ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས། >མེ་ཏོག

མངར་འབྲས་མེ་ཏོག

འདི་ནི་སྡོང་རིང་ལྗོན་ཤིང་རིགས་དང་། ཆེས་མཐོ་བ་ལ་སྨི8ཡོད། ཡལ་ག་སྦོམ་ལ་ཀ་ཟླུམ་གྱི་དབྱིབས་ཡིན། ཡལ་ག་མྱུ་གུ་མ་འབུས་གོང་ཐུང་བ་དང་སྤུ་ཐར་ཐོར་ཡོད་པ། རྒས་དུས་ཁམ་དམར་ཡང་ན་ཁམ་སྨུག་སུ་འགྱུར་ནས་སྤུ་མེད་པ་ཡིན། ལོ་མ་འཇོང་དབྱིབས་ཡིན། མེ་ཏོག་བསིལ་དབྱིབས་དང་འདྲ་ལ་མེ་ཏོག4-6བར་ཡོད། མེ་ཏོག་གི་འདབ་མ་སྒོང་དབྱིབས་དང་། འབྲས་བུ་སྨིན་པའི་དུས་ནི་ཟླ་བརྒྱད་པ་ནས་དགུ་བའི་བར་ཡིན་པ་དང་། མེ་ཏོག་འཆར་ཡུན་ནི་ཟླ་བཞི་བ་ནས་ལྔ་བའི་བར་ཡིན།

རིགས་དབྱེ།  

མོ་ལྕམ།

འདི་ནི་ལོ་གཉིས་སམ་ལོ་མང་སྐྱེ་བའི་ལྡུམ་རིགས་ཤིག་ཡིན། ཡལ་ག་མང་དུ་གྱེས། ལོ་མ་ཆ་སྡེབ་ཏུ་སྐྱེས་ཡོད་པ་དང་། རྟིང་གི་ལོ་མ་འཁྱོག་པར་སྐྱེས་ཡོད་པ། དབྱིབས་ནི་འཇོང་དབྱིབས་ཟོག་ལེ་ཁ་ལྟ་བུ་ཞིག་ཡིན། ལོ་མ་སྤྱིའི་དབྱིབས་ནི་སྙིང་དབྱིབས་སམ་མཁལ་མའི་དབྱིབས་ལྟ་བུ། མེ་ཏོག་གསུམ་ནས་བཅུ་གཅིག་རྫོབ་ནས་སྐྱེས་ཡོད་པ་དང་། མེ་ཏོག་འདབ་མ་ལྔ་དང་ལྡེ་མིག་གི་དབྱིབས་ཡིན། མེ་ཏོག་འཆར་ཡུན་ནི་ཟླ་ལྔ་བ་ནས་བཅུ་བའི་བར་ཡིན།

རིགས་དབྱེ།  

རྒྱ་སལ།

ཚེར་ལྡན་སྡོང་ཐུང་ཞིག་ཡིན། གཞུང་རྟ་དང་ཡལ་གར་མགོ་མཇུག་ལྡོག་པའི་ཚེར་མ་ཡོད། ཡ་གྲངས་སྒྲོ་དབྱིབས་བསྐྱར་བའི་ལོ་མ་ཡ་སྡེབ་ཏུ་སྐྱེས། ལོ་མ་ཆུང་བ3-5བར་དང་། ཉུང་ཤས་ལ་བདུན་ཡོད། མེ་ཏོག་ཆེ་ལ་རྐྱང་བ་དང་ཡང་ན་ཁ་ཤས་རུབ་ནས་ཤར། མདོག་དམར་པོ་དང་ཟིང་དམར་ཡང་ན་ཟིང་དཀར་ཡིན།

