ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས། >ཤིང་རིགས།

འདབ་པའི་སྦྱར་ལྕང་ནགས་ཚལ།

འདབ་པའི་སྦྱར་ལྕང་ནགས་ཚལ་གྱི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་འདབ་པ་རྫོང་གི་གྲོང་ཁུལ་ཉེ་འདབས་ཀྱི་འདབ་པའི་ཆུ་མིག་གྲམ་ཁ་ལ་གནས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3600ཡོད་ལ། རྒྱ་ཁྱོན་མུའུ་ཁྲི་གཅིག་ལྷག་ཡོད་པ་དང་དེ་ནི་སི་ཁྲོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་སྦྱར་ལྕང་ནགས་ཚལ་ཡིན།

རིགས་དབྱེ།  

བུར་ཤིང་།

བུར་ཤིང་ནི་ཚ་རྒྱུད་དུ་ཡོད་པའི་རྩྭ་རིགས་རྩི་ཤིང་ཞིག་ཡིན། སྡོང་རྐང་ཧ་ཅང་ཆེ། རྐང་ཡུའི་མཐོ་ཚད་ལ་སྨི་གསུམ་ནས་ལྔ་ཡོད། ཚངས་ཐིག་ལ་ལི་སྨི་གཉིས་ནས་བཞི་ཡོད། དེ་ལ་ཚིགས་རྐང་ཉི་ཤུ་ནས་བཞི་ཅུ་ལྷག་ཡོད། ངག་རྒྱུན་ལ་བུར་ཤིང་རྩད་པ་རྙིང་པ་མངར། ཅི་ཙམ་རྙིང་ན་དེ་ཙམ་སྨིན་ཞེས་བཤད་པ་དང་། འདིས་བུར་ཤིང་གི་རྩད་པར་མངར་ཆ་ཆེ་བ་མཚོན།

རིགས་དབྱེ།  

རྒྱ་ལྕང་།

ལོ་སྐྱུར་སྡོང་ཕྲན་ཞིག་ཡིན། ཡལ་ཕྲན་རབ་ཏུ་རྒྱས། ལྕུག་ཕྲན་ཕྲ་ཞིང་རིང་ལ་ཐུར་དུ་འཕྱང་འདུག ལོ་ལྷེབ་ནར་བ་རལ་གྲིའི་དབྱིབས་སམ་མཐའ་དོག་རལ་གྲིའི་དབྱིབས་ཡིན། མཐའ་ན་སོག་ལེ་ཁ་ཞིབ་མོ་སོ་འདྲ་མཆིས་པ་དང་། འོག་ངོས་ཐལ་དཀར་ཡིན།

རིགས་དབྱེ།  

ལོ་མ་དམར་པོ།

ལོ་མ་དམར་པོ་ལག་མཐིལ་གྱི་ཆེ་ཆུང་ཡོད་ལ་གས་ཀ་ལྔ་རུ་གས་ཡོད། རིང་ཐུང་ལི་སྨི13ཡོད། དཀྱིལ་དབུས་སྙིང་གཟུགས་ཡིན། དབྱར་དཔྱིད་ཀྱི་སྐབས་སུ་ལོ་མ་ལྗང་མདོག་ཡིན་པ་དང་སྟོན་ཁར་ལོ་མའི་ནང་གི་ལྗང་མདོག་རྒྱུ་ཇེ་ཉུང་དུ་སོང་ནས་ལོ་མའི་མདོག་དམར་པོ་ཡིན།

རིགས་དབྱེ།  

སྟག་པ་ཤིང་།

ལོ་སྐྱུར་གྱི་ཤིང་སྡོང་ཞིག་ཡིན་པ་དང་། མཐོ་ཚད་ལ་སྨི་བཅུ་ནས་ལྔ་བཅུ་ཙམ་ཡོད། སྡོང་ཤུན་དཀར་པོ་གས་སྲུབ་མེད་པ་མ་ཟད། ལྕུག་ཕྲན་དམར་ནག་དང་རྨེན་ཐིག་ཡོད་པ། ལོ་མ་རྐྱང་བ་ཡ་སྡེབ་ཏུ་སྐྱེ་བ་དང་མཐའ་ཆེའི་སྒོང་དབྱིབས་སམ་ཟུར་གསུམ་སྒང་དབྱིབས་ཡིན་པ་མ་ཟད། མེ་ཏོག་ཕོ་མོ་སྡོང་རྐང་གཅིག་ཏུ་ཆགས་པ་དང་ཐིའུ་དབུས་མེ་ཏོག་ཆུན་པོ་ཅན་ཡིན།

