ཧྥེ་གླིང་།

ས་ཧར་ལྷོ་ཕྱོགས་ཀྱི་ཧྥེ་གླིང་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ་ས་ཧར་བྱེ་ཐང་གི་ལྷོ་ཕྱོགས་སུ་ཆགས་ཡོད། དེ་ནི་ངོ་མཚར་ཆེ་ཞིང་གསོན་ཉམས་ལྡན་པའི་ས་ཆ་ཞིག་ཡིན། ས་དེའི་སྟེང་དུ་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དང་། ཚང་ཚིང་དུ་འཁྲིགས་པའི་ཚ་ཁུལ་གྱི་ཆར་གནས། ད་དུང་མུ་མཐའ་མེད་པའི་ཚ་ཁུལ་གྱི་རྩྭ་ཐང་བཅས་ཡོད།

རིགས་དབྱེ།  

ཁེ་རོ་གྲོང་ཁྱེར།

ཁེ་རོ་གྲོང་ཁྱེར་ནི་ཉི་ལོ་ཆུ་བོའི་སྨད་རྒྱུད་དུ་ཆགས་འདུག གྲོང་ཁྱེར་དེར་ཧ་ལམ་སྙུང་གཟུགས་བང་སོ་བརྒྱད་ཅུ་ལྷག་གི་གནའ་ཤུལ་ཡོད། སྙུང་གཟུགས་བང་སོ་དེ་དག་ལས་གཞི་ཁྱོན་ཆེས་ཆེ་བ་ནི་རྒྱལ་པོ་ཧུའུ་ཧྥུ་ཟེར་བའི་སྙུང་གཟུགས་བང་སོ་ཡིན། སྙུང་གཟུགས་བང་སོ་དེའི་མཐོ་ཚད་ལ་སྨི146.5དང་། རྨང་མཐའ་སོ་སོའི་རིང་ཚད་ལ་སྨི230ལྷག་མཆིས་ཤིང་། རྡོ་རིང་ཁྲི་ཚོ230ལྷག་གིས་བརྩིགས་ནས་གྲུབ་པ་ཡིན། ཆ་སྙོམས་བྱས་ན་རྡོ་རིང་རེའི་ལྗིད་ཚད་ལ་ཧ་ལམ་སྟོང་ཁེ2500ཡོད། རྡོ་རིང་དང་རྡོ་རིང་གི་བར་སྲུབས་ལ་འཇིམ་པ་སོགས་ཅི་ཡང་བསྐྲུས་མེད་པར་བརྟན་པོར་བརྩིགས་འདུག རྒྱལ་པོ་ཧ་ཧྥ་ལོད་ཟེར་བའི་སྙུང་གཟུགས་བང་སོའི་མདུན་དུ་རྒྱལ་པོའི་དབང་ཆ་དང་ཟིལ་ཤུགས་མཚོན་པའི་སེང་ལུས་མི་གདོང་ཅན་གྱི་རྡོ་སྐུ་ཞིག་ཡོད།

