སྐྱེ་དངོས་དཔེ་འགྲེའི་རིག་པ།

སྐྱེ་དངོས་དཔེ་འགྲེའི་རིག་པ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཀྱི་ཆགས་གཞི་དང་གྲུབ་ཚུལ། ནུས་པ་སོགས་ཀྱི་ཁྱད་ཆོས་གཞི་བྱས་ཏེ། རྩ་བའི་རིག་པ་དེར་གཞིགས་ནས་སྒྲིག་ཆས་དང་ལག་ཆ་གསར་པ་གསར་གཏོད་བྱས་པ་དེ་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་མཐོ་རུ་འདེགས་བྱེད་ཀྱི་སྔོན་ཐོན་གྱི་ལག་རྩལ་ཞིག་ཡིན།

རིགས་དབྱེ།  

ཚེ་སྲོག

ཚེ་སྲོག་གི་གོ་དོན་ནི། བརྟན་ལྷིང་གི་སྤུས་ཚད་དང་ནུས་ཚད་བརྗེ་ཚབ་བྱེད་ལས་ལྡན་པ། ཕྱི་རོལ་གྱི་ཟུག་རེག་ལ་རྒོལ་ལན་སློག་ཐུབ་པ་དང་རྒྱུད་འཕེལ་གྱི་རང་བཞིན་ལྡན། ཚེ་སྲོག་ནི་ནུས་ཚད་ལས་བྱུང་བ་ཡིན་ལ། ནུས་ཚད་ནས་རྩི་ཤིང་དང་། རྩི་ཤིང་ནས་སྐྱེ་དངོས་ཕྲ་རབ། དེ་ནས་སྲོག་ཆགས་སོགས་རིམ་གྱིས་བྱུང་བ་ཡིན། བྱེ་བྲག་གི་ཚེ་སྲོག་ཚང་མར་སྐྱེས་པ་དང་འཚར་ལོངས། ཤི་བ་བརྒྱུད་དགོས།

རིགས་དབྱེ།  

མིས་བཟོས་སྐྱེ་ཁམས་མ་ལག

མིའི་རིགས་ཀྱི་བྱེད་སྒོ་གཙོར་བྱས་པའི་སྐྱེ་ཁམས་ཁོར་ཡུག་དང་མིའི་རེ་འདོད་ལྟར་འཛུགས་སྐྲུན་བྱས་པའི་སྐྱེ་ཁམས་མ་ལག་ལ་ཟེར།

རིགས་དབྱེ།  

བུ་རྒྱུད་གསལ་འབྱེད།

བུ་རྒྱུད་གསལ་འབྱེད་བྱེད་པ་ནི་རྒྱུད་འཛིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་ཀྱིས་ཕ་མ་དང་ཕྲུ་གུའི་བར་གདུང་རྒྱུད་ངོ་མ་ཡིན་མིན་གསལ་འབྱེད་བྱེད་པ་དེར་ཟེར།

རིགས་དབྱེ།  

ཆུ་སྐྱེས་སྐྱེ་དངོས།

ཆུ་སྐྱེས་སྐྱེ་དངོས་ནི་ད་ལྟའི་མིང་བརྡ་གསར་པ་ཞིག་ཡིན་ལ། ཆུ་རྒྱུ་སྣ་ཚོགས་ཁྲོད་གནས་པའི་སྐྱེ་དངོས་ཡོངས་ཀྱི་སྤྱི་མིང་ཡིན། ཆུ་སྐྱེས་སྐྱེ་དངོས་ལ་རིགས་ཧ་ཅང་མང་། སྐྱེ་དངོས་ཕྲ་རབ་དང་ཆུ་སྐྱེས་སྔོ་རིགས། རིམ་པ་མཐོ་གྲས་ཀྱི་རྩི་ཤིང་། སྒལ་ཚིགས་མེད་པའི་སྲོག་ཆགས་དང་སྒལ་ཚིགས་ཡོད་པའི་སྲོག་ཆགས་སོགས་ཡོད།

