ལ་ཝོ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལ་ཝོ་སི།
ལ་ཝོ་སི་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི23.68ཡོད། མི་གྲངས་ཁྲི537.7ཡོད། རྒྱལ་ས་ནི་ཝན་ཐེན་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དྲུག་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གཅིག ཐད་གཏོགས་གྲོང་ཁྱེར་གཅིག ཞིང་ཆེན་གྱི་འོག་ཏུ་རྫོང་བརྒྱ་དང་བཅུ་བཞི། ཤང་དགུ་བརྒྱ་ལྔ་བཅུ། སྡེ་བ་ཆིག་སྟོང་ཆིག་བརྒྱ་ཞེ་གཉིས་བཅས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
老挝人民民主共和国
ཕྱི་ཡིག་གི་མིང་།
Lao People's Democratic Republic
རྒྱལ་ས།
ཝན་ཐེན།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི23.68
མི་གྲངས།
ཁྲི537.7
དངུལ་ལོ།
ཀིབ།
1 ​ས་བབ་གནས་ཚུལ།

དབུས་ལྷོའི་ཕྱེད་གླིང་གི་སྐམ་སའི་རྒྱལ་ཁབ་གཅིག་པུ་ཡིན་པ་དང་། གནས་ས་ནི་དབུས་ལྷོའི་ཕྱེད་གླིང་གི་བྱང་ཁུལ་དུ་ཡོད། བྱང་དུ་ཀྲུང་གོ་དང་འབྲེལ། ཤར་ཕྱོགས་སུ་ཝེད་ནན་དང་འབྲེལ་ཡོད། ལྷོ་ནུབ་ཏུ་འབར་མ་དང་ལྷོ་རུ་ཁམ་བྷོ་དི་ཡ་མཆིས། ལྷོ་ནུབ་ཏུ་ཐི་ལན་དི་ཡོད། མངའ་ཁོངས་ནང་གི་ས་ཆ80%ནི་རི་བོ་དང་མཐོ་སྒང་ཡིན་ལ། མང་ཆེ་བ་ནགས་ཚལ་ཀྱིས་ཁེབས། ས་བབ་ནི་བྱང་མཐོ་ལ་ལྷོ་དམའ་བ་ཡིན། ལ་ཝོ་སི་ནི་རི་ལུང་སྔོ་ལྗང་ལྡན་པ་དང་། ཆུ་བོ་དྭངས་ཤིང་གསལ་བ། རྩྭ་དང་རྩི་ཤིང་ཚང་ཚིང་སྐྱེས་པའི་ཡུལ་ཞིག་ཡིན། ཀྲུང་གོའི་མངའ་ཁོངས་ནས་བབས་པའི་མེ་ཀུང་གཙང་པོའི་རིང་ཚད་ལ་སྤྱི་ལེ་བཞི་སྟོང་ལྔ་བརྒྱ་ཡོད་པ་དང་ལ་ཝོ་སིའི་མངའ་ཁོངས་སུ་འབབ་རྒྱུན་གྱི་རིང་ཚད་ཆིག་སྟོང་དགུ་བརྒྱ་ཙམ་ཡོད།

ནམ་ཟླ་ནི་ཚ་ཁུལ་འབྲིང་བར་གཏོགས་པ་དང་ཆར་ཆུ་མང་ལ། ཚ་བ་ཧ་ཅང་ཆེ། ནགས་ཚལ་གྱི་ཁེབས་ཚད42%ཡིན་པ་དང་ལྗོན་ཤིང་གི་རིགས་ཧ་ཅང་མང་། ལ་ཝོ་སི་ཞེས་པའི་མིང་ཐོགས་ཚུལ་ནི་ལ་ཝོ་སི་མི་རིགས་ཀྱི་མིང་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པར་བཤད།

2 མི་རིགས་དང་རིག་གནས།

ཡ་གླིང་ཤར་ལྷོ་རུ་མི་གྲངས་ཆེས་ཉུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མེ་ཀུང་གཙང་བོའི་འགྲམ་རྒྱུད་དུ་རྒྱལ་ཡོངས་ཀྱི་མི་གྲངས80%ཡན་འདུས་སྡོད་བྱས་ཡོད་ལ། ལ་ཝོ་སི་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཡོངས་སུ་ཚོ་བ་དང་མི་རིགས་དྲུག་ཅུ་ལྷག་ཡོད།

ལ་ཝོ་སིའི་སྐད་ནི་སྤྱི་སྐད་ཡིན་པ་དང་ཧྥ་རན་སིའི་སྐད་ཆ་སྤྱོད་བཞིན་ཡོད། མི་རིགས་སོ་སོ་ལ་རང་རང་གི་སྐད་ཆ་ཡོད་པ་རེད། མི80%ཡས་མས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པ་དང་། མི་ཉུང་ངུ་ཞིག་གིས་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད།

3 ཆབ་སྲིད།

རྩ་ཁྲིམས། “ལ་ཝོ་སི་ནི་མི་དམངས་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པ་དང་དབང་ཆ་ཡོད་ཚད་མི་དམངས་ལ་དབང་། ཏང་ཁག་གཅིག་ཡིན་ཏེ”སྤྱི་ལོ1991ལོའི་ཟླ8པར་འཐད་པ་བྱུང་བ་ནས་ལག་བསྟར་བྱས།

གྲོས་ཚོགས། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས། ཁྲིམས་འཛུགས་ལས་ཁུངས་ཡིན།

སྲིད་གཞུང་། རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ཡིན།

དཔལ་འབྱོར་ནི་འཛམ་གླིང་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་ཐོན་ཁུངས་གཙོ་བོ་ཞིང་ལས་ཡིན་ལ། ཞིང་བས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི90%ཟིན་ཡོད།

བཟོ་ལས་ཀྱི་རྨང་གཞི་ཞན་པ་དང་བཟོ་ལས་འཕེལ་རྒྱས་ཧ་ཅང་དལ་བ་ཡིན། དངུལ་ལོ་ནི་ཀིབ་ཡིན།

4 སློབ་གསོ།

སློབ་གསོའི་ལམ་ལུགས་ལ་བྱིས་པའི་སློབ་གསོ་དང་། སློབ་གསོ་ཕལ་བ། སློབ་གྲྭ་ཆེ་འབྲིང་གི་སློབ་གསོ། རིག་གནས་སློབ་གསོ་གསབ་སྦྱོང་སོགས་ཡོད་ལ། སློབ་ཆུང་ལོ་ལྔ་དང་སློབ་འབྲིང་ལོ་གསུམ། མཐོ་འབྲིང་ལོ་གསུམ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-01

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།