ལྷོ་ཁོ་རེ་ཡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་ཁོ་རེ་ཡ།
ལྷོ་ཁོ་རེ་ཡ་རྒྱལ་ཁབ་སྟེ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི9.9538ཡོད་པ་དང་། མི་གྲངས་ཁྲི4764.45ཡོད། རྒྱལ་ས་ནི་སེ་འུལ་ཡིན་པ་དང་། སྲིད་འཛིན་ས་ཁུལ་ལ་དམིགས་བསལ་གྲོང་ཁྱེར་གཅིག་དང་ཁུལ་དགུ གྲོང་ཁྱེར་དྲུག་རྫོང་བརྒྱ་དང་སུམ་ཅུ་སོ་བདུན། གྲོང་རྡལ་དྲུག་ཅུ་རེ་དགུ་བཅས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大韩民国
ཕྱི་ཡིག་གི་མིང་།
Republic of Korea
རྒྱལ་ས།
སེ་འུལ།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི9.9538
མི་གྲངས།
ཁྲི4764.45
དངུལ་ལོ།
ཁོ་སྒོར།
1 ​ས་བབ་གནས་ཚུལ།

དེ་ཡ་གླིང་གི་ཁོ་རེ་ཡ་ཕྱེད་གླིང་གི་ལྷོ་ཕྱོགས་སུ་ཡོད་པ་དང་། ཕྱོགས་གསུམ་ག་རྒྱ་མཚོ་ཡིན་ལ། ས་བབ་ནི་ལྷོ་ཕྱོགས་ནས་ནུབ་ཕྱོགས་སུ་རིམ་བཞིན་ཇེ་དམའ་རུ་སོང་བའི་ཚུལ་ཏུ་མཆིས། ས་དབྱིབས་ནི་གཞུ་དབྱིབས་ཅན་ཡིན་པ་དང་གཙང་བོ་ལ་ལོ་ཏུང་ཆུ་བོ་དང་ཧན་ཅང་ཆུ་བོ། ཅིན་ཅང་ཆུ་བོ་སོགས་མཆིས། སའི་གོ་ལའི་བྱང་གི་འཕྲེད་ཐིག་སོ་བརྒྱད་དེ་ལྷོ་བྱང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་བྱས་ཡོད།

ནམ་ཟླ་ནི་མངོན་གསལ་དུ་རྒྱ་མཚོ་རང་བཞིན་གྱི་གནམ་གཤིས་སུ་གཏོགས་པ་དང་། ལོ་རེའི་གི་ཟླ་བརྒྱད་པ་ནི་ཚ་བ་ཧ་ཅང་ཆེ་བའི་དུས་ཡིན་ལ། བྱང་ཁུལ་གྱི་དྲོད་ཚད28℃~29℃ཡིན་པ་དང་ལྷོ་ཁུལ་གྱི་དྲོད་ཚད29℃~31℃ཡིན། ལོ་རེའི་ཆར་བ་འབབ་ཚད་ཧོ་སྨི1100~1200ཡིན།

ཐོན་ཁུངས་ཅུང་ཉུང་ཞིང་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱང་དེ་འདྲ་མང་པོ་མེད།

2 མི་རིགས་དང་རིག་གནས།

གྲོང་ཁྱེར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི73.6%ཟིན་ཡོད་པ་དང་། མི་རིགས་ནི་ཁོ་རེ་ཡའི་མི་རིགས་ལས་མེད།

ཁོ་རེ་ཡའི་མི་ལ་གནའ་ནས་བཟུང་སྐད་དང་ཡི་གེ་ཡོད་པ་དང་། སྤྱི་ལོ1443ལོར། ཧྲི་ཙུང་རྒྱལ་པོས་ཡི་གེ་གསར་བཟོ་མཛད། རྒྱལ་ཁོངས་སུ་ཁོ་རེ་ཡའི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་བཞིན་ཡོད།

ཆོས་ལུགས་ལ་སངས་རྒྱས་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ལ་དད་པ་བྱེད་མཁན་ཡོད།

3 ཆབ་སྲིད་དང་དཔལ་འབྱོར།

ཙུང་ཐུང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་འགོ་གཙོ། དྲག་ཆས་དམག་དཔུང་གི་དམག་སྤྱི་བཅས་ཡིན་ལ། འགན་ཡུན་ལོ་ལྔ་ཡིན།

རྒྱལ་ཚོགས། ཁྲིམས་འཛུགས་ལས་ཁུངས་ཡིན་པ་དང་གྲོས་ཁང་གཅིག་ཅན་ཡིན།

སྲིད་གཞུང་། ནང་སྲིད་འགན་འཁྲིའི་ལམ་ལུགས་དེ་རྒྱལ་ཚོགས་འཐད་པ་བྱུང་ན་ཙུང་ཐུང་གིས་ཙུང་ལི་བསྐོ་འཇོག་བྱེད་དགོས་པ་ཡིན།

ཁྲིམས་འཛིན་ལས་ཁུངས། སྒེར་ཚུགས་ཅན་གྱི་ལས་ཁུངས་ཤིག་སྟེ། ཁྲིམས་ཁང་དང་རིམ་མཐོའི་ཁྲིམས་ཁང་། ས་གནས་ཁྲིམས་ཁང་། ཁྱིམ་ཚང་གི་ཁྲིམས་ཁང་བཅས་སུ་དབྱེ་ཡོད།

དཔལ་འབྱོར་སྟེང་བཟོ་ལས་དར་རྒྱས་ཆེ་སྟེ། ངར་ལྕགས་དང་རླངས་འཁོར། གྲུ་གཟིངས། གློག་རྡུལ། རྫས་འགྱུར། འཁེལ་འཐེག་སོགས་ཡ་གླིང་གི་སྔོན་ཐོན་གྲས་སུ་སླེབས་ཡོད། ཞིང་ལས་ལའང་རང་བྱུང་གི་ཆ་རྐྱེན་གྱིས་འབྲས་སོགས་འདེབས་པར་ས་བབ་ཧ་ཅང་བཟང་བས་ཞིང་ལས་ཀྱང་ཅུང་དར་རྒྱས་ཆེ།

4 སློབ་གསོ།

ཁོ་རེ་ཡའི་སློབ་མ་ཡིས6-3-3-4ཡི་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་ཏེ། སློབ་ཆུང་ལོ་དྲུག་དང་སློབ་འབྲིང་ལོ་གསུམ། མཐོ་འབྲིང་ལོ་གསུམ། སློབ་ཆེན་ལོ་བཞི་ཡིན་པར་བྱས་ནས་སློབ་གསོའི་ལམ་ལུགས་འཐུས་ཚང་ཞིག་བཙུགས་ཡོད། སློབ་ཆེན་ལ་ཧན་ཁྲིན་སློབ་ཆེན་དང་། ཡན་ཧྲི་སློབ་ཆེན། ཀོ་ལིས་སློབ་ཆེན།  ལིས་ཧ་བུད་མེད་སློབ་ཆེན་སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-01

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།