རིགས་དབྱེ།  

རྒྱ་སེ་མེ་ཏོག

རྒྱ་སེ་མེ་ཏོག་ཉི་འོད་ལ་དགའ་བ་དང་། གྲང་ངར་དང་ཐན་སྐམ་ལ་བཟོད་ཐུབ། དེ་མིན་རྒྱ་སེ་མེ་ཏོག་གིས་མཁའ་དབུགས་ཁྲོད་ཀྱི་འབུ་ཕྲ་རབ་ཚར་གཅོད་བྱེད་ཐུབ་པའི་རྐྱེན་གྱིས་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་ཧ་ཅང་ཕན་པ་ཡིན། གཞན་རྒྱ་སེ་མེ་ཏོག་ཁ་ཟས་སུའང་བཀོལ་ཆོག བུད་མེད་ཀྱིས་ཁ་ཟས་སུ་བཀོལ་ན་བཞིན་མདངས་ཇེ་ལེགས་སུ་འགྲོ་ཐུབ། བརྩེ་དུང་མཚོན་བྱེད་ཀྱི་མེ་ཏོག་ཡང་ཡིན།

རིགས་དབྱེ།  

རྡོ་པདྨ།

འདི་ནི་ལོ་མང་སྐྱེ་བའི་སྐྱེ་དངོས་ཤིག་ཡིན་པ་དང་། ལོ་མའི་མདོག་ལྗང་ཁུ་དང་སྙིང་གི་དབྱིབས་ཡིན། མེ་ཏོག་དཀར་ལ་དམར་མདངས་ཡོད་པ་འདབ་མ་ཤིན་ཏུ་མང་བ་འཆར་ཞིང་། གང་བུ་ལྗང་སེར་སྨིན་ཚེ་སྨུག་པོར་གྱུར་པ་མགོ་སྦྲེལ་ནང་འབྲུ་གུ་སེར་ནག་མཁྲེགས་པ་གསུམ་རེ་ཙམ་ཡོད།

རིགས་དབྱེ།  

ལུག་མཉེ་མེ་ཏོག

འདི་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ལ་རིགས་མང་པོ་ཡོད། རང་རྒྱལ་ནས་གཙོར་ཐོན་པ་ཡིན། ཉ་ཁྲབ་སྒོག་སོ་འདྲ་བའི་རྩ་བ་གྲུ་གུའི་དབྱིབས་ཡིན་ལ་ལོ་མང་ཐར་ཐོར་དུ་སྐྱེ། དཀྱིལ་གཞུང་དུ་སྟུག་ཅིང་འདུས། ནར་བའི་དབྱིབས། ཧ་ཅང་ཕྲ་ཞིང་རིང་། མེ་ཏོག་རྔོག་དབྱིབས་བཞིན་བསྟར་ཞིང་སྒྲིག་པ་དང་ཐུར་དུ་འཕྱང་། མེ་ཏོག་གློ་ཁ་ཡོངས་སུ་གྱེས་པ་ཡིན།

རིགས་དབྱེ།  

ཤིང་པདྨ།

འདི་ནི་པདྨའི་རིགས་ཀྱི་མེ་ཏོག་ཤིང་པདྨ་ཡིན། ལོ་མ་ནི་ཐེངས་གཉིས་ནས་གསུམ་རེ་ལ་སྨིན་ནས་གསར་སྐྱེས་བྱེད། ལོ་མའི་ངོས་ལྗང་ལ་སྤུ་རིགས་མེད། རྒྱབ་ངོས་ལྗང་སྐྱ་དང་ལྡན་ལ་སྐབས་འགར་དཀར་པོ་ཕྱེ་འདྲ་བ་ཞིག་ཡོད། ལ་ལ་ལོ་མའི་གཞུང་རྩ་རྒྱུད་ནས་སྤུ་རིགས་ཐུང་ངུར་འགྱུར་བ་ཡིན། མེ་ཏོག་ཡལ་གའི་རྩེ་ནས་འཆར་བ་དང་། མེ་ཏོག་གི་འདབ་མ་ལྔ་ཡང་ན་དེའི་མང་བ་ཡིན། མདོག་མེ་ཏོག་རྒྱ་སེ་ཡི་མདོག་དང་། དམར་སྨུག ཟིང་དཀར། དཀར་པོ་སོགས་ཡོད།

