ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས།

དྲང་སྲོང་མེ་ཏོག

དྲང་སྲོང་མེ་ཏོག་འདི་ནི་སྡོང་ཐུང་རིགས་ཡིན་པ་དང་། མཐོ་ཚད་ལ་རྨིད1-4བར་ཡོད། ཡལ་ག་ཀ་ཟླུམ་གྱི་དབྱིབས་ཡིན་ལ་སྦོམ། མདོག་སྨུག་སྐྱ། ལོ་མའི་དབྱིབས་ནི་སྒོང་དབྱིབས་སམ་འཇོང་དབྱིབས་ཡིན་པ་དང་ཡུ་བ་ཅུང་སྦོམ་ལ་སྤུ་མེད། ལོ་མ་ཆ་སྡེབ་ཏུ་སྐྱེས་བ་དང་ལོ་མའི་ངོས་མདོག་ལྗང་ཁུ་དང་། རྒྱབ་ངོས་མདོག་ལྗང་སེར་ཡིན། མེ་ཏོག་འཆར་ཡུན་ནི་ཟླ་བ་དྲུག་པ་ནས་བརྒྱད་པའི་བར་ཡིན། རྒྱ་ཡིག་གི་མིང་། 八仙花 ལ་ཏིང་གི་སྐད། Hydrangea macrophylla མིང་གཞན། དར་མདུད་གྲུ་གུའི་མེ་ཏོག ཁམས། རྩི་ཤིང་ཁམས། སྒོ སོན་བཏུམས་རྩི་ཤིང་སྒོ། སྐོར། ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར། སྡེ། སུམ་ཅུ་ཏིག་སྡེ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཤིང་པདྨ།

འདི་ནི་པདྨའི་རིགས་ཀྱི་མེ་ཏོག་ཤིང་པདྨ་ཡིན། ལོ་མ་ནི་ཐེངས་གཉིས་ནས་གསུམ་རེ་ལ་སྨིན་ནས་གསར་སྐྱེས་བྱེད། ལོ་མའི་ངོས་ལྗང་ལ་སྤུ་རིགས་མེད། རྒྱབ་ངོས་ལྗང་སྐྱ་དང་ལྡན་ལ་སྐབས་འགར་དཀར་པོ་ཕྱེ་འདྲ་བ་ཞིག་ཡོད། ལ་ལ་ལོ་མའི་གཞུང་རྩ་རྒྱུད་ནས་སྤུ་རིགས་ཐུང་ངུར་འགྱུར་བ་ཡིན། མེ་ཏོག་ཡལ་གའི་རྩེ་ནས་འཆར་བ་དང་། མེ་ཏོག་གི་འདབ་མ་ལྔ་ཡང་ན་དེའི་མང་བ་ཡིན། མདོག་མེ་ཏོག་རྒྱ་སེ་ཡི་མདོག་དང་། དམར་སྨུག ཟིང་དཀར། དཀར་པོ་སོགས་ཡོད། རྒྱ་ཡིག་གི་མིང་། 牡丹 ལ་ཏིང་གི་སྐད། Paeoniasuffruticosa Andrews མིང་གཞན།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

པུཎྜ་རི་ཀ

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་པ་དང་། རྩ་བ་སེར་སྐྱ་ཡིན་ལ་རྩ་ཕྲན་མང་བ་དང་སྡོང་པོ་ཕྲ་ཞིང་རིང་བ། ལོ་མ་ཕྲ་སྲིབ་ཉག་ཆེན་ཅན་ཡིན། མེ་ཏོག་དཀར་དམར་སྣ་ཚོགས་ཡོད་དེ་འདབ་མ་བརྒྱད་ལྡན་པ། ཟེའུ་འབྲུ་སེར་པོ་དང་ལྡན་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 波斯菊,秋英 ལ་ཏིང་སྐད། Cosmos bipinnata Cav. མིང་གཞན། དཔལ་གོས་ཀྱང་ཟེར། ཁམས། རྩི་ཤིང་ཁམས། སྒོ སོན་བཏུམས་རྩི་ཤིང་སྒོ། སྐོར། ལོ་མ་ཟུང་ལྡན་གྱི་་རྩི་ཤིང་སྐོར། སྡེ། སོ་ལོ་སྡེ། ཚན། ལུག་མིག་ཚན། ཁོངས།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཆུ་སྐྱེས་པདྨ།

ལོ་མང་ཆུ་ནང་སྐྱེ་བའི་སྔོ་ལྡུམ་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་དཀར་པོ་སྦོམ་ཞིང་མཁྲེགས་ཁོང་སྟོང་དབྱིབས་འདམ་རྩའི་རྩ་བ་ལྟར་ཕྲེད་ལ་སྐྱེ་བ་དང་། ལོ་མ་སྒོར་ལ་ཆེ་ཞིང་སྒོར་དབྱིབས་མཐའ་མཉམ་པ། མེ་ཏོག་དཀར་པོ་འམ་དམར་པོའི་དྲི་ཞིམ་ལ་མཛེས་པ་འཆར། གང་བུ་ཆེ་ཞིང་སྒོང་དབྱིབས་རྩུབ་མོས་འགོག་པ་ཡི་ནང་འབྲས་བུ་མཁྲེགས་པོ་ནག་སྨུག་མང་ཙམ་ཡོད། རྒྱ་ཡིག་གི་མིང་། 荷花 ལ་ཏིང་གི་སྐད། Nelumbo SP. མིང་གཞན། པདྨ་ཡང་ན་འདམ་སྐྱེས་པདྨ་ཡང་ཟེར། ཁམས། རྩི་ཤིང་ཁམས། སྒོ སོན་བཏུམས་རྩི་ཤིང་སྒོ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

