རྒྱ་ལྕང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་ལྕང་།
ལོ་སྐྱུར་སྡོང་ཕྲན་ཞིག་ཡིན། ཡལ་ཕྲན་རབ་ཏུ་རྒྱས། ལྕུག་ཕྲན་ཕྲ་ཞིང་རིང་ལ་ཐུར་དུ་འཕྱང་འདུག ལོ་ལྷེབ་ནར་བ་རལ་གྲིའི་དབྱིབས་སམ་མཐའ་དོག་རལ་གྲིའི་དབྱིབས་ཡིན། མཐའ་ན་སོག་ལེ་ཁ་ཞིབ་མོ་སོ་འདྲ་མཆིས་པ་དང་། འོག་ངོས་ཐལ་དཀར་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
垂柳
ལ་ཏིང་གི་སྐད།
Salixbabylonica
མིང་གཞན།
ཡོར་ཤིང་།
ཁམས།
རྩི་ཤིང་ཁམས།
སྒོ།
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སྦྱར་ལྕང་སྡེ།
ཚན།
སྦྱར་ལྕང་ཚན།
ཁོངས།
ལྕང་མའི་ཁོངས།
ཁྱབ་ཡུལ།
རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུད་ས་ཁུལ་ནས་ཡོད། ཟི་ལིང་དང་རོང་གི་རྫོང་སོ་སོ་ན་བཙུགས་ཡོད། ཡ་གླིང་དང་ཨོའུ་གླིུང་། མེ་གླིང་སོགས་ཀྱི་ས་ཆ་ནས་ཡང་བཙུགས་ཡོད།
1 ངོ་སྤྲོད།

ལོ་སྐྱུར་སྡོང་ཕྲན་ཞིག་ཡིན།  ཡལ་ཕྲན་རབ་ཏུ་རྒྱས།  ལྕུག་ཕྲན་ཕྲ་ཞིང་རིང་ལ་ཐུར་དུ་འཕྱང་འདུག   ལོ་ལྷེབ་ནར་བ་རལ་གྲིའི་དབྱིབས་སམ་མཐའ་དོག་རལ་གྲིའི་དབྱིབས་ཡིན།  མཐའ་ན་སོག་ལེ་ཁ་ཞིབ་མོ་སོ་འདྲ་མཆིས་པ་དང་། འོག་ངོས་ཐལ་དཀར་ཡིན།  མེ་ཏོག་ཆུན་པོའི་སྲོག་རྐང་ལ་སྤུ་ཐུང་སྐྱེས་བ་དང་། མེ་ཏོག་རྟགས་རྐྱང་དང་།  ཕོ་མོ་ཡལ་རྐང་ཐ་དད་ལ་ཆགས་འདུག   འབྲས་བུ་ཏིལ་གང་མའི་འདབ་མ་གཉིས་སུ་གས་སོ།།

2 སྐྱེ་གནས། 

རྨ་ཆུ་དང་འབྲི་ཆུའི་བཞུར་རྒྱུད་ས་ཁུལ་ནས་ཡོད། ཟི་ལིང་དང་རོང་གི་རྫོང་སོ་སོ་ན་བཙུགས་ཡོད། ཡ་གླིང་དང་ཨོའུ་གླིུང་། མེ་གླིང་སོགས་ཀྱི་ས་ཆ་ནས་ཡང་བཙུགས་ཡོད།

3 རོ་ནུས། 

རོ་ནི་ཁ་སྐྱུར་རང་བཞིན་བསིལ་བ་དང་།  ནུས་པས་རླུང་དང་རླན་གཤེར་སེལ།  སྐྲངས་ཞི་གཟེར་འཇགས་ཚ་དྭངས་པ་དང་།  ཕྱི་ཞུགས་ནད་སེལ་བྱེད་དོ།།

4 ཕན་ཡོན།

ཡལ་ག་དང་རྩད་ཤུན།  རྩད་ཕྲན་གྱིས་གྲང་དཀར་དུས་མིན་དུ་འཛག་པ་དང་།  འབམ་གྲུམ་རྩ་ཁུམ་པ།  རུས་རྒྱུས་ན་བ།  གྲང་གཞི་དང་རྙིལ་སྐྲངས་བཅས་པ་གསོ་ཐུབ།  ལོ་མ་དྲི་ཆུང་ལ་ཕན་ཞིང་གློ་ཡུའི་གཉན་ཚད།  གཅིན་ལམ་གྱི་ཚ་ནད་དང་གཅིན་ལྒང་ཚ་ནད།  གཅིན་ལྒང་རྡོ་སྐྲན་བཅས་གསོ་བ་མ་ཟད།  ཕྱི་བྱུགས་ཀྱིས་རུས་ཚིགས་སྐྲངས་ཤིང་ན་བ།  ལྷོག་འབྲས་སྐྲངས་དུག   སྐྱི་པགས་ཟ་འཕྲུག་བཅས་སེལ་བ་ཡིན།  སྡོང་པོའི་ཤུན་ལྤགས་ཀྱིས་གྲུམ་ནད་དང་མཁྲིས་པ་མིག་སེར།  གྲང་ནད། ནུ་ཚབས།  རྨ།  ཆུ་སེར་ཅན་དག་གསོ་བཅོས་བྱེད་པ་ཡིན་ནོ།།

5 གཏོང་ཚད།  

ཡལ་ག་དང་རྩ་རྩད་ཀྱི་ཤུན་ལྤགས།  ཁེ་དྲུག་ནས་བཅུ་གཉིས་ཀྱི་བར་དང་།  ལོ་མ་ཁེ་བརྒྱད་ནས་ཉེར་ལྔའི་བར།  སྡོང་ལྤགས་ཁེ་དྲུག་ནས་བཅུ་གསུམ་བར་ཡིན་ནོ།།

6 ནད་ཐོག་སྨན་སྦྱོར། 

1.རྒྱ་ལྕང་ཡུལ་ཕྲན་ཁེ120   བརྔོ་འདུལ་ཤུག་ལེབ་ལོ་མ་ཁེ40  ཤིང་ཡལ་ཕྲན་ཁེ30    གདུས་ཐང་གིས་འབམ་གྲུམ་རང་བཞིན་གྱི་རུས་ཚིགས་གཉན་ཚད་འཇོམས་སོ།།

2.རྒྱ་ལྕང་ལོ་མ་ཁེ100     སྲན་རིལ་དམར་ཆུང་ཁེ100     མ་རྨོས་ལོ་ཏོག་ཁེ120    ཧ་ཤིག་ཁེ60    སྐྱེར་བ་ཁེ40    བྲག་སྤོས་ཁེ30  གདུས་ཐང་བསྟེན་ན་གཅིན་ལམ་རྡོ་སྐྲན་བཤིག 

3.རྒྱ་ལྕང་ལོ་མ་གཤེར་བ་ཁེ80    ཤུག་ལེབ་ལོ་མ་གཤེར་བ་ཁེ40    ཕུར་མོང་ནག་པོ་ཁེ100    ས་སྐྱ་ཁེ30    ཧོང་ཆེན་ཁེ25     ད་ཏྲིག་ཁེ25གདུས་ཐང་བསྟེན་ན་དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་སེལ་ལོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།