རིགས་དབྱེ།  

སྟག་མའི་མེ་ཏོག

སྟག་མ་ནི་སྡོང་པོ་ཐུང་བའི་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་ཅུང་ཆེ་ལ་མདོག་སྐྱ་ཞིང་མཁྲེགས་པ་ཡལ་ག་མང་བ་དང་། ལོ་མ་ལྗང་ནག་གྱོན་ཞིང་མདའ་རྩེའི་དབྱིབས་སམ་སྒོང་དབྱིབས་ཀྱི་མཐའ་མཉམ་ཞིང་རྒྱབ་ཏུ་རྫ་སེར་རམ་རྫ་དམར་མདོག་གི་སྤུ་འཇམ་ལ་མཐུག་ན་སྤུ་མ་འདྲ་བ་ཡོད་ཅིང་། མེ་ཏོག་མང་ལ་ལོ་མའི་དབུས་ནས་ཆུན་པོར་ཤར་གྱི་ཡོད། སྟག་མ་ལ་མེ་ཏོག་གིས་ཕྱེ་བའི་དཀར་པོ་དང་དམར་པོ་སེར་པོ་ཆེ་ཆུང་སོགས་རིགས་མི་འདྲ་བ་མང་པོ་ཡོད།

རིགས་དབྱེ།  

སྣ་མའི་མེ་ཏོག

སྣ་མའི་མེ་ཏོག་ནི་ཀྲུང་གོའི་སྲོལ་རྒྱུན་མེ་ཏོག་གྲགས་ཅན་ཞིག་ཡིན་པ་དང་། དྲི་མ་ཞིམ་པས་མིང་དུ་གྲགས་པ་ཡིན། ཀྲུང་གོར་མཚོན་ན་སྣ་མའི་མེ་ཏོག་འདེབས་གསོ་ཐད་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང་། ཀྲུང་གོའི་མིང་དུ་གྲགས་པའི་མེ་ཏོག་བཅུའི་ནང་གསེས་ཡིན། གཞན་མེ་ཏོག་འདིའི་མེ་ཏོག་ཇ་ལོ་བྱེད་ཆོག་པ་དང་ཟས་སུའང་བཀོལ་ཆོག

རིགས་དབྱེ།  

སྐལ་བཟང་མེ་ཏོག

མཚོ་བོད་མཐོ་སྒང་གི་བོད་མི་རྣམས་ཀྱིས་སྤེན་ནག་ལ་སྐལ་བཟང་མེ་ཏོག་ཅེས་འབོད་པ་ཡིན་ལ་རྫ་མཐོ་ས་ནས་མང་པོར་སྐྱེས་ཡོད། སྤེན་ནག་ནི་ལྷ་ས་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་ཅན་གྱི་མེ་ཏོག་ཡིན།

རིགས་དབྱེ།  

སྲན་མའི་མེ་ཏོག

འདི་ནི་ང་ཚོའི་དུས་རྒྱུན་ཟ་བའི་སྲན་མ་དེའི་མེ་ཏོག་ཡིན། སྲན་མར་རིགས130ལྷག་ཙམ་ཡོད་པ་དང་། རང་རྒྱལ་དུ་རིགས30ལྷག་ཙམ་ཡོད། མེ་ཏོག་གིས་བུད་མེད་ཀྱི་ཟླ་མཚན་ཤོར་ཆེ་བ་དང་ཁྲག་ཤོར་གཅོད་ཅིང་མཁལ་ནད་སེལ། འབྲས་བུའམ་སྲན་མ་རིལ་མོས་དུག་ནད་སྣོད་ལ་བྱེར་བ་བསྡུ་བ་དང་མཁྲིས་པའི་ཞག་ལེན་ཞིང་རྨ་དང་འབྲུམ་ནད་ལ་ཕན།

