིན་ས་ཁུལ་ལ་ཁུལ་ཆེན་པོ་དྲུག་དང་ཁུལ་ཆུང་བ་སུམ་ཅུ། གྲོང་ཁྱེར་སུམ་ཅུ་སོ་གཅིག་ས་གནས་ཨུ་ཡོན་ལྷན་ཁང་བརྒྱ་དང་བཅོ་ལྔ། ས་ཁུལ་ཨུ་ཡོན་ལྷན་ཁང་བཞི་བཅུ་ཞེ་དགུ་བཅུ་ཡོད། རྒྱལ་ས་ནི་ཇེ་རུ་ས་ལེམ་ཡིན།

རིགས་དབྱེ།  

འཇར་པན།

འཇར་པན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི37.7880ལྷག་ཡོད་ལ། མི་གྲངས་དུང་ཕྱུར1.27ཡོད། རྒྱལ་ས་ནི་ཐེ་ཁོ་ཡོ་ཡིན། རྒྱལ་ཁབ་ཀྱི་གཙོ་འཛིན་ནི་གོང་མ་མེན་རིན་ཡིན་པ་དང་། སྲིད་འཛིན་ས་ཁུལ་ལ་རྒྱལ་ས་གཅིག་དང་སྲིད་ཁུལ་གཉིས། རྫོང་བཞི་བཅུ་ཞེ་གསུམ་དང་སྡེ་བ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཇོར་དན།

​ཇོར་ཏན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི8.934ཡོད་པ་དང་། མི་གྲངས་ཁྲི518.2ཡོད། རྒྱལ་ས་ནི་ཨེ་མན་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་གཉིས་སུ་བགོས་ཡོད།

རིགས་དབྱེ།  

ཧ་སག་སི་ཐན།

ཧ་སག་སི་ཐན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི272.49ཡོད་པ་དང་མི་གྲངས་ཁྲི1521ཡོད། རྒྱལ་ས་ནི་ཨ་སི་ཐ་ན་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་བཅུ་བཞི་དང་ཆུས་ཉིས་བརྒྱ་བཅོ་བརྒྱད། གྲོང་ཁྱེར་བརྒྱད་ཅུ་གྱ་བཞི། གྲོང་བརྡལ་བརྒྱ་དང་དགུ་བཅུ་གོ་བདུན་དུ་བགོས་ཡོད།

རིགས་དབྱེ།  

ཁེར་གྷི་ས་ཐན།

ཁེར་གྷི་སི་ཐན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི19.85ཡོད་པ་དང་། མི་གྲངས་ཁྲི501.25ཡོད། རྒྱལ་ས་ནི་པི་སི་ཁེག་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་བདུན་དང་གྲོང་ཁྱེར་གཅིག ཆུས་དྲུག་བཅུ་རུ་དབྱེ་ཡོད།

རིགས་དབྱེ།  

ཁུ་ཝེད།

ཁུ་ཝེད་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.7818ཡོད་པ་དང་། མི་གྲངས་ཁྲི230ལྷག་ཡོད། རྒྱལ་ས་ནི་ཁུ་ཝེད་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་དྲུག་མཆིས།

རིགས་དབྱེ།  

ལྷོ་ཁོ་རེ་ཡ།

ལྷོ་ཁོ་རེ་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི9.9538ཡོད་པ་དང་། མི་གྲངས་ཁྲི4764.45ཡོད། རྒྱལ་ས་ནི་སེ་འུལ་ཡིན་པ་དང་། སྲིད་འཛིན་ས་ཁུལ་ལ་དམིགས་བསལ་གྲོང་ཁྱེར་གཅིག་དང་ཁུལ་དགུ གྲོང་ཁྱེར་དྲུག་རྫོང་བརྒྱ་དང་སུམ་ཅུ་སོ་བདུན། གྲོང་རྡལ་དྲུག་ཅུ་རེ་དགུ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

བྱང་ཁོ་རེ་ཡ།

བྱང་ཁོ་རེ་ཡ་རྒྱལ་ཁབ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.2762ཡོད་པ་དང་། མི་གྲངས་ཁྲི2211.4མཆིས། རྒྱལ་ས་ནི་ཕོང་ཡང་ཡིན་ཞིང་། རྒྱལ་ཁབ་ཀྱི་གཙོ་འཛིན་ནི་ངལ་རྩོལ་ཏང་གི་ཧྲུའུ་ཅི་ཡིན་ལ། སྲིད་གཞུང་གི་འགོ་འཛིན་ནི་ནང་སྲིད་ལས་ཁུངས་ཀྱི་ཙུང་ལི་ཡིན། སྲིད་འཛིན་ས་ཁུལ་ལ་ཐད་གཏོགས་གྲོང་ཁྱེར་གསུམ་དང་གྲོང་ཁྱེར་ཆུང་བ་དགུ རྫོང་ཉི་ཤུ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ལ་ཝོ་སི།

ལ་ཝོ་སི་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི23.68ཡོད། མི་གྲངས་ཁྲི537.7ཡོད། རྒྱལ་ས་ནི་ཝན་ཐེན་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དྲུག་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གཅིག ཐད་གཏོགས་གྲོང་ཁྱེར་གཅིག ཞིང་ཆེན་གྱི་འོག་ཏུ་རྫོང་བརྒྱ་དང་བཅུ་བཞི། ཤང་དགུ་བརྒྱ་ལྔ་བཅུ། སྡེ་བ་ཆིག་སྟོང་ཆིག་བརྒྱ་ཞེ་གཉིས་བཅས་སུ་ཡོད།

རིགས་དབྱེ།  

ལེ་པ་ནོན།

ལེ་པ་ནོན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.0452ཡོད་པ་དང་། མི་གྲངས་ཁྲི400ཡོད། རྒྱལ་ས་ནི་པེ་རུ་ཐེ་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་ལྔ་དང་། ཁུལ་དང་རྫོང་ཤང་བཅས་སུ་དབྱེ་ཡོད།

རིགས་དབྱེ།