རིགས་དབྱེ།  

ཆུ་སྐྱེས་ཀྱི་སྐྱེ་ཁམས་མ་ལག

ཆུ་སྐྱེས་སྐྱེ་ཁམས་མ་ལག་ཁྱུ་ཚོགས་དང་ཆུའི་ཁོར་ཡུག་ཕན་ཚུན་བྱེད་ནུས། ཕན་ཚུན་ཚོད་འཛིན། དངོས་པོའི་འཁོར་རྒྱུག་དང་ནུས་ཚད་འཁོར་རྒྱུག་བྱས་པ་བརྒྱུད་གྲུབ་ཚུལ་དང་བྱེད་ནུས་ངེས་ཅན་གྱི་འགུལ་རྣམ་མ་ལག་ཅིག་མཉམ་དུ་གྲུབ་པ་དེར་ཟེར།

རིགས་དབྱེ།  

གཡུང་འདུལ།

མིའི་རིགས་ཀྱིས་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་རྣམས་བཏུལ་ནས་གཡུང་བབ་པས་ལོ་ཏོག་ཏུ་འདེབས་པ་དང་སྒོ་ཕྱུགས་སུ་གསོ་བ་དེར་གཡུང་འདུལ་ཟེར།

རིགས་དབྱེ།  

ཚིལ།

ཚིལ་རིགས་ནི་སྣུམ། ཚིལ། ཚིལ་འདྲའི་སྤྱི་མིང་ཡིན། ཟས་རིགས་ཁྲོད་ཀྱི་སྣུམ་ཚིལ་གཙོ་བོ་ནི་སྣུམ་དང་ཚིལ་ཡིན། སྤྱིར་བཏང་དུ་རྒྱུན་ལྡན་གྱི་དྲོད་ཚད་འོག་གི་ཚིལ་རིགས་གཤེར་གཟུགས་ཅན་ལ་སྣུམ་དང་སྲ་གཟུགས་ཅན་ལ་ཚིལ་ཟེར། ཚིལ་རིགས་ནིCགཞི་རྒྱུ་དངHགཞི་རྒྱུ། Oགཞི་རྒྱུ་ལས་གྲུབ་པ་ཡིན།

རིགས་དབྱེ།  

འཇུ་བྱེད་རྩབས།

འཇུ་བྱེད་རྩབས་ནི་འཇུ་བའི་བརྒྱུད་རིམ་ཁྲོད་ཞུགས་མཁན་འཇུ་བྱེད་རྩབས་ཀྱི་སྤྱི་མིང་ཡིན། སྤྱིར་བཏང་དུ་འཇུ་བྱེད་རྩབས་ཀྱི་ནུས་པ་ནི་ཆུ་འབྱེད་་པ་དེ་ཡིན། འཇུ་བྱེད་རྩབས་ལ་ལ་ཞིག་ནི་འཇུ་བྱེད་གཤེར་རྨེན་གྱིས་ཟགས་ཐོན་བྱེད་པ་ཡིན་ལ། ཕྲ་ཕུང་ནང་གི་འཇུ་བྱེད་བརྒྱུད་རིམ་ལ་ཞུགས་ཡོད།

རིགས་དབྱེ།  

འཕེལ་འགྱུར།

སྐྱེ་དངོས་རྣམས་དམའ་རིམ་ནས་མཐོ་རིམ་དུ་སྐྱེ་འཕེལ་ཡོང་བའི་གོ་རིམ་ལ་འཕོ་འགྱུར་རམ་འཕེལ་འགྱུར་ཟེར།