རིགས་དབྱེ།  

ཧ་ལོའི་མེ་ཏོག

ལོ་མང་སྐྱེ་བའི་སྔོ་སྨན་ནམ་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་སྔོ་ལྗང་རིང་ཞིང་དྲང་པོར་སྐྱེས་པ། ཡལ་ག་མེད་པར་སྡོང་པོ་ཁ་ཤས་མཉམ་དུ་སྐྱེ་བ་དང་། ལོ་མ་སྔོ་ལྗང་སྒོར་ལ་ཆེ། མེ་ཏོག་དཀར་པོའམ་རྒྱ་ཁ་ཆེ་ཞིང་འདབ་མང་ཅན་ལོ་མའི་མཚམས་ནས་འཆར་བ། འབྲས་བུ་དཀར་པོ་སྲབ་ལ་འཁོར་ལོའི་དབྱིབས་ལྟར་སྐྱེས་ཡོད། མེ་ཏོག་འཆར་ཡུན་ཟླ་དྲུག་པ་ནས་བརྒྱད་པའི་བར་ཡིན།

རིགས་དབྱེ།  

ཐིའུ་བཀླུབས་མེ་ཏོག

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཞིག་ཡིན་པ་དང་། ཉ་ཁྲབ་འདྲ་བའི་སྡོང་པོ་དང་། ལོ་མ་གསུམ་ནས་ལྔ་བར་ཡོད། གཞུང་རྟའི་རིངཚད་ལ་ལི་རྨིད6ནས10བར་ཡོད་པ་དང་། མེ་ཏོག་ཁེར་རྐྱང་དུ་སྐྱེས། མེ་ཏོག་འཆར་ཡུན་ནི་ཟླ་གསུམ་པ་ནས་ལྔ་བའི་བར་ཡིན་པ་དང་། འབྲས་བུ་གང་བུ་འབྲུ་མང་ཅན་གསུམ་ཡོད། ས་བོན་མང་ཤས་ལེབ་མོ་ཡིན།

རིགས་དབྱེ།  

དཔྱིད་བསུ་མེ་ཏོག

ལོ་སྐྱུར་སྡོང་ཕྲན་རིགས། ཡལ་ག་ཕྲ་ལ་རིང་བ་ཡལ་ཕྲན་ལ་གླིང་ཟུར་བཞི་ཡོད། ལོ་མ་སྦྲགས་མ་ཆ་མཉམ་དུ་སྐྱེ་བ། ལོ་ལྷེབ་ཆུང་བ་གསུམ་དེ་སྒོང་དབྱིབས་སམ་ཟླུམ་རིང་ཚུལ་གྱི་སྒོང་དབྱིབས་ཡིན། མེ་ཏོག་སེར་སྐྱ་ལོ་མའི་སྔོན་ལ་ཤར། མེ་ཏོག་སྦུག་གུ་ཞབས་ར་མཐོ་བའི་སྡེར་མའི་དབྱིབས་ཡིན།

རིགས་དབྱེ།  

དཔྱིད་མགོའི་མེ་ཏོག

སེ་རྒོད་སྡེ་ཁམ་བུ་ཁོངས་ཀྱི་ཤིང་སྡོང་ཞིག་ཡིན་ལ། སྡོང་རྐང་གི་རིང་ཚད་ལ་རྨིད5-10བར་ཡོད་པ་དང་། སྡོང་པོ་སྨུག་ནག་མཁྲེགས་པར་ཡལ་ག་དང་ཡལ་ཕྲན་མང་པོ་གྱེས་ཤིང་གསར་སྐྱེས་ཡལ་ག་སྔོ་ལྗང་དྲང་ལ་མཉེན་པ་དང་། ལོ་མ་སྔོན་པོ་འཇམ་པའི་རྒྱབ་ཅུང་ཟད་སྐྱ་བ་སྙུང་ལེབ་དབྱིབས་ཀྱི་རྩེ་རིམ་བཞིན་རྣོ་བའི་མཐར་ཉག་ག་ཞིབ་པ་སོག་ལེའི་སོ་འདྲ་ཡོད་ལ་ངར་བ་ཐུང་བ་རེས་མོས་སྐྱེ་ཞིང་། མེ་ཏོག་དཀར་པོ་དང་དམར་པོ། ཟིང་དཀར་གྱི་མདོག་སོགས་མང་པོ་ཡོད།