རིགས་དབྱེ།  

ཡོ་ཧན་ནེ་སི་པོ་གྲོང་ཁྱེར།

ཡོ་ཧན་ནེ་སི་པོ་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཡིན། གྲོང་ཁྱེར་དེ་ཤར་བྱང་གི་ཝ་ཨར་གཙང་བོའི་སྟོད་རྒྱུད་ན་ཆགས་འདུག ཡོ་ཧན་ནེ་སི་པོ་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ269ཡོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་དཔལ་འབྱོར་གྱི་ལྟེ་བ་སྟེ། ཨ་ཧྥེ་རི་ཁ་ལྷོ་ཕྱོགས་ཀྱི་ཨང་དང་བོར་བགྲང་བའི་གྲོང་ཁྱེར་ཆེན་པོ་དང་འཛམ་གླིང་སྟེང་ཆེས་ཆེ་བའི་གསེར་ནག་གི་ཐོན་ཁུངས་བཅས་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་ཚོ63ཡོད་པ་དང་། མི་གྲངས་དེའི་ཕྱེད་ཀ་ནི་མི་ནག་ཁོ་ན་ཡིན། གྲོང་ཁྱེར་དེ་ལྕགས་ལམ་གྱིས་ལྷོ་བྱང་གཉིས་སུ་བགོས་འདུག ལྷོ་ཕྱོགས་ནི་བཟོ་ལས་ཀྱི་ས་ཁུལ་དང་བྱང་ཕྱོགས་ནི་གྲོང་ཁྱེར་གྱི་དཀྱིལ་དབུས་ཡིན། གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཚོང་ར་དང་སློབ་གྲྭ་ཆེན་མོ་སོགས་ཆགས་ཡོད་པར་མ་ཟད། སྲིད་གཞུང་གི་ལས་ཁུངས་དང་དངུལ་ཁང་། རླངས་འཁོར་འབབ་ཚིགས་བཅས་དེང་རབས་ཀྱི་ཁང་བརྩེགས་ཆེན་མོས་ཁེངས་འདུག དེ་ལས་མི་རྣམས་ཀྱི་མིག་དབང་འཕྲོག་པ་ནི་ཁང་བརྩེགས50ཅན་གྱི་ཁེ་ཕུའུ་ཏོན་ལྟེ་གནས་ཁང་ཆེན་ཡིན། ལྟེ་གནས་ཁང་ཆེན་དེ་ནི་ཡོ་ཧན་ནེ་སི་པོ་གྲོང་ཁྱེར་གྱི་ཆེས་ཆེ་བའི་ཚོང་ར་ཡིན། རྒྱལ་སྤྱིའི་སྟེང་གི་ཅུང་མང་བའི་གསེར་ནག་གི་ཚོང་ནི་གནས་དེ་རུ་རྒྱག་པ་རེད། གནས་དེ་ན་མི་རྣམས་ལ་ལྟད་མོ་བལྟ་སའི་གསེར་ནག་གཏེར་ཁའི་བཤམས་སྟོན་ཁང་དང་གསེར་ནག་སྤུས་དག་བཙོ་སྦྱང་བཟོ་གྲྭ་སོགས་ཡོད་པ་ཡིན་ནོ།།

རིགས་དབྱེ།  

ནེ་རོ་པི་གྲོང་ཁྱེར།

ནེ་རོ་པི་གྲོང་ཁྱེར་ནི་ཁེན་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨ་ཧྥེ་རི་ཁའི་ཆེས་ཆེ་བའི་གྲོང་ཁྱེར་གྱི་གྲས་ཡིན། མི་གྲངས་ཁྲི་ཚོ300ཙམ་མཆིས། སྤྱི་ལོ1963ལོར་ཁེན་ནི་ཡ་རྒྱལ་ཁབ་རང་བཙན་བྱས་པ་དང་། མི་གྲངས་དབྱར་མཚོ་རྒྱས་པ་ལྟར་ནེ་རོ་པི་གྲོང་ཁྱེར་དུ་འདུས་པ་ན་ནེ་རོ་པི་གྲོང་ཁྱེར་ནི་རང་ཤུགས་སུ་ཁེན་ནི་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་གྱུར་པ་རེད། ད་ལྟ་ཐ་མག་དང་ཟས་སྣ་སོགས་ལས་སྣོན་བྱེད་པ་ནི་གྲོང་ཁྱེར་དེའི་བཟོ་ལས་གཙོ་བོ་ཡིན་ལ། ལྗོངས་རྒྱུ་ལྟད་མོ་པ་འགུགས་པ་ཡང་གྲོང་ཁྱེར་དེའི་ཡོང་སྒོ་བསྐྲུན་ཐབས་ཤིག་ཏུ་གྱུར་ཡོད། ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ནི་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་རེད། གྲོང་ཁྱེར་ཡོངས་གྲིབ་བསིལ་གྱི་འོག་ཏུ་གནས་པ་ན། ཉི་འོད་འོག་གི་ལྗང་མདོག་གྲོང་ཁྱེར་ཞེས་པའི་མཚན་སྙན་ཡོད།

