པོ་ཀོ་ཐ་གྲོང་ཁྱེར།

པོ་ཀོ་ཐ་གྲོང་ཁྱེར་ནི་ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་སྟེ། ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ལྗོངས་རྒྱུ་བཅས་ཀྱི་ལྟེ་གནས་ཡིན། པོ་ཀོ་ཐ་གྲོང་ཁྱེར་ནི་མེ་གླིང་བྱང་མའི་ཁྱད་ཆོས་དང་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་ཞིག་ཡིན་ལ། གྲོང་ཁྱེར་དུ་གནས་པའི་གནའ་ཤུལ་གྲགས་ཅན་དག་གི་མཚན་སྙན་ནི་འཛམ་གླིང་ཡོངས་ལ་ཁྱབ་འདུག སྤྱི་ལོའི་དུས་རབས16དང་དུས་རབས17བཅས་སུ་བསྐྲུན་པའི་སློབ་གྲྭ་ཆེན་མོ་དང་བཤམས་སྟོན་ཁང། གནམ་དཔྱད་ཁང་། ཆོས་ཁང་སོགས་གནའ་བོའི་བཟོ་བཀོད་དག་དོ་དམ་བྱས་པ་ཧ་ཅང་ལེགས། པོ་ཀོ་ཐ་གྲོང་ཁྱེར་གྱི་ཡུལ་ལྗོངས་མཛེས་ཤིང་གནའ་ཤུལ་གྲགས་ཅན་མང་བར་བརྟེན་པོ་ཀོ་ཐ་གྲོང་ཁྱེར་ལ་མེ་གླིང་བྱང་མའི་ཡ་ཏེན་གྲོང་ཁྱེར་ཞེས་པའི་མཚན་སྙན་མཆིས་སོ།།

རིགས་དབྱེ།  

ཝ་ཧྲིང་ཐོན་གྲོང་ཁྱེར།

ཝ་ཧྲིང་ཐོན་གྲོང་ཁྱེར་ནི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་ལ། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཤར་བྱང་གི་ཧྥི་ཞི་ཉི་ཡ་ཀྲིག་དང་མ་ལི་ལན་ཀྲིག་གི་ཉེ་ས་ན་ཆགས་འདུག གྲོང་ཁྱེར་དེ་ནི་སྤྱི་ལོ1790ལོར་ཨ་མེ་རི་ཁའི་རྒྱལ་སར་གཏན་འཁེལ་བྱས་ཤིང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཐད་ཀར་བདག་གཉེར་བྱེད་པའི་གྲོང་ཁྱེར་དུ་གྱུར་པ་རེད། ཝ་ཧྲིང་ཐོན་གྲོང་ཁྱེར་ནི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལྟེ་གནས་ཡིན་པས། ཨ་རིའི་སྲིད་གཞུང་ལས་ཁུངས་དང་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་། འཛམ་གླིང་གི་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོའི་རྩ་འཛུགས། མེ་གླིང་རྒྱལ་ཁབ་ཀྱི་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ལས་ཁུངས་གཙོ་བོ་དག་གྲོང་ཁྱེར་དེ་ན་ཆགས་ཡོད་པར་མ་ཟད། བཤམས་སྟོན་ཁང་དང་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་མང་བོ་ཡང་གྲོང་ཁྱེར་དེ་ན་གནས་འདུག

རིགས་དབྱེ།  

ཉིག་ཡོ་གྲོང་ཁྱེར།

ཉིག་ཡོ་གྲོང་ཁྱེར་ནི་ཨ་རིའི་བྱང་ཤར་ཏེ་ཉིག་ཡོ་ཀྲིག་གི་ཤར་ལྷོའི་ཧ་ཏི་སུན་ཆུ་བོའི་མདོ་ཁ་ན་ཆགས་འདུག སྤྱི་ལོ1492ལོར་ཀི་ལོན་པི་ཡིས་མེ་གླིང་སྐམ་ས་ཆེན་པོ་རྙེད་ནས་ཅང་མ་འགོར་བར་ཧ་ཏི་སུན་ཆུ་བོའི་ཆུ་ངོས་འགྲིམ་འགྲུལ་ལ་བརྟེན་ནས་མི་མང་འདུས་ཤིང་གྲོང་ཁྱེར་ཞིག་ཆགས་པ་རེད། དུས་རབས17པའི་དུས་སྨད་དུ་ཉིག་ཡོ་གྲོང་ཁྱེར་དུ་མི་གྲངས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་མཉམ་དུ་ཚོང་ལས་ཀྱི་ལྟེ་གནས་ཤིག་ཏུ་གྱུར། དུས་རབས19བར་ཚོང་ལས་ཇེ་དར་ནས་ཇེ་དར་དང་ཡོ་རོབ་གླིང་གི་མི་སེར་སྤེལ་བ་ཇེ་མང་དུ་གྱུར་པ་དང་། ཉིག་ཡོ་གྲོང་ཁྱེར་གྱི་ཁེབས་རྒྱ་ཇེ་ཆེར་གྱུར་སོང་། སྤྱི་ལོ1819ལོར་ཡིས་ལི་མིས་བཟོས་གཙང་བོ་སྤྱོད་མགོ་བརྩམས་པ་ནས་བཟུང་ཉིག་ཡོ་གྲུ་ཁ་དང་མེ་གླིང་བྱང་ཕྱོགས་ཀྱི་སྐམ་སའི་ཚོང་ར་དག་ཆབས་ཅིག་ཏུ་སྤེལ་པ་ན། ཉིག་ཡོ་གྲོང་ཁྱེར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