རིགས་དབྱེ།  

དབང་པོ་ལག་པ།

མེ་ཏོག་འདི་ལ་སྡེ་ཚན140དང་རིགས2000ལྷག་ཙམ་ཡོད། མང་ཆེ་བ་མེ་གླིང་གི་ཚ་ཁུལ་དང་། ཡ་གླིང་གི་ཚ་ཁུལ་རང་བཞིན་གྱི་བྱེ་ཐང་དང་ཐན་པ་ཆེ་བའི་ས་ཁུལ་དུ་སྐྱེས་བ་ཡིན། མོ་ཞི་ཁོ་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ཅན་གྱི་མེ་ཏོག་ཡིན་པ་དང་། མོ་ཞི་ཁོའི་རྒྱལ་དར་ཐོག་དུའང་ཡོད། རང་རྒྱལ་དུ་འདེབས་གསོ་བྱེད་པ་ལ་རིགས600ལྷག་ཙམ་ཡོད་པ་དང་། མེ་ཏོག་འདི་རིགས་ཁང་བའི་ནང་ཏུ་གསོ་སྐྱོང་བྱེད་པར་འཚམས།

རིགས་དབྱེ།  

དྲང་སྲོང་མེ་ཏོག

དྲང་སྲོང་མེ་ཏོག་འདི་ནི་སྡོང་ཐུང་རིགས་ཡིན་པ་དང་། མཐོ་ཚད་ལ་རྨིད1-4བར་ཡོད། ཡལ་ག་ཀ་ཟླུམ་གྱི་དབྱིབས་ཡིན་ལ་སྦོམ། མདོག་སྨུག་སྐྱ། ལོ་མའི་དབྱིབས་ནི་སྒོང་དབྱིབས་སམ་འཇོང་དབྱིབས་ཡིན་པ་དང་ཡུ་བ་ཅུང་སྦོམ་ལ་སྤུ་མེད། ལོ་མ་ཆ་སྡེབ་ཏུ་སྐྱེས་བ་དང་ལོ་མའི་ངོས་མདོག་ལྗང་ཁུ་དང་། རྒྱབ་ངོས་མདོག་ལྗང་སེར་ཡིན། མེ་ཏོག་འཆར་ཡུན་ནི་ཟླ་བ་དྲུག་པ་ནས་བརྒྱད་པའི་བར་ཡིན།

རིགས་དབྱེ།  

པུཎྜ་རི་ཀ

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་པ་དང་། རྩ་བ་སེར་སྐྱ་ཡིན་ལ་རྩ་ཕྲན་མང་བ་དང་སྡོང་པོ་ཕྲ་ཞིང་རིང་བ། ལོ་མ་ཕྲ་སྲིབ་ཉག་ཆེན་ཅན་ཡིན། མེ་ཏོག་དཀར་དམར་སྣ་ཚོགས་ཡོད་དེ་འདབ་མ་བརྒྱད་ལྡན་པ། ཟེའུ་འབྲུ་སེར་པོ་དང་ལྡན་པ་ཞིག་ཡིན།

རིགས་དབྱེ།  

ཕྱེ་ལེབ་མེ་ཏོག

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། གཞུང་རྟ་ལ་ཅུང་སྦོམ་པ་གྱེན་དུ་དྲང་མོར་སྐྱེ་བ་དང་ཅུང་ཕྲ་བ་འཕྲེད་དུ་སྐྱེས་པ་གཉིས་ཡོད། གྱེན་དུ་དྲང་མོར་སྐྱེས་པའི་གཞུང་རྟ་སྒོར་དབྱིབས་དང་ཚིགས་ཅུང་ཐུང་བ་ཡིན། མདོག་ཁམ་ནག་ཡིན། འཕྲེད་དུ་སྐྱེས་པའི་གཞུང་རྟའི་ཚིགས་ཅུང་རིང་བ་ཡིན་པ་དང་། མདོག་དཀར་སེར་ཡིན། ཡལ་ག་མང་དུ་གྱེས་པ་དང་ལོ་མའི་མདོག་ལྗང་སྨུག་འོད་དང་ལྡན་པ་ཡིན། མེ་ཏོག་འཆར་ཡུན་ནི་ཟླ་གསུམ་པ་ནས་བཞི་བའི་བར་ཡིན། མེ་ཏོག་གཅིག་གི་སྟེང་མདོག་གསུམ་ལྡན། འབྲས་བུ་སྨིན་པའི་དུས་ནི་ཟླ་ལྔ་བ་ནས་དྲུག་པའི་བར་ཡིན།