རྩིའུ་ཏོ།

ལོ་མང་སྐྱེ་བའི་རྩྭ་ལྡུམ་གྱི་རིགས་ཤིག་ཡིན་པ་དང་། མཐོ་ཚད་ལ་སྨི0.5ནས1.5བར་ཡོད། གཞུང་རྟ་སྤུངས་ནས་སྐྱེ་ལ་སྲ་ཞིང་མཁྲེགས་པ་དང་། སྟོད་ཀྱི་རྩ་རིས་འབུར་དུ་ཐོན་པ་དང་། སྨད་དུ་ཤར་ཀོང་མང་པོ་ལྡན། འབིགས་ཟླུམ་མེ་ཏོག་ཆུན་པོའི་རིང་ཚད་ལ་ལི་སྨི་བཞི་ཅུ་ནས་དྲུག་ཅུའི་བར་ཡོད་པ་ཐོར་སིབ་མཆོད་རྟེན་དབྱིབས་སུ་འདུག་གོ། རྒྱ་ཡིག་གི་མིང་། 芨芨草 ལ་ཏིང་གི་སྐད། Achnatherum splendens མིང་གཞན། རྩིའུ་རྒོད། ཁམས། རྩི་ཤིང་ཁམས། སྒོ། སོན་བཏུམས་རྩི་ཤིང་སྒོ། སྐོར། ལོ་རྐྱང་པའི་རྩི་ཤིང་སྐོར། སྡེ། སྙེ་མ་ཅན་སྡེ། ཚན། སྙེ་མ་ཅན་ཚན། ཁོངས། རྩིའུ་ཏོ་ཁོངས།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

མངར་འབྲས་མེ་ཏོག

འདི་ནི་སྡོང་རིང་ལྗོན་ཤིང་རིགས་དང་། ཆེས་མཐོ་བ་ལ་སྨི8ཡོད། ཡལ་ག་སྦོམ་ལ་ཀ་ཟླུམ་གྱི་དབྱིབས་ཡིན། ཡལ་ག་མྱུ་གུ་མ་འབུས་གོང་ཐུང་བ་དང་སྤུ་ཐར་ཐོར་ཡོད་པ། རྒས་དུས་ཁམ་དམར་ཡང་ན་ཁམ་སྨུག་སུ་འགྱུར་ནས་སྤུ་མེད་པ་ཡིན། ལོ་མ་འཇོང་དབྱིབས་ཡིན། མེ་ཏོག་བསིལ་དབྱིབས་དང་འདྲ་ལ་མེ་ཏོག4-6བར་ཡོད། མེ་ཏོག་གི་འདབ་མ་སྒོང་དབྱིབས་དང་། འབྲས་བུ་སྨིན་པའི་དུས་ནི་ཟླ་བརྒྱད་པ་ནས་དགུ་བའི་བར་ཡིན་པ་དང་། མེ་ཏོག་འཆར་ཡུན་ནི་ཟླ་བཞི་བ་ནས་ལྔ་བའི་བར་ཡིན། རྒྱ་ཡིག་གི་མིང་། 海棠花 ལ་ཏིང་གི་སྐད། Malus spectabilis (Ait.) Borkh. ཁམས། རྩི་ཤིང་ཁམས།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཆུ་ཐང་ཤིང་།

ཆུ་ཐང་ཤིང་ནི་རྩ་ཆེ་བའི་རྩི་ཤིང་དཀོན་པོ་ཞིག་ཡིན་པ་དང་། རྗེན་སོན་རྩི་ཤིང་གི་ཐང་ཤིང་ཚན་གྱི་ཆུ་ཐང་ཤིང་སྐོར་ལ་གཏོགས། རྒྱ་ཡིག་གི་མིང་། 水杉 ལ་ཏིང་གི་སྐད། Metasequoia glyptostroboides Hu et Cheng མིང་གཞན། འགྱུར་རྡོ་གསོན་པོ། ཁམས། རྩི་ཤིང་ཁམས། སྒོ། རྗེན་སོན་རྩི་ཤིང་སྒོ། སྐོར། གསོམ་ཤུག་སྐོར། སྡེ། གསོམ་ཤུག་སྡེ། ཚན། ཐང་ཤིང་ཚན། ཁོངས། ཆུ་ཐང་ཤིང་ཁོངས། རིགས། ཆུ་ཐང་ཤིང་། ངོ་སྤྲོད། ཆུ་ཐང་ཤིང་ནི་རྗེན་སོན་རྩི་ཤིང་གི་ཐང་ཤིང་ཚན་གྱི་ཆུ་ཐང་ཤིང་སྐོར་ལ་གཏོགས་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

གཟན་གྱི་མུ་ཕྲེང་།

སྐྱེ་ཚུལ་རིག་པའི་ཁྲོད་གཟན་དང་གཟན་དུ་གྱུར་བའི་འབྲེལ་བའམ་ཕན་ཚུན་འབྲེལ་བའི་རིམ་སྟར་ལ་ཟེར། རྒྱ་ཡིག་གི་མིང་། 食物链 ཕྱི་ཡིག་གི་མིང་། food chain མིང་གཞན། འཚོ་བཅུད་ཀྱི་ཕྲེང་བ། འདོན་མཁན། ཨའེ་ཨེར་ཏུན། བཏོན་པའི་དུས་ཚོད། སྤྱི་ལོ1927 བཀོལ་སྤྱོད་ཀྱི་རིག་ཚན། སྐྱེ་དངོས། ངོ་སྤྲོད། ཤ་གཟན་སྲོག་ཆགས་ཀྱིས་རྩྭ་གཟན་སྲོག་ཆགས་ཟ་བ་དང་། རྩྭ་གཟན་སྲོག་ཆགས་ཀྱིས་རྩྭ་ལྡུམ་དང་རྩི་འབྲས་ཟ་བ་ལྟ་བུའི་སྐྱེ་དངོས་དང་སྐྱེ་དངོས་བར་གྱི་ལྟོ་གཟན་གྱི་འབྲེལ་བ་དེར་གཟན་གྱི་མུ་ཕྲེང་ངམ་འཚོ་བཅུད་ཀྱི་ཕྲེང་བར་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཤིང་གུང་ཐུང་།