རིགས་དབྱེ།  

འོད་འཕྲོ་སྐྱེ་དངོས།

འོད་སྤྲོ་ཐུབ་པའི་སྐྱེ་དངོས་དེ་རིགས་ལ་འོད་འཕྲོ་སྐྱེ་དངོས་ཟེར།

རིགས་དབྱེ།  

རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ།

རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ་ནི་རྒྱུད་རྒྱུ་ལས་གྲྭའི་ལག་རྩལ་བཀོལ་ནས་ཕྱི་ཁུངས་རྒྱུད་རྒྱུ་རིགས་གཅིག་གམ་རིགས་འགའ་ངེས་གཏན་གྱི་སྐྱེ་དངོས་ཕུང་བོའི་ནང་རྒྱུ་སྤོར་ནས་ཐའེ་མང་པའམ་སྤྲི་དཀར་རྫས་མང་པའི་ཐོན་རྫས་ངེས་ཅན་ཞིག་གྲུབ་པ་དེར་ཟེར། བརྒྱུད་རིམ་འདིར་རྒྱུད་རྒྱུ་བསྒྱུར་བ་ཟེར། རྒྱུད་རྒྱུ་བསྒྱུར་བའི་སྐྱེ་དངོས་ལ་བརྟེན་ནས་ལས་སྣོན་ཐོན་སྐྱེད་བྱས་པའི་ཟས་རིགས་ལ་རྒྱུད་རྒྱུ་བསྒྱུར་བའི་བཟའ་བཅའ་ཟེར།

རིགས་དབྱེ།  

རྒྱུད་ཉམས་པ།

སྐྱེ་དངོས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཁ་ཤས་ཤིག་གི་དབང་པོ་ཇེ་ཆུང་དུ་གྱུར་ཏེ་གྲུབ་ཚུལ་སྟབས་བདེ་རུ་ཕྱིན་པ་དང་བྱེད་ལས་ཉམས་པའམ་གཏན་ནས་མེད་པར་གྱུར་ནས་ཇེ་ཞན་དུ་སོང་བ་ལ་ཟེར།

རིགས་དབྱེ།  

ལོ་རིས།

ཤིང་སྡོང་འཕྲེད་དུ་བཅད་ཚེ་དཀྱིལ་སྙིང་གཞི་བྱས་ཏེ་ཀོར་ཐིག་རིམ་བརྩེགས་སུ་ཡོད་པ་མཐོང་བ་དེར་ལོ་རིས་ཟེར། སྡོང་པོའི་ཤུན་ལྤགས་དང་ཤིང་རྒྱུའི་བར་དུ་ཨ་ལོང་དབྱིབས་སུ་ཆགས་ཡོད། ལོ་རིས་ནི་ཤིང་སྡོང་གི་ནང་ལོགས་ཆགས་རིམ་གྱི་རྒྱུ་འགུལ་ལ་ཕྱི་རོལ་ཡུལ་གྱི་རང་བྱུང་ནམ་ཟླའི་ཤུགས་རྐྱེན་ཐེབས་ནས་བྱུང་བ་ཡིན་ལ། སྤྱིར་བཏང་ཀོར་ཐིག་རིམ་པ་གཅིག་རེ་ལོ་གཅིག་རེའི་ནང་དུ་ཆགས་པ་རེད།

རིགས་དབྱེ།  

སྐམ་སྐྱེས་ཀྱི་སྐྱེ་ཁམས་མ་ལག

སའི་གོ་ལའི་སྐམ་སའི་སྐམ་སྐྱེས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཞི་གཅིག་གི་མ་ལག་དེར་ཟེར།

རིགས་དབྱེ།  

སྐྱེ་ཁམས་མ་ལག

སྐྱེ་ཁམས་མ་ལག་གི་བསྡུས་མིང་ལECOཟེར། དབྱིན་ཡིགecosystemབསྡུས་པ་ཡིན། རང་བྱུང་ཁམས་ནས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཅིག་གྱུར་གྱི་ཚོགས་སྤྱི་དང་། ཚོགས་སྤྱི་འདིས་ཁྲོད་དུ་སྐྱེ་དངོས་དང་ཁོར་ཡུག་གི་བར་ཕན་ཚུན་གྱི་ཤུགས་རྐྱེན་དང་ཕན་ཚུན་གྱི་ཚོད་འཛིན་སོགས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལྟོས་བཅས་ཀྱིས་དོ་མཉམ་འགུལ་སྐྱོད་དེ་བརྟན་པོ་ཡིན།