རིགས་དབྱེ།  

ཉི་མ་མེ་ཏོག

ལོ་རེ་བཞིན་བཏབ་ན་སྐྱེ་བའི་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། གཞུང་རྟའི་རིང་ཚད་ལ་སྨི1-3བར་ཡོད་པ་ཡིན། སྡོང་པོ་འདྲོང་ཞིང་ཅུང་སྦོམ་ལ་སྤུ་དཀར་རྩུབ་པོ་ཡོད་པའི་ཁོང་པ་སོབ་པ་རྐྱང་བར་སྐྱེ་བ། ལོ་མ་སྔོ་ལྗང་མཐུག་ལ་ཅུང་ཆེ་བ་སྙིང་དབྱིབས་ཀྱི་མཐར་ཉག་ག་ཞིབ་པ་སོག་ལེའི་སོ་འདྲ་བ་ཡོད་པ་དང་ངར་བའི་རིང་ལ་རེ་མོས་སུ་སྐྱེས་ཡོད། མེ་ཏོག་སེར་པོ་ཟེའུ་འབྲུ་ནག་ཁྲའམ་སེར་སྐྱས་གང་ནས་ཡོད། ཉི་དགའ་མེ་ཏོག་གི་འབྲས་བུ་ཟས་ཆོག་ལ་མི་རྣམས་དེ་ཟ་རྒྱུར་དགའ།

རིགས་དབྱེ།  

ཆུ་ལྷ་མེ་ཏོག

ལོ་མང་སྐྱེ་བའི་རྩྭ་ལྡུམ་རྩད་སྡོང་ཁྲབ་ཅན་དང་སྒོང་གཟུགས་གོ་ལའི་དབྱིབས་སུ་ཡོད་པ། ཕྱི་ཤུན་དཀར་པོ་ཁམ་སྨུག་ནས་ནག་པོར་འགྱུར་བ། རྩ་ཕྲན་དཀར་པོ་མང། ལོ་མ་རྟིང་སྐྱེ་ལོ་ལེབ་སྙོམས་ལ་མཐུག་པ་དང་ལོ་རྩེ་རྟུལ་རྣོ་ཁ་དོག་ལྗང་། དགུན་དཔྱིད་མེ་ཏོག་སེར་དཀར་འཆར་པ་དང་དྲི་ངད་ལྡང་། འདེབས་འཛུགས་སྐབས་སུ་ཆུ་ནང་དུ་བཙུགས་པའི་ཆོག

རིགས་དབྱེ།  

ཆུ་སྐྱེས་པདྨ།

ལོ་མང་ཆུ་ནང་སྐྱེ་བའི་སྔོ་ལྡུམ་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་དཀར་པོ་སྦོམ་ཞིང་མཁྲེགས་ཁོང་སྟོང་དབྱིབས་འདམ་རྩའི་རྩ་བ་ལྟར་ཕྲེད་ལ་སྐྱེ་བ་དང་། ལོ་མ་སྒོར་ལ་ཆེ་ཞིང་སྒོར་དབྱིབས་མཐའ་མཉམ་པ། མེ་ཏོག་དཀར་པོ་འམ་དམར་པོའི་དྲི་ཞིམ་ལ་མཛེས་པ་འཆར། གང་བུ་ཆེ་ཞིང་སྒོང་དབྱིབས་རྩུབ་མོས་འགོག་པ་ཡི་ནང་འབྲས་བུ་མཁྲེགས་པོ་ནག་སྨུག་མང་ཙམ་ཡོད།