ཤིང་གུང་ཐུང་ནི་སོན་བཏུམས་རྩི་ཤིང་གི་ལོ་མ་ཟུང་ལྡན་རྩི་ཤིང་སྡེའི་ཤིང་གུང་ཐུང་ཚན་ལ་གཏོགས་པ་དང་། བསྐལ་བ་གསུམ་པའི་དུས་སུ་ཤིང་གུང་ཐུང་དེ་འཛམ་གླིང་གི་ས་ཁུལ་ཁག་ཅིག་ཏུ་རྒྱ་ཆེན་པོར་ཁྱབ་ཡོད་མོད་ཀྱང་། འཁྱགས་ཀླུང་བསྐལ་བ་བཞི་པའི་ཤུགས་རྐྱེན་གྱི་དབང་གིས་མང་ཆེ་བ་རྩ་སྟོངས་སུ་སོང་བ་རེད། ད་ལྟ་ཀྲུང་གོའི་ས་ཆ་ཉུང་ཤས་ཤིག་ཏུ་མ་གཏོགས་སྐྱེ་མེད། རྒྱ་ཡིག་མིང་། 珙桐 ལ་ཏིང་གི་སྐད། Davidia involucrata Baill. མིང་གཞན། ཕུག་རོན་ཤིང་། ཁམས། རྩི་ཤིང་ཁམས། སྒོ། སོན་བཏུམས་རྩི་ཤིང་སྒོ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྐྱེ་དངོས་དཔེ་འགྲེའི་རིག་པ།

སྐྱེ་དངོས་དཔེ་འགྲེའི་རིག་པ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཀྱི་ཆགས་གཞི་དང་གྲུབ་ཚུལ། ནུས་པ་སོགས་ཀྱི་ཁྱད་ཆོས་གཞི་བྱས་ཏེ། རྩ་བའི་རིག་པ་དེར་གཞིགས་ནས་སྒྲིག་ཆས་དང་ལག་ཆ་གསར་པ་གསར་གཏོད་བྱས་པ་དེ་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་མཐོ་རུ་འདེགས་བྱེད་ཀྱི་སྔོན་ཐོན་གྱི་ལག་རྩལ་ཞིག་ཡིན། རྒྱ་ཡིག་གི་མིང་། 仿生学 ཕྱི་ཡིག་གི་མིང་། Bionics ངོ་སྤྲོད། སྐྱེ་དངོས་དཔེ་འགྲེའི་རིག་པ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཀྱི་ཆགས་གཞི་དང་གྲུབ་ཚུལ། ནུས་པ་སོགས་ཀྱི་ཁྱད་ཆོས་གཞི་བྱས་ཏེ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ལོ་རིས།

ཤིང་སྡོང་འཕྲེད་དུ་བཅད་ཚེ་དཀྱིལ་སྙིང་གཞི་བྱས་ཏེ་ཀོར་ཐིག་རིམ་བརྩེགས་སུ་ཡོད་པ་མཐོང་བ་དེར་ལོ་རིས་ཟེར། སྡོང་པོའི་ཤུན་ལྤགས་དང་ཤིང་རྒྱུའི་བར་དུ་ཨ་ལོང་དབྱིབས་སུ་ཆགས་ཡོད། ལོ་རིས་ནི་ཤིང་སྡོང་གི་ནང་ལོགས་ཆགས་རིམ་གྱི་རྒྱུ་འགུལ་ལ་ཕྱི་རོལ་ཡུལ་གྱི་རང་བྱུང་ནམ་ཟླའི་ཤུགས་རྐྱེན་ཐེབས་ནས་བྱུང་བ་ཡིན་ལ། སྤྱིར་བཏང་ཀོར་ཐིག་རིམ་པ་གཅིག་རེ་ལོ་གཅིག་རེའི་ནང་དུ་ཆགས་པ་རེད། རྒྱ་ཡིག་གི་མིང་། 年轮 ཕྱི་ཡིག་གི་མིང་། annual ring རྣམ་པ། ཨ་ལོང་དབྱིབས་སུ་ཆགས་པ། ངོ་སྤྲོད། ཤིང་སྡོང་འཕྲེད་དུ་བཅད་ཚེ་དཀྱིལ་སྙིང་གཞི་བྱས་ཏེ་ཀོར་ཐིག་རིམ་བརྩེགས་སུ་ཡོད་པ་མཐོང་བ་དེ་ནི་ལོ་རིས་ཡིན། ལོ་རིས་ནི་ཤིང་སྡོང་གི་ནང་ལོགས་ཆགས་རིམ་གྱི་རྒྱུ་འགུལ་ལ་ཕྱི་རོལ་ཡུལ་གྱི་རང་བྱུང་ནམ་ཟླའི་ཤུགས་རྐྱེན་ཐེབས་ནས་བྱུང་བ་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྐྱེ་དངོས།