རིགས་དབྱེ།  

སྐྱེ་ཁམས་རིག་པ།

སྐྱེ་ཁམས་རིག་པ་ཞེས་པའི་ཐ་སྙད་ནི་འཇར་མན་གྱི་སྐྱེ་དངོས་རིག་པE.ཧའེ་ཁུ་ཨེར་གྱིས་སྤྱི་ལོ1869ལོར་བཏོན་པ་ཡིན་ལ། དེ་ནི་སྐྱེ་དངོས་ཀྱི་ཁོར་ཡུག་དང་སྐྱེ་དངོས་ཕན་ཚུན་བར་གྱི་འབྲེལ་བ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

སྐྱེ་དངོས་ཀྱི་བཙན་འཛུལ།

སྐྱེ་དངོས་ཀྱི་བཙན་འཛུལ་ཞེས་པ་ནི་སྐྱེ་དངོས་ག་གེ་མོ་ཞིག་ཡུལ་ཕྱི་ནས་རང་བྱུང་ངམ་རྩོལ་བྱུང་གི་ཤུགས་ཀྱིས་ཚུར་མཆེད་ནས་རི་སྐྱེའི་རྣམ་པར་གྱུར་པ་དང་། དེ་ནས་རང་ཡུལ་གྱི་སྐྱེ་ཁམས་མ་ལག་ལ་གནོད་འཚེ་ངེས་ཅན་ཐེབས་པའི་སྣང་ཚུལ་ལ་ཟེར།

རིགས་དབྱེ།  

སྐྱེ་དངོས་ཀྱི་སའི་གོ་ལའི་རྫས་འགྱུར་འཁོར་རྒྱུག

སྐྱེ་དངོས་ཀྱི་སའི་གོ་ལའི་རྫས་འགྱུར་འཁོར་རྒྱུག་ལ་ཆུའི་འཁོར་རྒྱུག་དང་། ཐཱན་གྱི་འཁོར་རྒྱུག ནཱ་ཡི་འཁོར་རྒྱུག ཧྥོའི་འཁོར་རྒྱུག མུ་ཟིའི་འཁོར་རྒྱུག དེ་བཞིན་དུ་འབྱུང་རྒྱུ་དང་འདྲེས་སྦྱོར་དངོས་རྫས་གཞན་དག་གི་འཁོར་རྒྱུག་བཅས་ཡོད། སྐྱེ་དངོས་ཀྱི་སའི་གོ་ལའི་རྫས་འགྱུར་འཁོར་རྒྱུག་ཅེས་པ་ནི་སྐྱེ་དངོས་ལ་དགོས་པའི་རྫས་འགྱུར་གྱི་འབྱུང་རྒྱུ་དེ་སྐྱེ་དངོས་ཀྱི་ཕུང་པོ་དང་ཕྱིའི་ཁོར་ཡུག་བར་དུ་རྒྱུ་བའི་གོ་རིམ་ལ་ཟེར།

རིགས་དབྱེ།  

སྐྱེ་དངོས་གློག

སྐྱེ་དངོས་ཀྱི་དབང་པོ་དང་ཕུང་གྲུབ། ཕྲ་ཕུང་ཚེ་སྲོག་གི་འགུལ་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུ་བྱུང་བའི་གློག་གནས་དང་སྣེ་གཤིས་འགྱུར་ལྡོག དེ་ནི་ཚེ་སྲོག་གི་འགུལ་སྐྱོད་རྒྱུད་རིམ་ཁྲོད་ཀྱི་དངོས་ལུགས། དངོས་ལུགས་ནས་རྫས་འགྱུར་ལ་འགྱུར་འབྱུང་བྱེད་པའི་རྒྱུན་ལྡན་གྱི་སྐྱེ་ལུགས་འགུལ་སྐྱོད་ཀྱི་སྣང་ཚུལ་ཞིག་ཡིན་ལ་སྐྱེ་དངོས་ཕུང་གྲུབ་གསོན་པོའི་གཞི་རྩའི་ཁྱད་ཆོས་ཡིན།