རིགས་དབྱེ།  

ཀྱི་ལྕེ་དཀར་པོ།

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་སེར་སྐྱ་ཅུང་སྦོམ་ལ་རིང་བ་ཀ་རིལ་དབྱིབས་ཡིན། ལོ་མ་ལྗང་སེར་མཐུག་ཅིང་སྣུམ་པར་འོད་མདངས་རྒྱས་པ་ཞེང་ཆེ་ལ་དཀྱུས་རིང་བ་མདུང་རྩེའི་དབྱིབས་ཅན་ཡིན། མེ་ཏོག་དཀར་ལ་དམར་སེར་གྱི་མདངས་ཅུང་ཡོད། དབྱིབས་སྤང་རྒྱན་མེ་ཏོག་འདྲ་བ་སྡོང་པོ་དང་ཡལ་གའི་རྩེའམ་ལོ་མའི་མེ་མཚམས་ནས་རིམ་པས་བསྐོར་ནས་ཤར་ཞིང་། འབྲས་བུ་ཆུང་ལ་ནར་བའི་ནང་དུ་འབྲུ་གུ་སེར་ཞིབ་མང་པོ་ཡོད།

རིགས་དབྱེ།  

མེ་ཏོག

མེ་ཏོག་ནི་རྩི་ཤིང་གི་མཚན་མའི་དབང་བོ་ཡིན། མེ་ཏོག་གི་རྣམ་པ་དང་ཆེ་ཆུང་། ཁ་དོག་ནི་རྣམ་པ་སྣ་ཚོགས་ཡིན་མོད་ཀྱི། དེ་དག་ལ་སྤྱི་མཐུན་གྱི་གྲུབ་ཚུལ་ལྡན་ཡོད། ཚད་ལྡན་གྱི་མེ་ཏོག་ནི་འདབ་ར་དང་འདབ་སྐྱོར། རྩེ་ཏོག མོ་ཟེའི་ཚོགས་དང་ཕོ་ཟེའི་ཚོགས་བཅས་ཀྱིས་གྲུབ་ཡོད།

རིགས་དབྱེ།  

ཨུག་ཆོས་དམར་པོ།

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། ལོ་མ་ལྗང་སྔོན་ལ་ནག་ཉམས་ལྡན་པ་འཇམ་ཞིང་སྣུམ་ལ་མཐུག་པར་འོད་མདངས་མཆིས་པ་ལབ་ལོའི་དབྱིབས་འདྲ་བ་བཞི་ཙམ་ས་ལ་འབྱར་ནས་སྐྱེ་ཞིང་། རྔོག་དབྱིབས་མེ་ཏོག་བང་རིམ་སྡོང་རྩེར་ཆགས། སྟུག་འདུས་མེ་ཏོག་ཐིའུ་ཤུན་ཅོང་གི་དབྱིབས། ནག་ཐིག་མང་པོ་སྟུག་པོར་ཆགས། མེ་ཏོག་འདོང་ཆ་སེར་སྐྱ་དང་། ཤུར་རིས་དམར་པོ་ཉུང་ཙམ་ལྡན། གས་འདབ་ཟླུམ་མམ་བསིལ་གཡབ་དབྱིབས། ཁ་དོག་ལི་དམར་ཡང་ན་དམར་པོའམ། དམར་སྐྱ་འབྲས་བུ་ཏིལ་གང་རྭ་ཡི་དབྱིབས། སོན་འབྲུ་སྒོ་ང་གོ་ལྡོག་གི་དབྱིབས་ལེབ་ཅིང་སྙོམས་པ། མཐའ་སྐོར་མདོག་དཀར་གཤོག་པ་ལྡན་པ་ཡིན།

རིགས་དབྱེ།  

མཁལ་ཞོ་དཀརཔོ།

མཁལ་མ་ཞོ་ཤ་ནི་སྲན་གཏོགས་མཁལ་མ་ཞོ་ཤ་ཁོངས་ཀྱི་འདེབས་གསོའི་རྒྱུད་གཉིས་པ་ཡིན། འཁྱུད་པའི་རང་བཞིན་ཅན་གྱི་སྲན་རིགས་རྩི་ཤིང་ཞིག་ཡིན་ལ་མཁལ་མ་ཞོ་ཤ་ནི་ས་བོན་ཡང་ཡིན། སྟོན་དུས་དང་དགུན་དུས་སུ་འཐུ་བསྡུ་བྱེད་པ་དང་ཡང་ན་དབྱར་དུས་སུ་སྲན་ལེབ་ནེམ་མོ་དེ་སྔོ་ཚལ་གྱི་ཚུལ་དུ་ཟོས་ཀྱང་ཆོག མཛེས་སྤྲས་བྱུག་རྫས་སུ་མཁལ་མ་ཞོ་ཤ་སྤྱོད་ཆོག

