སྐལ་བཟང་མེ་ཏོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐལ་བཟང་མེ་ཏོག
མཚོ་བོད་མཐོ་སྒང་གི་བོད་མི་རྣམས་ཀྱིས་སྤེན་ནག་ལ་སྐལ་བཟང་མེ་ཏོག་ཅེས་འབོད་པ་ཡིན་ལ་རྫ་མཐོ་ས་ནས་མང་པོར་སྐྱེས་ཡོད། སྤེན་ནག་ནི་ལྷ་ས་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ཅན་གྱི་མེ་ཏོག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金露梅
ལ་ཏིང་གི་སྐད།
Potentilla fruticosa
མིང་གཞན།
སྤེན་མ་དང་སྤེན་ནག སྤེན་ཆུང་མཐོ་གང་བཅས་ཟེར།
ཁམས།
རྩི་ཤིང་ཁམས།
སྒོ
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
སེ་རྒོད་སྡེ།
ཚན།
སེ་རྒོད་ཚན།
ཁོངས།
རྒྱུ་མཁྲིས་ཁོངས།
རིགས།
སྐལ་བཟང་མེ་ཏོག
ཁྱབ་ཡུལ།
རང་རྒྱལ་གྱི་བྱང་ཤར་དང་ཧྭ་པེ། ནུབ་བྱང་། ནུབ་ལྷོ། ལྗར་པན། མོང་གོལ། ཡོ་རོབ་གླིང་། མེ་གླིང་བྱང་མར་ཁྱབ་ཡོད།
1 ངོསྤྲོད།

བཻ་སྔོན་ལས།      རྐང་དམར་པོ་མེ་ཏོག་སེར་ཆུང་འཆར་བའོ།།      འདི་ནི་ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་།     སྡོང་པོ་ཕྲ་ལ་དྲང་བ་ཕྱི་པགས་དམར་པོ་སྲབ་པོས་བཏུམས་པའི་ནང་དཀར་པོ་ཡིན་པ་ཁ་ཤས་མཉམ་དུ་སྐྱེ་བར་ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་ཡོད་པ་དང་།      ལོ་མ་སྔོན་པོ་ཆུང་ཞིང་མཐུག་པར་སྤུ་དཀར་འཇམ་པོས་ཁྱབ་པའི་མཐར་ངོས་གཏན་མེད་པའི་ཉག་ག་ཡོད་ཅིང་ངར་བ་ཐུང་བ་རེ་མོས་སྐྱེ་བ་དང་།      མེ་ཏོག་སེར་པོ་འདབ་མ་ལྔ་ཡིས་བརྒྱན་པ་ཆེ་ཆུང་སོགས་གྲོ་ལོའི་མེ་ཏོག་འདྲ་བ་འཆར་བའོ།།    

《མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན》གྱི་ནང་དུ་སྤེན་ནག་གི་ཁྱད་ཆོས་ལ།       ལོ་སྐྱུར་སྡོང་ཐུང་ཞིག་ཡིན།      མཐོ་ཚད་ལ་ལི་སྨི30-100བར་ཡོད།      སྡོང་བུར་སྐྱེ་བའི་ལོ་མ་ཡ་གྲངས་སྒྲོ་དབྱིབས་སྦྲགས་མ་སྒོང་ཟླུམ་རིང་བའི་དབྱིབས་ནས་མཐའ་ཆུང་སྒོང་ཟླུམ་རིང་བའི་དབྱིབས་ཡིན།     མེ་ཏོག་རྐྱང་པ་ལོ་མའི་མཆན་ནམ་སྡོང་རྩེར་ཆགས་པ་ཡིན།     གདུགས་ཁང་མེ་ཏོག་ཆུན་པོར་སྟར་དུ་སྒྲིག      མེ་ཏོག་འདབ་མ་ལྔ་ལྡན་ལ་མདོག་སེར་བ།     མེ་ཏོག་གི་ཚངས་ཐིག་ལ་ལི་སྨི1.5-3ཙམ་ཡོད།

2 རིགས་དབྱེ།     

1.སྤེན་ནག་ལོ་མ་ཆུང་བ།     སྤེན་ནག་དང་མཚུངས་མོད།     འོན་ཀྱང་།     མེ་ཏོག་ཅུང་ཆུང་། མེ་ཏོག་གི་ཚངས་ཐིག་ལ་ལི་སྨི1.5ཙམ་ཡིན།  ལོ་མ་ལྕེ་གཟུགས་ཡང་ན་སྐུད་འདྲའི་རལ་གྲིའི་དབྱིབས་ཅན།     སྐྱེ་གནས་དང་བཀོལ་ཚད་སྤེན་ནག་དང་མཚུངས་པ་ཡིན།      

2.སྤེན་དཀར་ནི།     མེ་ཏོག་དཀར་བ་དང་།      ལོ་མ་སྤེན་ནག་ལས་ཅུང་ཆེ་ལ་གཞུང་རྟ་ཅུང་མཐོ།      རི་མཐོན་ནམ་ཐན་སྐམ་གྱི་རྩྭ་ཐང་དུ་སྐྱེ།     ཞིང་ཆེན་ཡོངས་ནས་ཐོན།     བཀོལ་ཚད་སྤེན་ནག་དང་འདྲའོ།།

3 སྐྱེ་གནས།   

རང་རྒྱལ་གྱི་བྱང་ཤར་དང་ཧྭ་པེ། ནུབ་བྱང་། ནུབ་ལྷོ། ལྗར་པན། མོང་གོལ། ཡོ་རོབ་གླིང་། མེ་གླིང་བྱང་མར་ཁྱབ་ཡོད། མཚོ་ངོས་ལས་མཐོ་ཚད་སྨི3600-4800བར་གྱི་རི་ཁུལ་གྱི་སྡོང་ཐུང་གསེབ་དང་།      ལམ་འགྲམ།     ནགས་ཚལ་གྱི་མཐའ་རུ་སྐྱེ།

4 འཐུ་བསྡུ་ལས་སྣོན།

ཟླ་བ7-8པའི་མེ་ཏོག་བཏོག་སྟེ་གྲིབ་སྐམ་བྱེད། དབྱར་སྟོན་ལོ་མ་བཏུ་སྟེ་བསིལ་སྐམ་གཏོང་།

5 རོ་ནུས།

རོ་མངར་བ། ནུས་པ་སྙོམས་པ།

6 ཕན་ཡོན།

ཚ་གདུག་ཕོག་པ་དང་དབུགས་མི་རྒྱུ་བ།      འཇུ་སྟོབས་ཞན་པ།     དྲི་ཆུ་འགགས་པ་བཅས་གསོ་བར་བྱེད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-18

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།