ལོ་མ་དམར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོ་མ་དམར་པོ།
ལོ་མ་དམར་པོ་ལག་མཐིལ་གྱི་ཆེ་ཆུང་ཡོད་ལ་གས་ཀ་ལྔ་རུ་གས་ཡོད། རིང་ཐུང་ལི་སྨི13ཡོད། དཀྱིལ་དབུས་སྙིང་གཟུགས་ཡིན། དབྱར་དཔྱིད་ཀྱི་སྐབས་སུ་ལོ་མ་ལྗང་མདོག་ཡིན་པ་དང་སྟོན་ཁར་ལོ་མའི་ནང་གི་ལྗང་མདོག་རྒྱུ་ཇེ་ཉུང་དུ་སོང་ནས་ལོ་མའི་མདོག་དམར་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红叶
ལ་ཏིང་གི་སྐད།
Cotinus coggygria Scop
ཁམས།
རྩི་ཤིང་ཁམས།
སྒོ།
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
ཚན།
བཀྲག་རྩི་ཤིང་ཚན།
རིགས།
ཤིང་ཧུང་ལུ།
ཁྱབ་ཡུལ།
ཧུའུ་པེ་དང་སི་ཁྲོན་ལ་ཁྱབ་ཡོད།
1 ངོ་སྤྲོད།

སྐྱེ་བོ་རྣམས་ཀྱིས་རྩི་ཤིང་གི་ལོ་མ་ལྗང་ཁུ་ལ་ལྗང་མདོག་གི་བཟོ་གྲྭ་ཞེས་ཟེར། རྩི་ཤིང་གིས་སྐྱེ་ལྡན་རྫས་བསྐྲུན་པ་དང་། འོད་སྦྱོར་བྱེད་ནུས་བྱེད་དགོས་ན། ངེས་པར་ལོ་མའི་ལྗང་རྒྱུ་གནས་དགོས་སོ།། ཡིན་ནའང་རྩི་ཤིང་ལ་ལ་སྟེ། དཔེར་ན་ཀ་ར་ལ་ཕུག་དང་།  ཞན་ཚལ་དམར་པོ། ཆིའུ་ཧའེ་ཐང་གི་ལོ་མ་ནི་སྤྱིར་དམར་པོ་ཡིན་པས་དེ་དག་གིས་འོད་སྦྱོར་བྱེད་ཐུབ་སྟེ།  ལོ་མ་འདི་དག་དམར་པོ་ཡིན་ནའང་། དེར་ལོ་མའི་ལྗང་རྒྱུ་འདུས།  དེ་དམར་པོ་གྱུར་དོན་ནི་གཙོ་བོ་དེར་མདངས་སྐྱེད་རྒྱུ་འདུས་པའི་ཕྱིར་ཏེ།  དེ་དག་ཏུ་མདངས་སྐྱེད་རྒྱུ་ཤིན་ཏུ་མང་ཞིང་ཁ་དོག་གསལ་བས་ལོ་མའི་ལྗང་རྒྱུ་ཡི་ལྗང་མདོག་བཀབ་པའི་ཕྱིར་རོ།།  དེ་ར་སྤྲོད་བྱེད་པ་ཤིན་ཏུ་སླ་སྟེ།  ལོ་མ་དམར་པོ་ཆུ་ཚར་ཅུང་ཟད་བཙོས་ན་དོན་དངོས་དེ་ཤེས་པར་འགྱུར།  མདངས་སྐྱེད་རྒྱུ་ནི་ཆར་ཞུ་སླ་བ་ཞིག་ཡིན། ཆུ་ཚའི་ནང་དུ་མདངས་སྐྱེད་རྒྱུ་ཞུ་བ་ན། ལོ་མའི་ལྗང་རྒྱུ་དེ་སྔར་བཞིན་ལོ་མར་ལུས་པས།  བཙོས་པའི་ལོ་མ་དེ་དམར་པོ་ནས་ལྗང་ཁུར་འགྱུར་འགྲོ   དེས་ལོ་མ་དམར་པོར་ཡང་ལོ་མའི་ལྗང་རྒྱུ་གནས་པ་ར་སྤྲོད་ཐུབ་བོ།། དེ་མིན། མཚོ་ཞབས་ན་སྐྱེ་བའི་རྩི་ཤིང་སྟེ་མཚོ་ཐག་དང་། ཆུ་སྔོ་སྨུག་ཚོད་སོགས་ཀྱང་སྤྱིར་སྨུག་པོ་དང་དམར་པོ་ཡིན་ནའང་།  དོན་དམ་པར་དེ་དག་ཏུའང་ལོ་མའི་ལྗང་རྒྱུ་འདུས་ཤིང་།  ལྗང་མདོག་དེ་མདོག་རྒྱུ་གཞན་ཞིག་སྟེ།  ཆུ་རྩྭ་སྨུག་རྒྱུ་དང་ཆུ་རྩྭ་དམར་རྒྱུ་ཡིས་སྒྲིབ་པ་ཙམ་དུ་ཟད།སྟོན་ཁར།  རི་མགོའི་སྡོང་ལོ་དེ་བདེ་སའི་སྡོང་ལོ་ལས་སྔོན་ན་དམར་པོར་འགྱུར་སྲིད།  དེ་ནི་རི་མགོའི་ཉིན་མཚན་གྱི་དྲོད་གྲང་ཁྱད་པར་ཅུང་ཆེ་བའི་ཕྱིར།  ལོ་མའི་ནང་གི་མངར་ཆ་གསོག་འཇོག་བྱེད་པར་ཕན་པས།  མདངས་སྐྱེད་རྒྱུ་བྱུང་བ་ཅུང་མང་།  པེ་ཅིན་ཞང་ཧྲན་གྱི་ཧོང་ལུའུ་ལས་གཞན།  ཅང་ནན་ས་ཁུལ་གྱི་ཧྥུན་སྡོང་དེའང་སྟོན་ཁར་སླེབས་དུས་སྡོང་ལོ་དམར་བོར་འགྱུར་སྲིད་པས་ཤིན་ཏུ་མཛེས།

2 ལྟ་བའི་དུས་ཚོད་ཡག་ཤོས།

ལོ་མ་དམར་པོ་ནི་སྐྱེ་བོ་རྣམས་ཀྱིས་ལྟ་བར་སྤྲོ་བའི་མཛེས་ལྗོངས་ཞིག་ཡིན། ཡིན་ཡང་དེར་ལྟ་བའི་དུས་ཚོད་ཡག་ཤོས་ཡོད།

ཅའོ་ཧུ་གྲོང་ཁྱེར།   ཟླ9བའི་ཚེས25ནས་ཟླ10བའི་ཚེས5བར་ཡིན།

ཧེང་རེན་རྫོང་།     ཟླ9བའི་ཚེས30ནས་ཟླ10བའི་ཚེས15བར་ཡིན།

པེ་ཅིན་གྲོབ་ཁྱེར།   ཟླ10བའི་ཚེས25ནས་ཟླ11པའི་ཚེས10བར་ཡིན།

ཐུང་པའེ་རྫོང་།     ཟླ11པའི་ཚེས10ནས་ཟླ11པའི་ཚེས25བར་ཡིན།

ཝུའུ་དབྱི་ཧྲན།     ཟླ11པའི་ཚེས25ནས་ཟླ12བའི་ཚེས10བར་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།