རྩི་ཤིང་དང་རྩྭ་ལྡུམ། རི་དྭགས། འདབ་ཆགས། ཉ་འབུ། འགྲོ་བ་མི་ལ་སོགས་པ་རང་བྱུང་ཁམས་ཀྱི་སྲོག་དང་ལྡན་པའི་ལུས་ཅན་ཐམས་ཅད་ཀྱི་སྤྱི་མིང་ལ་སྐྱེ་དངོས་ཟེར། རྒྱ་ཡིག་གི་མིང་། 生物 ཕྱི་ཡིག་གི་མིང་། biology མིང་གཞན། སྐྱེ་ཁམས། རིགས་དབྱེ། སྲོག་ཆགས། རྩི་ཤིང་། སྐྱེ་དངོས་ཕྲ་རབ། ངོ་སྤྲོད། རྩི་ཤིང་དང་རྩྭ་ལྡུམ། རི་དྭགས། འདབ་ཆགས། ཉ་འབུ། འགྲོ་བ་མི་ལ་སོགས་པ་རང་བྱུང་ཁམས་ཀྱི་སྲོག་དང་ལྡན་པའི་ལུས་ཅན་ཐམས་ཅད་ཀྱི་སྤྱི་མིང་ལ་སྐྱེ་དངོས་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཚེ་སྲོག

ཚེ་སྲོག་གི་གོ་དོན་ནི། བརྟན་ལྷིང་གི་སྤུས་ཚད་དང་ནུས་ཚད་བརྗེ་ཚབ་བྱེད་ལས་ལྡན་པ། ཕྱི་རོལ་གྱི་ཟུག་རེག་ལ་རྒོལ་ལན་སློག་ཐུབ་པ་དང་རྒྱུད་འཕེལ་གྱི་རང་བཞིན་ལྡན། ཚེ་སྲོག་ནི་ནུས་ཚད་ལས་བྱུང་བ་ཡིན་ལ། ནུས་ཚད་ནས་རྩི་ཤིང་དང་། རྩི་ཤིང་ནས་སྐྱེ་དངོས་ཕྲ་རབ། དེ་ནས་སྲོག་ཆགས་སོགས་རིམ་གྱིས་བྱུང་བ་ཡིན། བྱེ་བྲག་གི་ཚེ་སྲོག་ཚང་མར་སྐྱེས་པ་དང་འཚར་ལོངས། ཤི་བ་བརྒྱུད་དགོས། རྒྱ་ཡིག་གི་མིང་། 生命 ཕྱི་ཡིག་གི་མིང་། life ཁྱབ་དོན། བརྟན་ལྷིང་གི་སྤུས་ཚད་དང་ནུས་ཚད་བརྗེ་ཚབ་བྱེད་ལས་ལྡན་པ། བརྒྱུད་རིམ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

འཕེལ་འགྱུར།

སྐྱེ་དངོས་རྣམས་དམའ་རིམ་ནས་མཐོ་རིམ་དུ་སྐྱེ་འཕེལ་ཡོང་བའི་གོ་རིམ་ལ་འཕོ་འགྱུར་རམ་འཕེལ་འགྱུར་ཟེར། རྒྱ་ཡིག་གི་མིང་། 生物进化 ལ་ཏིང་གི་སྐད། evolution མིང་གཞན། སྐྱེ་དངོས་འཕེལ་འགྱུར། འཕོ་འགྱུར། ཁྱབ་ཡུལ། སའི་གོ་ལའི་སྐྱེ་ཁམས་ཚོགས། ངོ་སྤྲོད། སྐྱེ་དངོས་རྣམས་དམའ་རིམ་ནས་མཐོ་རིམ་དུ་སྐྱེ་འཕེལ་ཡོང་བའི་གོ་རིམ་ལ་འཕོ་འགྱུར་རམ་འཕེལ་འགྱུར་ཟེར་ཏེ། དཔེར་ན་སྤྲ་ནས་མི་ལ་འཕེལ་འགྱུར་བྱུང་བ་ལྟ་བུ། འཕེལ་འགྱུར་གྱི་སྒྲ་ཡངས་འཇུག་གི་གོ་དོན་ནི་དངོས་པོའི་སྐྱེ་འཕེལ་སྤྱི་ལ་གོ་སྟེ། དཔེར་ན་གནམ་གཟུགས་ཀྱི་སྐྱེ་འཕེལ་དང་། སྐྱེ་དངོས་ཀྱི་འཕེལ་འགྱུར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

འོད་འཕྲོ་སྐྱེ་དངོས།

འོད་སྤྲོ་ཐུབ་པའི་སྐྱེ་དངོས་དེ་རིགས་ལ་འོད་འཕྲོ་སྐྱེ་དངོས་ཟེར། རྒྱ་ཡིག་གི་མིང་། 发光生物 ཕྱི་ཡིག་གི་མིང་། Glowing creatures ངོ་བོ། སྐྱེ་དངོས། འདུས་པ། འོད་ཆེམ་རྒྱུ་རྩབས། ངོ་སྤྲོད། འོད་སྤྲོ་ཐུབ་པའི་སྐྱེ་དངོས་དེ་རིགས་ལ་འོད་འཕྲོ་སྐྱེ་དངོས་ཟེར། རང་བྱུང་ཁམས་ན་འོད་འཕྲོ་སྐྱེ་དངོས་མང་པོ་ཞིག་ཡོད་པ་དང་། དེ་དག་གི་ལུས་ནང་ནས་འོད་འཕྲོ་བའི་དངོས་རྫས་སམ་འོད་འཕྲོ་བའི་ཕྲ་ཕུང་ཟགས་ཐོན་བྱེད་ཀྱི་ཡོད། དབྱར་གྱི་མཚན་མོར་རྩྭ་གསེབ་ནས་འོད་གསལ་འཚེར་ཙམ་བྱེད་པ་དེ་ནི་སྲིན་འབུ་མེ་འཁྱེར་གྱི་འོད་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ།

རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ་ནི་རྒྱུད་རྒྱུ་ལས་གྲྭའི་ལག་རྩལ་བཀོལ་ནས་ཕྱི་ཁུངས་རྒྱུད་རྒྱུ་རིགས་གཅིག་གམ་རིགས་འགའ་ངེས་གཏན་གྱི་སྐྱེ་དངོས་ཕུང་བོའི་ནང་རྒྱུ་སྤོར་ནས་ཐའེ་མང་པའམ་སྤྲི་དཀར་རྫས་མང་པའི་ཐོན་རྫས་ངེས་ཅན་ཞིག་གྲུབ་པ་དེར་ཟེར། བརྒྱུད་རིམ་འདིར་རྒྱུད་རྒྱུ་བསྒྱུར་བ་ཟེར། རྒྱུད་རྒྱུ་བསྒྱུར་བའི་སྐྱེ་དངོས་ལ་བརྟེན་ནས་ལས་སྣོན་ཐོན་སྐྱེད་བྱས་པའི་ཟས་རིགས་ལ་རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ་ཟེར། རྒྱ་ཡིག་གི་མིང་། 转基因食品 ཕྱི་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྐྱེ་དངོས་ཀྱི་བཙན་འཛུལ།

སྐྱེ་དངོས་ཀྱི་བཙན་འཛུལ་ཞེས་པ་ནི་སྐྱེ་དངོས་ག་གེ་མོ་ཞིག་ཡུལ་ཕྱི་ནས་རང་བྱུང་ངམ་རྩོལ་བྱུང་གི་ཤུགས་ཀྱིས་ཚུར་མཆེད་ནས་རི་སྐྱེའི་རྣམ་པར་གྱུར་པ་དང་། དེ་ནས་རང་ཡུལ་གྱི་སྐྱེ་ཁམས་མ་ལག་ལ་གནོད་འཚེ་ངེས་ཅན་ཐེབས་པའི་སྣང་ཚུལ་ལ་ཟེར། རྒྱ་ཡིག་གི་མིང་། 生物入侵 ཕྱི་ཡིག་གི་མིང་། biological invasion རིགས་དབྱེ། རང་བྱུང་བཙན་འཛུལ། དམིགས་པའི་ནང་འདྲེན། དམིགས་པ་མ་ཡིན་པའི་ནང་འདྲེན། ངོ་སྤྲོད། སྐྱེ་དངོས་ཀྱི་བཙན་འཛུལ་ཞེས་པ་ནི་སྐྱེ་དངོས་ག་གེ་མོ་ཞིག་ཡུལ་ཕྱི་ནས་རང་བྱུང་ངམ་རྩོལ་བྱུང་གི་ཤུགས་ཀྱིས་ཚུར་མཆེད་ནས་རི་སྐྱེའི་རྣམ་པར་གྱུར་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སིང་ཕྱེ།

སིང་ཕྱེ་ནི་རྒུན་ཧྭགས་ཀྱི་ཆ་རྡུལ་མང་པོ་དྲིལ་ནས་བྱུང་བའི་མང་ཧྭགས་ཡིན་པ་དང་། རྩི་ཤིང་གི་ཕྲ་ཕུང་ནང་གི་ནུས་ཚད་གསོག་བྱེད་ཀྱི་རྫས་ཡིན། རྒྱ་ཡིག་གི་མིང་། 淀粉 ལ་ཏིང་གི་སྐད། amylum ཕྱི་ཡིག་གི་མིང་། starch ཁམས། རྩི་ཤིང་ཁམས། ངོ་སྤྲོད། ལྗང་མདོག་རྩི་ཤིང་གིས་ཉི་འོད་ཀྱི་ནུས་པར་བརྟེན་ནས་དབྱང་གཉིས་ཐཱན་འགྱུར་དང་ཆུ་ཉིད་ནུས་པར་གསོག་ཉར་བྱེད་པའི་སྐྱེ་བཅས་དངོས་རྫས་ཏེ་སིང་ཕྱེ་འདྲེས་སྦྱོར་བྱེད་ཐུབ་པ་རེད། སིང་ཕྱེ་ནི་རྒུན་ཧྭགས་ཀྱི་ཆ་རྡུལ་མང་པོ་དྲིལ་ནས་བྱུང་བའི་མང་ཧྭགས་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

རྒྱུད་ཉམས་པ།

སྐྱེ་དངོས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཁ་ཤས་ཤིག་གི་དབང་པོ་ཇེ་ཆུང་དུ་གྱུར་ཏེ་གྲུབ་ཚུལ་སྟབས་བདེ་རུ་ཕྱིན་པ་དང་བྱེད་ལས་ཉམས་པའམ་གཏན་ནས་མེད་པར་གྱུར་ནས་ཇེ་ཞན་དུ་སོང་བ་ལ་ཟེར། རྒྱ་ཡིག་གི་མིང་། 退化 ཕྱི་ཡིག་གི་མིང་། degeneration ཁྱད་རྟགས། བྱེད་ལས་ཉམས་པའམ་གཏན་ནས་མེད་པར་གྱུར་པ། ངོ་སྤྲོད། སྐྱེ་དངོས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཁ་ཤས་ཤིག་གི་དབང་པོ་ཇེ་ཆུང་དུ་གྱུར་ཏེ་གྲུབ་ཚུལ་སྟབས་བདེ་རུ་ཕྱིན་པ་དང་བྱེད་ལས་ཉམས་པའམ་གཏན་ནས་མེད་པར་གྱུར་ནས་ཇེ་ཞན་དུ་སོང་བ་ལ་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྐྱེ་ཁམས་མ་ལག