རིགས་དབྱེ།  

ལ་ཀོ་སི་གྲོང་ཁྱེར།

ལ་ཀོ་སི་གྲོང་ཁྱེར་ནི་ནི་ཀྲེ་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་རྙིང་བ་དང་ཆེས་ཆེ་བའི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན་ལ། ནི་ཀྲེ་རི་ཡ་རྒྱལ་ཁབ་ཀྱི་ནུབ་ལྷོའི་ཅི་ནེ་ཡ་མཚོ་ཁུགས་ན་མཆིས་ཤིང་། ཨོ་ཀུང་གཙང་བོ་རྒྱ་མཚོར་འདྲེས་སའི་མདོ་ཁ་སྟེ། གླིང་ཕྲན་དྲུག་དང་སྐམ་ས་བཅས་ཀྱི་སྟེང་ན་ཆགས་འདུག གླིང་ཕྲན་ཆེ་བ་སྟེ་ལ་ཀོ་སི་གླིང་ཕྲན་ནི་གྲོང་ཁྱེར་གྱི་ལྟེ་བ་ཡིན། ཡི་སི་ཡི་གླིང་ཕྲན་དང་ཝེ་ཏོ་ལི་ཡ་གླིང་ཕྲན། སྐམ་ས་བཅས་ནི་ཟམ་ཆེན་གྱིས་ཕན་ཚུན་སྦྲེལ་འདུག གྲོང་ཁྱེར་དུ་མི་གྲངས་ཁྲི་ཚོ794ཡོད་པས། ཨ་ཧྥེ་རི་ཁ་ནུབ་མའི་ཆེས་ཆེ་བའི་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཁར་ཐུམ་གྲོང་ཁྱེར།

ཁར་ཐུམ་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁའི་བྱང་ཤར་ན་གནས་པའི་སུའུ་ཏན་རྒྱལ་ཁབ་ཀྱི་རྒྱལ་ས་དང་སུའུ་ཏན་རྒྱལ་ཁབ་ཀྱི་རིག་གནས་དཔལ་འབྱོར་གྱི་ལྟེ་བ་ཡིན། ཁར་ཐུམ་གྲོང་ཁྱེར་ནི་ནེ་ལོ་གཙང་བོ་སྔོ་རིང་དང་ནེ་ལོ་གཙང་བོ་སྐྱ་རིང་གཉིས་ཀྱི་གཡས་གཡོན་བར་གསུམ་ན་གནས་པའི་གྲོང་ཁྱེར་གསུམ་གྱིས་གྲུབ་པ་ཞིག་དང་། ཁར་ཐུམ་གྲོང་ཁྱེར་ནི་ནེ་ལོ་གཙང་བོ་སྔོ་རིང་དང་ནེ་ལོ་གཙང་བོ་སྐྱ་རིང་སྟེང་གི་ཟམ་ཆེན་གཉིས་ཀྱིས་དམ་པོར་སྦྲེལ་པའི་གྲོང་ཁྱེར་ཞིག་ཡིན་ལ། ཨ་རབ་ཀྱི་སྐད་དུ་ཁར་ཐུམ་ཞེས་པ་ནི་གླང་ཆེན་གྱི་སྣ་ཞགས་ཞེས་པའི་དོན་ཡིན། ཁར་ཐུམ་གྲོང་ཁྱེར་ནི་ཏན་ཏན་གཙང་བོ་དེ་གཉིས་ཀྱི་གཡས་གཡོན་བར་གསུམ་ན་གནས་ཤིང་། གཙང་བོ་དེ་གཉིས་ཀྱི་འདུས་མདོ་ནི་དངོས་གནས་གླང་ཆེན་སྣ་ཞགས་ཀྱི་དབྱིབས་ཚུགས་དང་ཀུན་ནས་མཚུངས་འདུག