རིགས་དབྱེ།  

ལའོ་ཧྲན་ཅི་གྲོང་ཁྱེར།

ཨ་མེ་རི་ཁའི་ཅ་ལི་ཧྥུ་ཉི་ཡ་ཀྲིག་གི་ལྷོ་རྒྱུད་ཀྱི་ལའོ་ཧྲན་ཅི་གྲོང་ཁྱེར་ནི་ཨ་མེ་རི་ཁ་ནུབ་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་ཆེ་ཤོས་དང་ཅ་ལི་ཧྥུ་ཉི་ཡ་ཀྲིག་གི་ལྟེ་བའི་གྲོང་ཁྱེར་ཏེ། ཨ་མེ་རི་ཁའི་ཆེས་ཆེ་བའི་གྲུ་ཁ་དང་ཆེས་ཆེ་བའི་གྲོང་ཁྱེར་ཨང་གཉིས་པ་བཅས་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་རིག་གནས་དང་ཚན་རིག་ལག་རྩལ། རྒྱལ་སྤྱིའི་ཚོང་ལས། སློབ་གྲྭ་ཆེན་མོ་སོགས་ཀྱི་ལྟེ་གནས་ཀྱང་ཡིན། དུས་རབས19པའི་ལོ་རབས20པའི་སྐབས་སུ་རྡོ་སྣུམ་རྙེད་པ་ནས་བཟུང་ལའོ་ཧྲན་ཅི་དར་མགོ་བརྩམས་པ་དང་། ཅང་མ་འགོར་བར་ཨ་མེ་རི་ཁ་ནུབ་རྒྱུད་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་པ་རེད། ལའོ་ཧྲན་ཅི་གྲོང་ཁྱེར་ནི་ཨ་མེ་རི་ཁ་ནུབ་མཐའི་ཚོང་ལས་དང་སྐྱེལ་འདྲེན། ཚོང་ཟོང་ཉར་ཚགས་བཅས་ཀྱི་ཐོན་ལས་ལྟེ་བ་ཡིན་ལ། ཨ་མེ་རི་ཁ་རྒྱལ་ཁབ་དང་ཡ་གླིང་བར་གྱི་ཚོང་ཟོང་ཕྱིར་གཏོང་ནང་འདྲེན་བྱེད་པའི་ལྟེ་བའང་ཡིན།