སྐྱེ་ཁམས་མ་ལག་གི་བསྡུས་མིང་ལECOཟེར། དབྱིན་ཡིགecosystemབསྡུས་པ་ཡིན། རང་བྱུང་ཁམས་ནས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཅིག་གྱུར་གྱི་ཚོགས་སྤྱི་དང་། ཚོགས་སྤྱི་འདིས་ཁྲོད་དུ་སྐྱེ་དངོས་དང་ཁོར་ཡུག་གི་བར་ཕན་ཚུན་གྱི་ཤུགས་རྐྱེན་དང་ཕན་ཚུན་གྱི་ཚོད་འཛིན་སོགས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལྟོས་བཅས་ཀྱིས་དོ་མཉམ་འགུལ་སྐྱོད་དེ་བརྟན་པོ་ཡིན། རྒྱ་ཡིག་གི་མིང་། 生态系统 ཕྱི་ཡིག་གི་མིང་། ecosystem ངོ་སྤྲོད། སྐྱེ་ཁམས་མ་ལག་གི་བསྡུས་མིང་ལECOཟེར། དབྱིན་ཡིགecosystemབསྡུས་པ་ཡིན། རང་བྱུང་ཁམས་ནས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཅིག་གྱུར་གྱི་ཚོགས་སྤྱི་དང་། ཚོགས་སྤྱི་འདིས་ཁྲོད་དུ་སྐྱེ་དངོས་དང་ཁོར་ཡུག་གི་བར་ཕན་ཚུན་གྱི་ཤུགས་རྐྱེན་དང་ཕན་ཚུན་གྱི་ཚོད་འཛིན་སོགས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལྟོས་བཅས་ཀྱིས་དོ་མཉམ་འགུལ་སྐྱོད་དེ་བརྟན་པོ་ཡིན། རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྐྱེ་དངོས་ཆུ་ཚོད།

སྐྱེ་དངོས་ཆུ་ཚོད་ལ་སྐྱེ་ལུགས་ཅོང་ཡང་ཟེར། དེ་ནི་སྐྱེ་དངོས་ཀྱི་ཕུང་པོའི་ནང་གི་གཟུགས་མེད་ཀྱི་ཆུ་ཚོད་ཅིག་ཡིན། དོན་དངོས་ཐོག་དེ་ནི་སྐྱེ་དངོས་ལུས་རྟེན་གྱིས་ཚེ་སྲོག་བྱེད་སྒོ་སྤེལ་རྒྱུའི་ནང་ངོས་ཀྱི་འགྲོས་ཡིན་ཏེ། སྐྱེ་དངོས་ཀྱི་ཕུང་པོའི་ནང་གི་དུས་ཚོད་གྲུབ་ཚུལ་དུས་རིམ་གྱིས་ཐག་གཅོད་ཀྱི་ཡོད། རྒྱ་ཡིག་གི་མིང་། 生物钟 ཕྱི་ཡིག་གི་མིང་། biochronometryཡང་ནbiological clock བྱེད་ལས། དུས་དང་དོན་རྐྱེན་ལ་གསལ་འདེབས།རྣམ་པ་རྒྱུན་འཁྱོངས་དང་མཚམས་གཅོད་ཀྱི་བྱེད་ལས་ལྡན་པ། རིགས་དབྱེ། མའི་ཆུ་ཚོད། བུའི་ཆུ་ཚོད། ཚ་བོའི་ཆུ་ཚོད།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

གཡུང་འདུལ།

མིའི་རིགས་ཀྱིས་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་རྣམས་བཏུལ་ནས་གཡུང་བབ་པས་ལོ་ཏོག་ཏུ་འདེབས་པ་དང་སྒོ་ཕྱུགས་སུ་གསོ་བ་དེར་གཡུང་འདུལ་ཟེར། རྒྱ་ཡིག་གི་མིང་། 驯化 དབྱེ་བ། དངོས་པོ་བྱེ་བྲག་གི་གཡུང་འདུལ་དང་ཁྱུ་ཚོགས་ཀྱི་གཡུང་འདུལ། གཞུང་ལུགས་ཀྱི་ཐབས། མིའི་ཐབས་ཀྱིས་ཆ་རྐྱེན་ཚུར་སྣང་བྱེད་པ། ངོ་སྤྲོད། ང་ཚོ་མིའི་རིགས་ཀྱིས་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་རྣམས་བཏུལ་ནས་གཡུང་བབ་པས་ལོ་ཏོག་ཏུ་འདེབས་པ་དང་སྒོ་ཕྱུགས་སུ་གསོ་བ་དེར་གཡུང་འདུལ་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཚིལ།