རིགས་དབྱེ།  

སྐྱེ་དངོས་ཆུ་ཚོད།

སྐྱེ་དངོས་ཆུ་ཚོད་ལ་སྐྱེ་ལུགས་ཅོང་ཡང་ཟེར། དེ་ནི་སྐྱེ་དངོས་ཀྱི་ཕུང་པོའི་ནང་གི་གཟུགས་མེད་ཀྱི་ཆུ་ཚོད་ཅིག་ཡིན། དོན་དངོས་ཐོག་དེ་ནི་སྐྱེ་དངོས་ལུས་རྟེན་གྱིས་ཚེ་སྲོག་བྱེད་སྒོ་སྤེལ་རྒྱུའི་ནང་ངོས་ཀྱི་འགྲོས་ཡིན་ཏེ། སྐྱེ་དངོས་ཀྱི་ཕུང་པོའི་ནང་གི་དུས་ཚོད་གྲུབ་ཚུལ་དུས་རིམ་གྱིས་ཐག་གཅོད་ཀྱི་ཡོད།

རིགས་དབྱེ།  

སྐྱེ་དངོས་མུ་ཁྱུད།

སའི་གོ་ལའི་སྟེང་གི་སྐྱེ་དངོས་རིགས་ས་ཡ་དུ་མ་ལས་མང་ཆེ་ཤས་མཚོའི་གོང་འོག་སོ་སོར་སྨི100ཡས་མས་ཀྱི་ཁྱབ་ཁོངས་སུ་འཚོ་ཞིང་གནས་ལ། སྐྱེ་དངོས་གནས་སའི་ཡུལ་དེ་ལ་སྐྱེ་དངོས་མུ་ཁྱུད་ཅེས་ཟེར།

རིགས་དབྱེ།  

སྐྱེ་དངོས་མུ་འཁྱུད2པ།

སའི་གོ་ལ་ཉིད་སྐྱེ་དངོས་མུ་ཁྱུད1པོ་ཡིན་པར་ཆ་བཞག་ནས་མིང་བཏགས་པའི་སྐྱེ་དངོས་མུ་ཁྱུད2པ་ནི་ཨ་རིའི་ཡཱ་ལི་སང་ནཱ་ཀྲོའུ་མངའ་སྡེའི་མྱ་ངམ་ཐང་ལ་བཏབ་ཡོད། དེ་ནི་མིའི་རྩོལ་བས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལད་བཟོ་བྱས་པའི་བཀག་རྒྱ་བསྡམས་པའི་ཉམས་ལེན་ཁང་ཆེན་པོ་ཞིག་ཡིན་ལ། མིང་གཞན་སའི་གོ་ལ་ཆུང་ངུ་འམ་མིག་དམར་མི་སེར་སྤེལ་ཡུལ་གྱི་མ་དཔེ་ཡང་ཟེར།

རིགས་དབྱེ།  

སྐྱེ་དངོས།

རྩི་ཤིང་དང་རྩྭ་ལྡུམ། རི་དྭགས། འདབ་ཆགས། ཉ་འབུ། འགྲོ་བ་མི་ལ་སོགས་པ་རང་བྱུང་ཁམས་ཀྱི་སྲོག་དང་ལྡན་པའི་ལུས་ཅན་ཐམས་ཅད་ཀྱི་སྤྱི་མིང་ལ་སྐྱེ་དངོས་ཟེར།

རིགས་དབྱེ།  

ཁུ་ལུང་ལག་རྩལ།

ཁུ་ལུང་ནི་རྒྱ་སྐད་ཀྱི克窿དང་དབྱིན་སྐད་ཀྱིcloneཞེས་པའི་འགྱུར་མིང་ཡིན་པ་དང་། མཚན་མ་མེད་པའི་སྐྱེ་འཕེལ་གྱི་དོན་ཡིན། རང་བྱུང་ཁམས་སུ་རྩི་ཤིང་དང་སྲོག་ཆགས། སྐྱེ་དངོས་ཕྲ་རབ་མང་པོ་ཁུ་ལུང་གྱི་བྱེད་ལས་ཅན་ཡིན།