རིགས་དབྱེ།  

ཨ་པིས་རངས་གྲོང་ཁྱེར།

ཨ་པིས་རངས་གྲོང་ཁྱེར་ནི་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་དཔལ་འབྱོར་ཐད་ཀྱི་རྒྱལ་ས་ཡིན། ཨ་པིས་རངས་གྲོང་ཁྱེར་ནི་ཨེ་པུའུ་ལི་ཡེ་མཚེའུ་ཡི་འགྲམ་རྒྱུད་དང་གླིང་ཕྲན་འགའི་སྟེང་ན་ཆགས་འདུག གླིང་ཕྲན་དང་གླིང་ཕྲན། སྐམ་ས་བཅས་ཀྱི་བར་དུ་ཟམ་པ་དང་ལྕགས་ལམ་འཕངས་འདུག ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་གྲུ་ཁའི་གྲོང་ཁྱེར་ཏེ་ཨ་པིས་རངས་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་ནུབ་མའི་དངུལ་རྩ་དང་ཚོང་ལས་ཀྱི་ལྟེ་བ་ཡིན། གྲོང་ཁྱེར་དེ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པས་ན། ཨ་ཧྥེ་རི་ཁ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་ལྗོངས་རྒྱུ་ལྟེ་གནས་ཡིན།

རིགས་དབྱེ།  

ཨ་ཅི་རི་ཡ།

ཨར་ཅི་རི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི238.17ཡོད་པ་དང་། མི་གྲངས་ཁྲི3105མཆིས་ལ། རྒྱལ་ས་ནི་ཨར་ཅིར་སི་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་བཞི་བཅུ་ཞེ་བརྒྱད་དང་། གྲོང་ཁྱེར་དང་གྲོང་རྡལ་ཆིག་སྟོང་ལྷག་ཡོད།

རིགས་དབྱེ།  

ཨན་གོ་ལ།

ཨ་གོ་ལ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི124.6ཡོད་པ་དང་། མི་གྲངས་ཁྲི1310ཡོད་ལ། རྒྱལ་ས་ནི་ལུན་ཏ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅོ་བརྒྱད་དང་རྫོང་བརྒྱ་དང་ང་དྲུག་ཡོད།

རིགས་དབྱེ།  

བྷོ་ཙ་ཝན།

བྷོ་ཙ་ཝན་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི58.173ཡོད། མི་གྲངས་ཁྲི170ཡོད། རྒྱལ་ས་ནི་ཀ་པོ་རོ་ནེ་ཡིན། སྲིད་འཛིན་ས་ཁུལ་བཅུ་དང་གྲོང་ཁྱེར་བཞི་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

བྷར་ཁིན་ཧྥ་སོ།

བྷར་ཁིན་ཧྥ་སོ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི27.42ཡོད་པ་དང་། མི་གྲངས་ཁྲི1290ཡོད། རྒྱལ་ས་ནི་ཨོ་ཀ་ཏུ་ཀོ་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་ཞེ་ལྔ་དང་ཞིང་ཆེན་གྱི་འོག་ཏུ་རྫོང་སོ་སོ་རུ་དབྱེ་ཡོད།

རིགས་དབྱེ།  

པུ་རུན་དི།

པུ་རུན་དི་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.7834ཡོད་པ་དང་། མི་གྲངས་ཁྲི680མཆིས་ལ། རྒྱལ་ས་ནི་པི་ཅུམ་པུ་ར་ཡིན། རྒྱལ་ཡོངས་སུ་སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དྲུག་དང་། ཞིང་ཆེན་གྱི་འོག་ཏུ་རྫོང་དང་སྡེ་བ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཁ་མེ་རོན།

ཁ་མེ་རོན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི47.565ཡོད་པ་དང་། མི་གྲངས་ཁྲི1550ཡོད། རྒྱལ་ས་ནི་ཡ་ཝུན་ཏེ་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་བཅུ་དང་། དེའི་འོག་ཏུ་ཁུལ་དང་ཆུས། རྫོང་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཝེར་ད་ཟུར་གླིང་།

ཝེར་ད་ཟུར་གླིང་། ཝེར་ད་ཟུར་གླིང་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4033ཡོད་པ་དང་། མི་གྲངས་ཁྲི43.9ཡོད། རྒྱལ་ས་ནི་ཕུ་ར་ཡ་ཡིན་པ་དང་། སྲིད་འཛིན་ས་ཁུལ་དུ་གྲོང་ཁྱེར་བཅུ་བདུན་དུ་དབྱེ།