རིགས་དབྱེ།  

ཏོ་ལོན་ཏོ་གྲོང་ཁྱེར།

ཏོ་ལོན་ཏོ་གྲོང་ཁྱེར་ནི་ཁ་ན་ཏ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་དང་ཨན་ཏ་ལོས་ཞིང་ཆེན་གྱི་ཞིང་ཆེན་སྲིད་གཞུང་ཆགས་ས་ཡིན་ལ། ཨན་ཏ་ལོས་མཚེའུ་ཡི་ནུབ་བྱང་འགྲམ་ངོགས་ན་ཆགས་ཡོད། ཏོ་ལོན་ཏོ་གྲོང་ཁྱེར་ནི་ཁ་ན་ཏ་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ལྟེ་བ་སྟེ་བཟོ་ལས་དང་ཚོང་ལས་དར་ས་ཞིག་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་དངུལ་རྩའི་ལྟེ་བའི་གྲས་ཀྱི་གཅིག་ཀྱང་ཡིན། ཏོ་ལོན་ཏོ་གྲོང་ཁྱེར་ནི་འཛམ་གླིང་སྟེང་གི་ཆེས་སྣ་མང་རང་བཞིན་ཅན་གྱི་གྲོང་ཁྱེར་ཞིག་ཡིན་ཏེ། དེར་འདུས་ཀྱི་མི་རྣམས་རིགས་རྒྱུད་མི་གཅིག་པ་ཁོ་ན་ཡིན་པས། གྲོང་ཁྱེར་དེ་ནི་རིག་གནས་མི་གཅིག་པའི་སྣ་མང་མེ་ཏོག་རྣམ་པར་བཞད་པའི་མེ་ཏོག་གི་ལྡུམ་ར་ཞིག་དང་འདྲ་བར་མཛེས་སྡུག་རྣམ་པར་བཀྲ་འདུག གྲོང་ཁྱེར་དེའི་ཕྱེད་ཀ་ནི་རྒྱལ་ཁབ་སོ་སོ་དང་མི་རིགས100ནས་འོངས་པའི་རུ་འོངས་ཡིན་ལ། སྐད་རིགས་མི་འདྲ་བ140ལྷག་གྲོང་ཁྱེར་དེར་འདུས་ཏེ་གྲོང་ཁྱེར་དེར་མཛེས་སྤྲས་བྱེད་བཞིན་འདུག ཁྲིམས་འགལ་བྱ་སྤྱོད་ཆེས་ཉུང་བ་དང་ཁོར་ཡུག་ལེགས་ཤིང་འཚོ་བའི་སྤུས་ཚད་མཐོ་བ་བཅས་ཀྱི་དབང་གིས་ཏོ་ལོན་ཏོ་གྲོང་ཁྱེར་ནི་འཛམ་གླིང་སྟེང་གི་མི་རྣམས་འཚོ་སྡོད་བྱེད་པར་ཤིན་ཏུ་འཚམ་པའི་གྲོང་ཁྱེར་གྲས་ཀྱི་གཅིག་ཡིན་པར་མ་ཟད། ཁ་ན་ཏ་རྒྱལ་ཁབ་ཀྱི་འཛད་སྤྱོད་དངོས་གོང་ཆེས་མཐོ་བའི་གྲོང་ཁྱེར་ཡང་ཡིན་ནོ།།

རིགས་དབྱེ།  

པེ་མོ་ཏ་གླིང་ཚོམ།

པེ་མོ་ཏ་གླིང་ཚོམ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ53.3ཡོད་པ་དང་། མི་གྲངས63503ཡོད། སྲིད་གཞུང་གནས་ས་ནི་ཧན་སྨིར་ཏུང་ཡིན།

རིགས་དབྱེ།  

ཁེ་མན་གླིང་ཚོམ།

ཁེ་མན་གླིང་ཚོམ་ས་ཁུལ་ཏེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ259ཡོད་ཅིང་། མི་གྲངས་ཁྲི3.527ཡོད། སྲིད་འཛིན་ས་ཁུལ་ནི་ཆོ་ཀྲི་ཏུང་ཡིན།

རིགས་དབྱེ།  

དབྱིན་གཏོགས་ཝེར་ཅིན་གླིང་ཚོམ།

དབྱིན་གཏོགས་ཝེར་ཅིན་གླིང་ཚོམ་ས་ཁུལ་ཏེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ153ཡོད་པ་དང་། མི་གྲངས་ཁྲི2ཡོད། སྲིད་འཛིན་ས་ཁུལ་ནི་ལོ་ཏི་གྲོང་ཁྱེར་ཡིན།

རིགས་དབྱེ།  

ཁོ་སི་ཐ་རི་ཁ།

ཁོ་སི་ཐ་རི་ཁ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5.11ཡོད། མི་གྲངས་ཁྲི398.8མཆིས་པ་དང་། རྒྱལ་ས་ནི་སན་ཇོ་སེ་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན7དང་། རྫོང81ཏུ་དབྱེ་ཡོད།

རིགས་དབྱེ།  

ཁུ་པ།

ཁུ་པ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི11.086ཡོད་པ་དང་། མི་གྲངས་ཁྲི1124མཆིས། རྒྱལ་ས་ནི་ཧ་ཝ་ན་ཡིན། སྲིད་འཛིན་ས་ཁུལ་དུ་ཞིང་ཆེནདང་གྲོང་རྡལ169མཆིས།

རིགས་དབྱེ།  

དྷོ་མི་ཉི་ཁེ།

དྷོ་མི་ཉི་ཁེ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ751ཡོད་པ་དང་། མི་གྲངས་ཁྲི7.16ཡོད། རྒྱལ་ས་ནི་རུ་ཟོ་ཡིན། སྲིད་འཛིན་ས་ཁུལ་ལ་ཆུས་བཅུ་གཅིག་ཏུ་དབྱེ་ཡོད།