རིགས་དབྱེ།  

མེ་ཏོག་གངས་ལྷ།

མཚོ་ངོས་ལས་སྨི4200ནས་སྨི5500བར་གྱི་རི་མཐོའི་རྫ་རི་ལ་འཁྲུངས་བའི་མེ་ཏོག་ཅིག་གི་མིང་། སྨན་གཞུང་དུ་འདི་ལ་བྱ་རྒོད་སུག་པ་རུ་འབོད།

རིགས་དབྱེ།  

སྤང་རྒྱན་མེ་ཏོག

མཚོ་ངོས་ལས་སྨི4500ནས་སྨི5000བར་གྱི་མཐོའི་སྤང་ལྗོངས་ཁོ་ནར་འཁྲུངས་བའི་སྨན་རྩྭའི་རིགས་ཤིག་གོ། །

རིགས་དབྱེ།  

འཕང་མའི་མེ་ཏོག

འཕང་མའི་མེ་ཏོག་ནི་རིན་ཏུང་སྡེ་ཚན་གྱི་ལོ་མང་སྐྱེ་བའི་འཁྲི་ཤིང་གི་རིགས་ཤིག་ཡིན། མེ་ཏོག་གི་གང་བུ(འཕང་མའི་མེ་ཏོག)དང་འཁྲི་ཤིང(རིན་ཏུང་ཐུན)སྨན་དུ་འཇུག་པ་ཡིན། ཚ་བ་སྦྱོང་ཞིང་དུག་སེལ་བའི་ནུས་པ་ཡོད། གཙོ་བོ་ཚ་བའི་ནད་ཀྱིས་ཚ་རྒྱག་པ། རླུང་ཚད་ཆམ་པ། གྲེ་བའི་སྐྲངས་གཟེར། གློ་ཚད། རྒྱུ་གཟེར། རྨ་རུལ། གྱུར་དུག་སོགས་ཀྱི་ནད་ལ་ཕན་པ་ཡིན། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་འདེབས་འཛུགས་བྱེད་ཀྱིན་ཡོད་པ་དང་། འཕང་མའི་མེ་ཏོག་གི་བསྟུན་གཤིས་ཆེ་བས་གནམ་གཤིས་དང་ས་རྒྱུའི་ཐད་ལ་བླང་བྱ་ནན་མོ་མེད་ལ། གྲང་ངར་དང་ཚྭ་བུལ་བཟོད་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། རི་ཁུལ་དང་བདེ་ཐང་གཉིས་ཀར་འདེབས་འཛུགས་བྱེད་ཆོགརྩ་བ་གཏིང་ཟབ་ཅིང་རྩ་ལག་རྒྱས་པ་དང་། ས་རྒྱུ་སོབ་ཅིང་གཤིན་པོ་ཡིན་ལ་ཆུ་འབུད་ལེགས་པོ་ཡོད་པའི་ཉི་མ་གཏད་སར་སྐྱེ་འཚར་བཟང་བ་ཡིན།

རིགས་དབྱེ།  

ཀུ་མུ་ད།

ཀུ་མུ་ད་ནི་ཚ་བའི་ཁུལ་དུ་སྐྱེ་བའི་རྩི་ཤིང་མེ་ཏོག་དཀར་ཞིང་མཛེས་པ་ཞིག་གི་མིང་ཡིན་ཞིང་། མཚན་མོ་ཟླ་བ་ཤར་ཚེ་མེ་ཏོག་ཁ་འབྱེད་པ་དང་། ཉིན་མོ་མེ་ཏོག་ཁ་ཟུམ་པ་ཞིག་ཡིན།

རིགས་དབྱེ།