བྱང་ཁོ་རེ་ཡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱང་ཁོ་རེ་ཡ།
བྱང་ཁོ་རེ་ཡ་རྒྱལ་ཁབ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.2762ཡོད་པ་དང་། མི་གྲངས་ཁྲི2211.4མཆིས། རྒྱལ་ས་ནི་ཕོང་ཡང་ཡིན་ཞིང་། རྒྱལ་ཁབ་ཀྱི་གཙོ་འཛིན་ནི་ངལ་རྩོལ་ཏང་གི་ཧྲུའུ་ཅི་ཡིན་ལ། སྲིད་གཞུང་གི་འགོ་འཛིན་ནི་ནང་སྲིད་ལས་ཁུངས་ཀྱི་ཙུང་ལི་ཡིན། སྲིད་འཛིན་ས་ཁུལ་ལ་ཐད་གཏོགས་གྲོང་ཁྱེར་གསུམ་དང་གྲོང་ཁྱེར་ཆུང་བ་དགུ རྫོང་ཉི་ཤུ་བཅས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝鲜民主主义人民共和国
ཕྱི་ཡིག་གི་མིང་།
Democratic People's Republic of Korea
རྒྱལ་ས།
ཕོང་ཡང་།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི12.2762
མི་གྲངས།
ཁྲི2211.4
དངུལ་ལོ།
ཁོ་སྒོར།
1 ​ས་བབ་གནས་ཚུལ།

ཡ་གླིང་ཤར་ཁུལ་གྱི་བྱང་ཁོ་རེ་ཡ་ཕྱེད་གླིང་དུ་ཡོད་པ་དང་། ཤར་བྱང་དུ་རུ་སུ་དང་འབྲེལ་ཞིང་། བྱང་དུ་ཡ་ལུའུ་གཙང་བོ་དང་ཐུའུ་མིན་གཙང་བོའི་ས་མཚམས་བྱས་པའི་ཀྲུང་གོ་དང་འབྲེལ། ཤར་དུ་འཇར་པན་རྒྱ་མཚོ་ཡོད་ཅིང་ལྷོ་རུ་ཁོ་རེ་ཡ་ལྷོ་མ་དང་འབྲེལ། ས་བབ་ནི་ཤར་མཐོ་ཞིང་ནུབ་དམའ་བ་དང་། བྱང་མཐོ་ལ་ལྷོ་དམའ་བ་ཡིན། རི་བོ་ལ་ཀྲུང་གོའི་ས་མཚམས་ཀྱི་པེ་ཐུག་རི་བོ་ལས་གཞན། ད་དུང་ཅིན་ཀང་རི་བོ་དང་མེའུ་ཞང་རི་བོ་སོགས་མཆིས།

ནམ་ཟླ་ནི་དུས་བཞིའི་དབྱེ་བ་གསལ་ཞིང་དབྱར་དྲོ་ལ་དགུན་འཁྱག་པ་དང་། དབྱར་དུས་ཀྱི་ཆར་བ་འབབ་ཚད་ཅུང་ཆེ། གཏེར་ཁ་དང་ཆུ་བོ། ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཁོ་རེ་ཡ་ཞེས་པའི་མིང་ཐོགས་ཚུལ་ནི་ས་བབ་ཀྱི་སྟེང་ནས་རི་བོ་མཐོ་ཞིང་ཆུ་བོ་དྭངས་བ་ཞེས་པའི་དོན་དུ་བཤད།

2 མི་རིགས་དང་རིག་གནས།

མི་གྲངས་ནི་བཅིངས་འགྲོལ་རྗེས་སུ་སྲིད་གཞུང་གི་ཞིང་སྡེ་རུ་ཁ་ཐོར་དུ་གནས་པ་དག་བདེ་ཐང་དུ་གནས་སྤོར་དུ་བཅུག་པ་དང་། མི་རིགས་ཁོ་རེ་ཡའི་མི་ཁོ་ན་ཡིན།

སྐད་ཆ་ལ་ཁོ་རེ་ཡའི་སྐད་བཀོལ་བ་དང་། ཆོས་ལུགས་ནི་མི་ཉུང་ཉུང་ཞིག་གིས་སངས་རྒྱས་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད། རྒྱལ་ཁབ་ཀྱི་མེ་ཏོག་ནི་མུའུ་ཅིན་མེ་ཏོག་ཡིན། 

3 ཆབ་སྲིད་དང་དཔལ་འབྱོར།

སྤྱི་ལོ2000ལོའི་ཟླ6པའི་ཚེས13ཉིན་ནས་ཚེས15བར། ཕོང་ཡང་གྲོང་ཁྱེར་དུ་ཅིན་ཀྲིན་རི་དང་ཅིན་ཏ་ཀྲུང་གཉིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཐུགས་འཕྲད་གནང་སྟེ། 《ལྷོ་བྱང་ཐུན་མོང་བསྒྲགས་གཏམ》སྤེལ། དེ་ནི་ཁ་བྲལ་བྱུང་སྟེ་ལོ55རྗེས་ཀྱི་ཐོག་མའི་མཇལ་འཕྲད་ཅིག་ཡིན།

རྩ་ཁྲིམས། སྤྱི་ལོ1998ལོའི་ཟླ9བར་རྩ་ཁྲིམས་ལ་བཟོ་བཅོས་རྒྱབ་སྟེ། གཤེགས་ཟིན་པའི་ཅིན་ཀྲིན་རི་ནི་དུས་ནམ་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པར་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་དོན་ཚན་དེ་མེད་པར་བཏང་ལ། སྲིད་གཞུང་གི་མིང་ནང་སྲིད་ལས་ཁུངས་སུ་བསྒྱུར།

ཆེས་མཐོའི་མི་དམངས་གྲོས་ཚོགས། དེ་ལ་གྲོས་ཚོགས་ཀྱང་ཟེར་བ་དང་། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་འཛིན་ལས་ཁུངས་ཡིན་ལ། ཁྲིམས་འཛིན་གྱི་དབང་ཆའང་ལྡན། གྲོས་མི་ནི་འདེམས་བསྐོ་བྱ་དགོས་པ་ཡིན། སྐབས་རེའི་འགན་ཡུན་ལོ་ལྔ་ཡིན།

དཔལ་འབྱོར་ནི་བསྟུད་མར་རང་བྱུང་གི་གནོད་འཚེ་ཐེབས་པས་འབངས་ཀྱི་ལྟོ་རྒྱབ་སོགས་ལའང་དཀའ་ཚེགས་ཆེན་པོ་བྱུང་ཡོད། སྤྱི་ལོ2003ལོའི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་འཕེལ་ཚད1.8%ཡིན། དངུལ་སྒོར་ནི་ཁོ་སྒོར་ཡིན།

4 སློབ་གསོ།

བྱང་ཁོ་རེ་ཡས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་ལོ་བཅུ་གཅིག་གི་འགན་བབས་སློབ་གསོ་ལག་བསྟར་བྱས། ཆེས་མིང་གྲགས་ཅན་གྱི་སློབ་ཆེན་ནི་ཁོ་རེ་ཡའི་ཅིན་རི་ཁྲིན་སྣ་འཛོམས་སློབ་ཆེན་ཡིན། དེ་རུ་སློབ་གླིང་གསུམ་དང་སྡེ་ཁག་བཅུ་གསུམ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-01

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།