རིགས་དབྱེ།  

ཝ་ལུ་སི་དང་ཧྥོ་ཐོ་ན་གླིང་ཚོམ།

ཝ་ལུ་སི་དང་ཧྥོ་ཐོ་ན་གླིང་ཚོམ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ274ཡོད(སྐམ་སའི་རྒྱ་ཁྱོན)པ་དང་། མི་གྲངས15734མཆིས་ལ། སྲིད་འཛིན་ས་ཁུལ་གནས་ས་ནི་མ་ཐ་ཨུ་ཐོ་ཡིན།

རིགས་དབྱེ།  

ཝ་ནུ་ཨ་ཐུ།

ཝ་ནུ་ཨ་ཐུ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.219ཡོད་པ་དང་། མི་གྲངས་ཁྲི 19.32མཆིས་ལ། རྒྱལ་ས་ནི་ཝེ་ལ་གྲུ་ཁ་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་ཆེན་པ66དབྱེ་ཡོད།

རིགས་དབྱེ།  

ཐུ་ཝ་ལུ།

ཐུ་ཝ་ལུ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ26ཡོད། མི་གྲངས10500མཆིས། རྒྱལ་ས་ནི་ཧྥུ་ན་ཧྥུ་ཐུ་ཡིན། སྲིད་འཛིན་ས་ཁུལ་དུ་མཁར་གྲོང་ཨུ་ཡོན་ལྷན་ཁང་དང་། གླིང་ཕྲན7གྱི་ཨུ་ཡོན་ལྷན་ཁང་བཅས་སུ་དབྱེ་ཡོད།

རིགས་དབྱེ།  

ཐོན་ག

ཐོན་ག་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ747ཡོད(སྐམ་སའི་རྒྱ་ཁྱོན)པ་དང་། མི་གྲངས་ ཁྲི11ཡོད་ལ། རྒྱལ་ས་ནི་ནུ་ཁུ་ཨ་ལོ་ཧྥ་ཡིན། སྲིད་འཛིན་ས་ཁུལ་དུ་གླིང་ཚོམ་གསུམ་པོར་ཞིང་ཆེན་གསུམ་དུ་དབྱེ་ཡོད།

རིགས་དབྱེ།  

ཝེ་ནེ་ཟུ་ཝེ་ལ།

ཝེ་ནེ་ཟུ་ཝེ་ལ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི91.67མཆིས་ལ། (དེང་སྐབས་གྷ་ཡ་ན་ཡིས་བདག་དོམ་བྱེད་པའི་ཨེ་སེ་ཀེ་པོ་ས་ཁུལ་ཏེ། སྤྱི་ལེ་གྲུ་ཁྲི15.90ཡོད་པ་དེའི་བདག་དབང་འཐོབ་པར་རེ་བ་འདོན་གྱིན་ཡོད)མི་གྲངས་ཁྲི2463མཆིས། རྒྱལ་ས་ནི་ཁ་ར་ཁ་སི་ཡིན། སྲིད་འཛིན་ས་ཁུལ་དུ་ཁུལ21དང་། མཉམ་འབྲེལ་ཁལ། མཐའ་མཚམས་ཁུལ2། མཉམ་འབྲེལ་ཁུལ་དུ་གཏོགས་པ་གཅིག(གླིང་ཕྲན72གྱིས་གྲུབ)ས་ཁུལ། དམིགས་བསལ་ཁུལ19།དང་། གྲོང་ཁྱེར་དང་མཁར་གྲོང736ཏུ་དབྱེ་ཡོད།

རིགས་དབྱེ།  

ཡུ་རེ་གྷེ།

ཡུ་རུ་གྷེ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི17.6125མཆིས། རྒྱལ་ས་ནི་མོང་ཐེ་ཝི་ཏི་ཡ་ཡིན། མི་གྲངས་ཁྲི338མཆིས། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་བཅུ་དགུ་རུ་དབྱེ་ཡོད།

རིགས་དབྱེ།  

ཐྲོ་ཁོ་སི་དང་ཁེ་ཁོ་སི་གླིང་ཚོམ།

ཐྲི་ཁོ་སི་དང་ཁེ་ཁོ་སི་གླིང་ཚོམ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ430ཡོད། མི་གྲངས་ཁྲི2.4མཆིས། སྲིད་གཞུང་གནས་ས་ནི་ཁི་པོ་ཨིན་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ཐྲི་ཁོ་སི་དང་། ཁེ་ཁོ་སི་གླིང་ཚོམ་གཉིས་སུ་དབྱེ་ཡོད།