རིགས་དབྱེ།  

ཁྲག་ཁྲོག་པ།

ལོ་གཉིས་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཆུང་ཞིང་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་མ་སྔོ་ལྗང་གཙག་བུའི་དབྱིབས་ལྡན་རྒྱབ་ཅུང་སྐྱ་ལ་མཐར་ཉག་ག་ཡོད་པ། ཐོག་མར་གསར་སྐྱེས་རྣམས་པདྨའི་དབྱིབས་ལྟར་སྐྱེ་ཞིང་། སྡོང་པོ་ལྗང་སྐྱ་ཕྲ་ཞིང་ཐུང་བ་ཡལ་ག་ཅན། ས་ལ་ཁྲད་པོར་སྐྱེས་ནས་རྒས་ཚེ་སྨུག་པོར་གྱུར་པ། སྡོང་པོ་དང་ཡལ་གའི་ལོ་མ་ཆུང་ཞིང་རེས་མོས་སུ་སྐྱེ་བར་ངར་བ་མེད་པ། མེ་ཏོག་དཀར་པོ་ཆུང་ངུ་དམར་མདངས་ཅུང་ཟད་ཡོད་པ་རྒྱ་གྲམ་མེ་ཏོག་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། འབྲུ་གུ་དམར་སྨུག་ཟུར་གསུམ་ཞིབ་ལ་མང་བ་ཡོད་པ་དེའོ༎

རིགས་དབྱེ།  

བཙན་དུག

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་ཕྱི་པགས་དུད་མདོག་ལ་ཆེ་ཆུང་མཐེ་བོང་ཙམ་ཡོད་པའམ་རེ་འགའ་དེ་ལས་ཆེ་བའང་ཡོད་ཅིང༌། ནང་དཀར་སེར་ནག་ཤས་ཅན་གྱི་སྟོད་ཆ་སྦོམ་པ་ནས་རིམ་བཞིན་ཕྲ་རུ་སོང་བ་དང་རྩ་བ་གསར་རྙིང་མགོ་སྦྲེལ་ནས་ཡོད་པ། ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་སྒོར་བར་རྒྱབ་ལྗང་སྐྱ་སྦར་དབྱིབས་ལྟ་བུའི་ཉག་ཆེན་ཡོད་ཅིང༌། ཉག་ག་རེ་རེའི་མཐར་ཉག་ཅུང་སོག་ལེའི་སོ་འདྲ་བ་སྐྱེས་ཤིང་ངར་པ་རིང་བ་ཁ་ཤས་གཞི་རྩ་ནས་མཉམ་དུ་སྐྱེ་བ། སྡོང་པོ་སྔོན་པོ་ཅུང་སྦོམ་ལ་རིང་ཞིང་འདྲོང་བ་སྤྱིར་བཏང་ཆིག་སྐྱེས་ཡལ་ག་མེད་པ་གཞི་རྩའི་མེ་ཏོག་གི་ཁ་དོག་ལ་སྔོ་ཤས་དང༌། སེར་ཤས། དཀར་ཤས། ནག་ཤས་བཅས་ལ་དབྱིབས་པུ་ཤུད་ཀྱི་མགོའམ་བྱ་མགོ་འདྲ་བ་སྡོང་པོའི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་ཞིང༌། སྐམ་ཚགས་འབྲས་བུ་ཟུར་ཡོད་པའི་ནང་འབྲུ་སེར་ནག་ཆུང་ལ་ཞིབ་པ་མང་པོ་ཡོད་པ་དེའོ༎