རིགས་དབྱེ།  

དབུས་ཧྥེ་རྒྱལ་ཁབ།

དབུས་ཧྥེ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི62.2984ཡོད་པ་དང་། མི་གྲངས་ཁྲི380མཆིས། རྒྱལ་ས་ནི་པང་གུ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དྲུག་དང་། ཐད་གཏོགས་གྲོང་ཁྱེར་གཅིག ཞིང་ཆེན་གྱི་འོག་ཏུ་རྫོང་རེ་དགུ་རུ་དབྱེ་ཡོད།

རིགས་དབྱེ།  

ཆེ་ད།

ཆེ་ད་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི128.4ཡོད་པ་དང་། མི་གྲངས་ཁྲི859ཡོད། རྒྱལ་ས་ནི་ཨིན་ཅ་མེ་ན་ཡིན། སྲིད་འཛིན་ས་ཁུལ་དུ་ཁུལ་ཆེན་པོ་དང་། ཞིང་ཆེན། གྲོང་རྡལ། སྡེ་བ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཁོམ་རོ་སུ།

​ཁོམ་རོ་སུ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2236ཡོད་པ་དང་། མི་གྲངས་ཁྲི70ཡོད། རྒྱལ་ས་ནི་མོ་རོ་ནི་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་གསུམ་དང་། རྫོང་བཅོ་ལྔ། དེའི་འོག་ཏུ་ཤང་དང་སྡེ་བ་རུ་དབྱེ་ཡོད།

རིགས་དབྱེ།  

ཁོང་གོ

ཁོང་གོ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི34.2ཡོད་པ་དང་། མི་གྲངས་ཁྲི310ཡོད། རྒྱལ་ས་ནི་པར་ཙ་ཝེར་ཡིན། སྲིད་འཛིན་ས་ཁུལ་ལ་ས་ཁུལ་བཅུ་དང་དེའི་འོག་ཏུ་གྲོང་ཁྱེར་དང་རྫོང་། ཐད་གཏོགས་གྲོང་ཁྱེར་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཁོ་ཐེ་དི་ཝོར།

ཁོ་ཐེ་དི་ཝོར་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི32.2463ཡོད་པ་དང་། མི་གྲངས་ཁྲི1750མཆིས། རྒྱལ་ས་ནི་དཔལ་འབྱོར་གྱི་ས་ཁུལ་ཨ་པེ་རིང་དང་། ཆབ་སྲིད་ཀྱི་གནས་ས་ཡམ་སོ་ཁེ་རོ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་ང་བཞི་དང་། གྲོང་ཁྱེར་བརྒྱ་དང་གོ་དྲུག་ཏུ་དབྱེ་ཡོད།

རིགས་དབྱེ།  

ཇེ་པོ་ཐི།

ཇེ་པོ་ཐི་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.32ཡོད་པ་དང་། མི་གྲངས་ཁྲི74ཡོད་ལ། རྒྱལ་ས་ནི་ཇི་པོ་ཐི་ཡིན། སྲིད་འཛིན་ས་ཁུལ་ལ་རྫོང་བཞི་དང་གྲོང་ཁྱེར་གཅིག་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཨ་ཅིབ།

ཨེ་ཅིབ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི100.145ཡོད་པ་དང་། མི་གྲངས་ཁྲི7100ཡོད་ཅིང་། རྒྱལ་ས་ནི་ཁེ་རོ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་ཉེར་དྲུག་དང་། ཞིང་ཆེན་གྱི་འོག་ཏུ་རྫོང་དང་གྲོང་ཁྱེར། ཆུས་དང་སྡེ་བ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

དམར་ལམ་གྷི་ནེ་ཡ།

དམར་ལམ་གྷི་ནེ་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.8051ཡོད་པ་དང་། མི་གྲངས་ཁྲི101.4མཆིས་ལ། རྒྱལ་ས་ནི་མ་ལ་པོ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བདུན་དང་། རྫོང་བཅུ་བདུན། གྲོང་རྡལ་ཉེར་བདུན་དུ་དབྱེ་ཡོད།