ཚིལ་རིགས་ནི་སྣུམ། ཚིལ། ཚིལ་འདྲའི་སྤྱི་མིང་ཡིན། ཟས་རིགས་ཁྲོད་ཀྱི་སྣུམ་ཚིལ་གཙོ་བོ་ནི་སྣུམ་དང་ཚིལ་ཡིན། སྤྱིར་བཏང་དུ་རྒྱུན་ལྡན་གྱི་དྲོད་ཚད་འོག་གི་ཚིལ་རིགས་གཤེར་གཟུགས་ཅན་ལ་སྣུམ་དང་སྲ་གཟུགས་ཅན་ལ་ཚིལ་ཟེར། ཚིལ་རིགས་ནིCགཞི་རྒྱུ་དངHགཞི་རྒྱུ། Oགཞི་རྒྱུ་ལས་གྲུབ་པ་ཡིན། རྒྱ་ཡིག་གི་མིང་། 脂肪 ཕྱི་ཡིག་གི་མིང་། fat མཚན་ཉིད། མི་དང་སྲོག་ཆགས་ཀྱི་ཕུང་ནང་གི་སྣུམ་ཅན་གྱི་དངོས་པོ། ངོ་སྤྲོད། ཚིལ་རིགས་ནི་སྣུམ། ཚིལ། ཚིལ་འདྲའི་སྤྱི་མིང་ཡིན། ཟས་རིགས་ཁྲོད་ཀྱི་སྣུམ་ཚིལ་གཙོ་བོ་ གཙོ་བོ་ནི་སྣུམ་དང་ཚིལ་ཡིན། སྤྱིར་བཏང་དུ་རྒྱུན་ལྡན་གྱི་དྲོད་ཚད་འོག་གི་ཚིལ་རིགས་གཤེར་གཟུགས་ཅན་ལ་སྣུམ་དང་སྲ་གཟུགས་ཅན་ལ་ཚིལ་ཟེར།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཁུ་ལུང་ལག་རྩལ།

ཁུ་ལུང་ནི་རྒྱ་སྐད་ཀྱི克窿དང་དབྱིན་སྐད་ཀྱིcloneཞེས་པའི་འགྱུར་མིང་ཡིན་པ་དང་། མཚན་མ་མེད་པའི་སྐྱེ་འཕེལ་གྱི་དོན་ཡིན། རང་བྱུང་ཁམས་སུ་རྩི་ཤིང་དང་སྲོག་ཆགས། སྐྱེ་དངོས་ཕྲ་རབ་མང་པོ་ཁུ་ལུང་གྱི་བྱེད་ལས་ཅན་ཡིན། རྒྱ་ཡིག་གི་མིང་། 克隆技术 ཕྱི་ཡིག་གི་མིང་། clone མིང་གཞན། འདྲ་བཟོ་བྱས་པའམ་གཞན་དུ་འཕེལ་བ། ལག་རྩལ། སྐྱེ་དངོས་ལག་རྩལ། སྐྱེ་འཕེལ་བྱེད་སྟངས། མཚན་མ་མེད་པའི་སྐྱེ་འཕེལ། དར་བའི་དུས། སྤྱི་ལོ1963 ངོ་སྤྲོད། ཁུ་ལུང་ནི་རྒྱ་སྐད་ཀྱི克窿དང་དབྱིན་སྐད་ཀྱིcloneཞེས་པའི་འགྱུར་མིང་ཡིན་པ་དང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

སྡོང་པོ།

སྡོང་པོ་ནི་རྩི་ཤིང་གི་ས་སྟེང་དུ་ཡོད་པའི་ཆ་ལ་ཟེར་བ་དང་། དེའི་སྟེང་དུ་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐོགས་ཀྱི་ཡོད་ལ། ཚིགས་དང་ཚིགས་བར་གྱི་དབྱེ་མཚམས་ཡོད། རྒྱ་ཡིག་གི་མིང། 茎 ཕྱི་ཡིག་མིང་། stems ཁམས། རྩི་ཤིང་ཁམས། ངོ་སྤྲོད།                                                                                                                     སྡོང་པོ་ནི་རྩི་ཤིང་གི་ས་སྟེང་དུ་ཡོད་པའི་ཆ་ལ་ཟེར་བ་དང་། དེའི་སྟེང་དུ་ལོ་མ་དང་མེ་ཏོག འབྲས་བུ་ཐོགས་ཀྱི་ཡོད་ལ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ལ་ཕུག

རྒྱ་གྲམ་མེ་ཏོག་སྡེ་ལ་ཕུག་གི་ཁོངས་གཏོགས་ཡིན། མཐོ་ཚད་ལི་སྨི20-100ཡོད་ལ་རྩ་བ་ཤ་རྒྱུ་ཡིན། དབྱིབས་ལ་ནར་གཟུགས་གམ་སྒོ་ངའི་གཟུགས་གཉིས་ཡོད། སྒོ་ངའི་དབྱིབས་ཀྱི་ཕྱི་ངོས་སུ་ཚོས་རྒྱུ་མདོག་ལྗང་ཁུ་དང་དམར་པོ་ཡོད། སྡོང་པོར་ཡལ་ག་ཡོད། སྤུ་མེད། མེ་ཏོག་བང་རིམ་ཅན་སྤྱི་བོ་ནས་སྐྱེས་པའམ་མཆན་འོག་ནས་སྐྱེས། མེ་ཏོག་དཀར་པོའམ་དམར་སྐྱ་ཡིན། མེ་ཏོག་གི་དུས་ནི་ཟླ4-5བ་ཡིན། སིལ་ཏོག་གི་དུས་ནི་ཟླ5-6པ་ཡིན། རྒྱ་ཡིག་གི་མིང་། 萝卜 ལ་ཏིང་གི་སྐད། Raphanus sativus L ཕྱི་ཡིག་གི་མིང་།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