རིགས་དབྱེ།  

ཐྲི་ནི་ད་དང་ཐོ་པ་གོ

ཐྲི་ནི་ད་དང་ཐོ་པ་གོ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5128དང་། མི་གྲངས་ཁྲི130མཆིས། རྒྱལ་ས་ནི་སི་ཕེན་གྲུ་ཁ་ཡིན། སྲིད་འཛིན་ས་ཁུལ་དུ་རྗོང8དང་། གྲོང་ཁྱེར5 རང་སྐྱོང་ཕྱེད་ཙམ་གྱི་ས་ཁུལ་ཐོ་པ་གོ་གླིང་ཕྲན་བཅས་སུ་དབྱེ།

རིགས་དབྱེ།  

སན་ཐ་ཝེན་ཧྲིན་ཐ་དང་ཀེ་རེན་ན་དིན་སི།

སན་ཐ་ཝན་ཧྲན་ཐ་དང་ག་རན་ན་དིན་སི་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ389ཡོད་པ་དང་། མི་གྲངས་ཁྲི11.2མཆིས་ལ། རྒྱལ་ས་ནི་ཁིན་སོ་ཐོན་ཡིན། སྲིད་འཛིན་ས་ཁུལ་དུ་སན་ཐ་ཝེ་ཧྲིན་ཐ་གླིང་ཕྲན་དང་གེ་རེན་ན་དིན་སི་གླིང་ཚོམ་གཉིས་ཡོད།

རིགས་དབྱེ།  

ཨ་རིར་གཏོགས་པའི་ཝེར་ཅིན་གླིང་ཚོམ།

ཨ་རིར་གཏོགས་པའི་ཝེར་ཅིན་གླིང་ཚོམ་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ347ཡོད་པ་དང་། མི་གྲངས་ཁྲི12.35ཡོད་ལ། སྲིད་འཛིན་ས་ཁུལ་གནས་ས་ནི་ཞ་ལོ་ཐི•·ཨ་མ་ལི་ཡ་ཡིན།

རིགས་དབྱེ།  

གྷ་ན་ཡ།

གྷ་ཡ་ན་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི21.4969ཡོད་པ་དང་། མི་གྲངས་ཁྲི78ཡོད། རྒྱལ་ས་ནི་ཅོར་ཅི་ཐོན་ཡིན། སྲིད་འཛིན་ས་ཁུལ་ལ་ས་ཁུལ་བཅུ་དང་། རྫོང་གོ་བརྒྱད། གྲོང་ཁྱེར་གཉིས་བཅས་ཡོད།

རིགས་དབྱེ།  

ཧོ་ལན་ལ་གཏོགས་པའི་ཨན་དི་ལེ་སི།

ཧོ་ལན་ལ་གཏོགས་པའི་ཨན་དི་ལེ་སི་ས་ཁུལ་ཏེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ800ཡོད་པ་དང་། མི་གྲངས་ཁྲི20.17ཡོད། སྲིད་གཞུང་གནས་ས་ནི་ཝེ་སན་སི་ཐ་ཏི་ཡིན། སྲིད་འཛིན་ས་ཁུལ་ནི་ཧོ་ལན་རྒྱལ་ཁབ་ཀྱི་རྒྱ་མཚོ་ཕྱི་ཡི་་ས་ཁུལ་ཞིག་ཡིན།

རིགས་དབྱེ།  

ནི་ཁ་ར་གྭ།

ནི་ཁ་ར་གྭ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.1428ཡོད་པ་དང་། མི་གྲངས་ཁྲི520ཡོད། རྒྱལ་ས་ནི་མ་ན་གྭ་ཡིན། སྲིད་འཛིན་ས་ཁུལ་ལ་ཁུལ་ཆེན་པོ་དྲུག་དང་། དམིགས་བསལ་ས་ཁུལ་གསུམ། ཞིང་ཆེན་བཅུ་དྲུག ཞིང་ཆེན་གྱི་འོག་ཏུ་གྲོང་ཁྱེར་དང་མཁར་གྲོང་བརྒྱ་དང་སོ་བདུན་དུ་དབྱེ་ཡོད།

རིགས་དབྱེ།  

ཕ་ན་མ།

ཕ་ན་མ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.7082ཡོད་པ་དང་། མི་གྲངས་ཁྲི281.5644མཆིས། རྒྱལ་ས་ནི་ཕ་ན་མ་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན9དང་། དམིགས་བསལ་ས་ཁུལ་གཅིག་དང་ཞིང་ཆེན་གྱི་འོག་ཏུ་རྫོང་དུ་དབྱེ་ཡོད།

རིགས་དབྱེ།