རིགས་དབྱེ།  

ཨེ་རི་ཐྲི་ཡ།

ཨེ་རི་ཐྲི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.432ཡོད་ཅིང་། མི་གྲངས་ཁྲི411ཡོད་ལ། རྒྱལ་ས་ནི་ཨ་སི་མ་ར་ཡིན། སྲིད་འཛིན་ས་ཁུལ་དྲུག་ཏུ་བགོས་ཡོད།

རིགས་དབྱེ།  

ཨེ་སེ་ཨོ་ཕི་ཡ།

ཨེ་སེ་ཨོ་ཕི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི110.36ཡོད་པ་དང་། མི་གྲངས་ཁྲི6700མཆིས་ལ། རྒྱལ་ས་ནི་ཨེ་ཏེ་སི་ཨ་པ་པ་ཡིན། སྲིད་འཛིན་ས་ཁུལ་དེ་མི་རིགས་ས་ཁུལ་དགུ་རུ་དབྱེ་ཡོད།

རིགས་དབྱེ།  

ག་པོན།

ག་པོན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི26.7667ཡོད་པ་དང་། མི་གྲངས་ཁྲི150མཆིས། རྒྱལ་ས་ནི་ལིབ་རེ་ཝིལ་ཡིན་ཞིང་། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་དགུ་དང་། ཁུལ་ཞེ་བཞི། རྫོང་བརྒྱད། གྲོང་ཁྱེར་བཅུ་གཉིས་ཀྱི་ཡོད།

རིགས་དབྱེ།  

གྷ་ན།

གྷ་ན་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི23.8537ཡོད་པ་དང་། མི་གྲངས་ཁྲི2100ཡོད། རྒྱལ་ས་ནི་ཨ་ཁ་ར་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དང་། ཞིང་ཆེན་གྱི་འོག་ཏུ་རྫོང་བརྒྱ་དང་བཅུ་རུ་དབྱེ་ཡོད།

རིགས་དབྱེ།  

གྷི་ནེ་ཡ།

གྷི་ནེ་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི24.5857ཡོད་པ་དང་། མི་གྲངས་ཁྲི850ཡོད། རྒྱལ་ས་ནི་ཁོ་ན་ཁི་རེ་ཡིན་ཞིང་། སྲིད་འཛིན་ས་ཁུལ་དུ་སྲིད་འཛིན་ཁུལ་བདུན་དང་དམིགས་བསལ་ས་ཁུལ་སོ་གསུམ་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

གྷི་ནེ་ཡ་པེ་ཧྲོ།

གྷི་ནེ་ཡ་པེ་ཧྲོ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.6125ཡོད། རྒྱལ་ས་ནི་པེ་ཧྲོ་ཡིན། མི་གྲངས་ཁྲི121ཡོད། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་གསུམ་དང་། ཆུས་བརྒྱད། རྫོང་སོ་དྲུག་ཏུ་དབྱེ་ཡོད།

རིགས་དབྱེ།  

ཁེ་ཉི་ཡ།

ཁེ་ཉི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི58.2646ཡོད་པ་དང་། མི་གྲངས་ཁྲི2990ཡོད། རྒྱལ་ས་ནི་ནེ་རོ་པི་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བདུན་དང་། ཞིང་ཆེན་རིམ་པའི་དམིགས་བསལ་ས་ཁུལ་གཅིག ཞིང་ཆེན་གྱི་འོག་ཏུ་ཆུས་དང་། ཤང་། སྡེ་བ་བཅས་སུ་དབྱེ་ཡོད་ཅིང་། དམིགས་བསལ་ས་ཁུལ་ནི་ནེ་རོ་པི་ཡིན།

རིགས་དབྱེ།  

མེ་ད་གེ་སི་ཁ།

མེ་ད་གེ་སི་ཁ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི62.7ཡོད་པ་དང་། མི་གྲངས་ཁྲི1640ཡོད་ཅིང་། རྒྱལ་ས་ནི་ཐ་ན་ན་རི་ཝོ་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེན་དྲུག་དང་། རྫོང་བརྒྱ་དང་བཅུ་གཅིག ཆུས་ཆིག་སྟོང་ཉིས་བརྒྱ་ཞེ་གཉིས་སུ་དབྱེ་ཡོད།

རིགས་དབྱེ།