མེ་ཏོག

མེ་ཏོག་ནི་རྩི་ཤིང་གི་མཚན་མའི་དབང་བོ་ཡིན། མེ་ཏོག་གི་རྣམ་པ་དང་ཆེ་ཆུང་། ཁ་དོག་ནི་རྣམ་པ་སྣ་ཚོགས་ཡིན་མོད་ཀྱི། དེ་དག་ལ་སྤྱི་མཐུན་གྱི་གྲུབ་ཚུལ་ལྡན་ཡོད། ཚད་ལྡན་གྱི་མེ་ཏོག་ནི་འདབ་ར་དང་འདབ་སྐྱོར། རྩེ་ཏོག མོ་ཟེའི་ཚོགས་དང་ཕོ་ཟེའི་ཚོགས་བཅས་ཀྱིས་གྲུབ་ཡོད། རྒྱ་ཡིག་གི་མིང་། 花 ལ་ཏིང་གི་སྐད། flower ཁམས། རྩི་ཤིང་ཁམས། སྐྱེ་ཚུལ། ཆུ་སྐྱེས། ས་སྐྱེས། སྤྱོད་སྒོ། མིག་གི་སྤྱོད་ཡུལ་དུ་གྱུར་བ། མཁའ་དབུགས་གཙང་བཟོ་བྱེད་པ། སྐྱེས་སུ་འབུལ་བ། རྣམ་པ། མདོག་སྣ་ཚོགས་པ།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ནྱ་གྲོ་ངྷ།

ནྱ་གྲོ་ངྷ་ནི་བོད་སྐད་ལ་རྐང་མང་ངམ་ཆུ་ཞེང་གབ་པ། ཡང་དཔང་མཉམ་ཞེས་བྱ་ལ། དེའི་ས་བོན་ཡུངས་དཀར་གྱི་བཞི་ཆ་ཙམ་ཡིན་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བ། མཐོ་དམན་ཚད་མཉམ་པ་བཅས་འཕེལ་སྟོབས་ཧ་ཅང་ཆེ་བའི་ཤིང་ཞིག ངོ་སྤྲོད། ནྱ་གྲོ་ངྷ་ནི་བོད་སྐད་ལ་རྐང་མང་ངམ་ཆུ་ཞེང་གབ་པ། ཡང་དཔང་མཉམ་ཞེས་བྱ་ལ། དེའི་ས་བོན་ཡུངས་དཀར་གྱི་བཞི་ཆ་ཙམ་ཡིན་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བ། མཐོ་དམན་ཚད་མཉམ་པ་བཅས་འཕེལ་སྟོབས་ཧ་ཅང་ཆེ་བའི་ཤིང་ཞིག་གོ། །

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

ཨེ་རཎྜ།

དན་རོག་ཅེས་པའི་ཤིང་ཞིག་གི་མིང་། རྒྱ་ཡིག་གི་མིང་། 黑巴豆 ཁོངས་གཏོགས། རྩི་ཤིང་གི་རིགས། མིང་གཞན། དན་ཁྲ། རྒྱས་འགྲེལ། དན་རོག་ཅེས་པའི་ཤིང་ཞིག་སྟེ། ཁོག་སྟོང་བ་ཡིན་པས་ཆུ་ཤིང་དང་སྨྱུག་མ་ཡིན་པར་བཤད། འོན་ཀྱང་མངོན་བརྗོད་ཀྱི་བསྟན་བཅོས་ལས་ཆུ་ཤིང་དང་། སྨྱུག་མ་དང་། ཨེ་རཎྜ་རྣམས་སོགས་སོ་སོར་བཤད་པ་ཡིན།  ལོ་རེ་བཞིན་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་ལྗང་ཅུང་སྦོམ་ལ་ཧྲིལ་ཞིང་རིང་བ། རེ་འགའ་དམར་སྨུག་བྱས་པའང་ཡོད། ཡལ་ག་མང་ལ་སྡོང་པོ་དང་ཡལ་ག་གཉིས་ཀ་ཁོང་སྟོང་ཡིན་པ་དང༌།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།

འཇུ་ལག་ལོག་དཀར་མེ་ཏོག

ལོག་དཀར་མེ་ཏོག་ཅེ་ན་མདོ་དབུས་ཁམས་གསུམ་གྱི་གནས་ག་ས་གང་དུ་མཐོང་ཐུབ་པ་ཞིག་ཡིན་ལ། འཇུ་ལག་རྫོང་གི་ལོག་དཀར་མེ་ཏོག་ནི་རྒྱ་སྐད་དུ(小油菜)ཟེར་བ་སྟེ་བོད་སྐད་དུ་ལོག་དཀར་ཆུང་བར་འབོད་པ་དེ་ཡིན། དེ་ནི་ནུབ་འཇུ་ལག་ཆུ་བོའི་རྒྱུད་ཀྱི་བྱེ་སྣ་སྔོ་ལྡང་གྲོང་རྡལ་ནས་ཤར་གཡུ་ལུང་ཐང་བར་དུ་དང་། བྱང་ཀླུ་ལུང་རི་བོའི་འདབས་ནས་ལྷོ་གསེར་ཆེན་ལ་རྟིང་བར་གྱི་སྤྱི་ལེ་བཅུ་ཕྲག་འགར་བཏབ་ཡོད་པའི་རྒྱལ་ཁབ་རིམ་པའི་གནས་སྐོར་མཛེས་ལྗོངས4Aརིམ་པ་ཐོབ་ཡོད་པའི་ལྫོངས་རྒྱུའི་ལྟེ་གནས་ཤིག་ཡིན། སྲིད་འཛིན་ཁོངས་གཏོགས། མཚོ་བྱང་ཁུལ་འཇུ་ལག་རྫོང་། རིགས་དབྱེ། ས་གནས་ཐོན་རྫས། གནས་སྐོར་དུས་ཚིགས། ལོ་རེའི་ཟླ་བདུན་པ། གནས་ཡུལ། འཇུ་ལག་རྫོང་ཁོངས་སུ་ཡོད།

རིགས་དབྱེ།   རང་བྱུང་ཁམས།སྐྱེ་དངོས།