རིགས་དབྱེ།  

འཛིན་པ་ཟླ་བྲལ།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་ཕྱི་པགས་དུད་མདོག་ལ་ཆེ་ཆུང་མཐེ་བོང་ཙམ་ཡོད་པའམ་རེ་འགའ་དེ་ལས་ཆེ་བའང་ཡོད་ཅིང༌། ནང་དཀར་སེར་ནག་ཤས་ཅན་གྱི་སྟོད་ཆ་སྦོམ་པ་ནས་རིམ་བཞིན་ཕྲ་རུ་སོང་བ་དང་རྩ་བ་གསར་རྙིང་མགོ་སྦྲེལ་ནས་ཡོད་པ། ལོ་མ་སྔོ་ལྗང་སྣུམ་ལ་འཇམ་ཞིང་སྒོར་བར་རྒྱབ་ལྗང་སྐྱ་སྦར་དབྱིབས་ལྟ་བུའི་ཉག་ཆེན་ཡོད་ཅིང༌། ཉག་ག་རེ་རའི་མཐར་ཉག་ཅུང་སོག་ལེའི་སོ་འདྲ་བ་སྐྱེས་ཤིང་། ངར་པ་རིང་བ་ཁ་ཤས་གཞི་རྩ་ནས་མཉམ་དུ་སྐྱེ་བ། སྡོང་པོ་སྔོན་པོ་ཅུང་སྦོམ་ལ་རིང་ཞིང་འདྲོང་བ། མེ་ཏོག་བང་རིམ་དུ་འཆར་ཞིང༌། སྐམ་ཚགས་འབྲས་བུ་ཟུར་ཡོད་པའི་ནང་འབྲུ་སེར་ནག་ཆུང་ལ་ཞིབ་པ་མང་པོ་འདོགས་པ་དེའོ༎

རིགས་དབྱེ།  

ཟིན་ཏིག་དཀར་མོ།

ལོ་གཅིག་གམ་ལོ་གཉིས་ལ་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། ངར་པ་དམར་སྨུག་མཐོ་ཚད་སྨི0.1-0.25ཙམ་ཟིན་པ། ངར་པའི་སྨད་ཆར་ལོ་མ་ལྗང་གུ་འཇམ་ལ་མཉེན་པ་ལྕེ་དབྱིབས་རེས་མོས་སྐྱེ་བ་དང་། རིམ་བཞིན་ངར་པའི་སྟོད་ཆར་ལོ་མ་ལྗང་སེར་དང་། སེར་སྐྱ་རྩེ་རྣོ་བ་སྤུ་འཇམ་ཅན་ཕྱོགས་བཞི་ནས་རེས་མོས་བརྩེགས་པ་ལྟར་སྐྱེས་པས་དབྱིབས་གྲུ་བཞི་ལྟ་བུ་ལ། དེ་དག་གི་གསེང་ནས་མེ་ཏོག་དཀར་པོ་ཁ་གདང་བ། ཞིམ་ཐིག་གི་མེ་ཏོག་འདྲ་བ་མང་པོ་བཞད་པ་དེའོ༎

རིགས་དབྱེ།  

བྱར་པན་ཆུ་རྩི།

​ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། མཚོ་ངོས་ལས་སྨི3500-4000བར་གྱི་རང་རྒྱལ་དང་རྒྱ་གར་སོགས་ཀྱི་ནགས་ཁུལ་གྱི་སྲིབ་དང་། བོད་ཀྱི་མེ་ཏོག མཚོ་སྣ། རྫ་ཡུལ། སྨན་གླིང་སོགས་སྲིབ་ཀྱི་གཡའ་ཤག་དང་ཤིང་གསེབ། སྤང་སོགས་གང་སར་སྐྱེ་བ། རྩ་བ་བྱི་བའི་མཇུག་མ་འདྲ་བ་ལ་ཁ་སྤུ་མང་པོས་ཁྱབ་པ། མཐོ་ཚད་སྨི0.3-1.2ཙམ་ཟིན་པའི་ངར་པ་ལྗང་དཀར་སྤུ་འཇམ་ཅན་མང་པོ་དྲང་པོར་སྐྱེ་བའི་ངོས་སུ་ལོ་མ་ལྗང་སྨུག་རྒྱབ་ལྗང་སེར་ཕྲ་ལ་རིང་བ། དབྱིབས་སྙ་ལོའི་ལོ་མ་འདྲ་བ་རེས་མོས་སུ་སྐྱེ་བ། སྟོད་ཆར་ལོ་མའི་མཆན་ཁུང་ནས་མེ་ཏོག་ཟིང་དམར་གོས་མེད་རྐང་སྦུབ་ཅན་འདབ་མ་བཞི་པ་གེ་སར་གསུམ་བཞི་ཙམ་མངོན་ནས་བཞད་པ་དེའོ༎

རིགས་དབྱེ།