རིགས་དབྱེ།  

སྟར་ཀ

སྟར་ཀ་ནི་སྡོང་པོ་རིང་བའི་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་སྦོམ་ལ་རིང་ཞིང་རྒྱས་པ་པགས་མདོག་སྐྱ་ལ་འཇམ་པ་རྒས་ཚེ་པགས་པ་ཁ་གས་ཤིང་ཡལ་ག་དང་ཡལ་ཕྲན་མང་བ་དང་། ལོ་མའི་མདུན་ལྗང་ནག རྒྱབ་ལྗང་དཀར་དཀྱུས་རིང་ལ་ཞེང་ཅུང་ཆེ་བ་ངོས་འཇམ་འོད་མདངས་ལྡན་ཞིང་མཐའ་མཉམ་པ་ངར་བ་རིང་ལ་རྩ་རིས་གསལ་བ་སྒྲོ་དབྱིབས་ཅན་གྱི་མང་ལོ་ཡིན་པ་དང་། ལོ་ལྷེབ་གཡས་གཡོན་ལ་གསུམ་རེ་དང་དབུས་སུ་གཅིག་བཅས་སྤྱིར་བཏང་མང་ཆེ་བར་བདུན་རེ་ཡོད།

རིགས་དབྱེ།  

སྨྱུག་མ།

སྨྱུག་མ་ནི་སྐྱེས་ཚད་ཧ་ཅང་མགྱོགས་པའི་རྩ་རིགས་ཁོངས་གཏོགས་ཀྱི་སྙེ་མ་ཅན་གྱི་རྩི་ཤིང་ཡིན་ཏེ། དེ་ལ་རིགས་མི་འདྲ་བ་སྟོང་གཅིག་ལྷག་ཡོད། གཟུགས་ཆེས་ཐུང་བ་ལ་ལི་སྨི་བཅུ་ནས་བཅོ་ལྔ་ཡོད་ལ། གཟུགས་ཆེས་མཐོ་བ་ལ་སྨི་བཞི་བཅུའི་ཡན་ཆད་ཡོད། སྡོང་རྐང་ལ་ཚིགས་མང་པོ་ཡོད་པ་དང་ལོ་མ་ཕྲ་ཞིང་རིང་བའི་རྩ་རིགས་རྩི་ཤིང་ཞིག་ཡིན།

རིགས་དབྱེ།  

སྟར་ཀ

སྟར་ཀ་ནི་སྡོང་པོ་རིང་བའི་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། སྡོང་པོ་སྦོམ་ལ་རིང་ཞིང་རྒྱས་པ་པགས་མདོག་སྐྱ་ལ་འཇམ་པ་རྒས་ཚེ་པགས་པ་ཁ་གས་ཤིང་ཡལ་ག་དང་ཡལ་ཕྲན་མང་བ་དང་། ལོ་མའི་མདུན་ལྗང་ནག རྒྱབ་ལྗང་དཀར་དཀྱུས་རིང་ལ་ཞེང་ཅུང་ཆེ་བ་ངོས་འཇམ་འོད་མདངས་ལྡན་ཞིང་མཐའ་མཉམ་པ་ངར་བ་རིང་ལ་རྩ་རིས་གསལ་བ་སྒྲོ་དབྱིབས་ཅན་གྱི་མང་ལོ་ཡིན་པ་དང་། ལོ་ལྷེབ་གཡས་གཡོན་ལ་གསུམ་རེ་དང་དབུས་སུ་གཅིག་བཅས་སྤྱིར་བཏང་མང་ཆེ་བར་བདུན་རེ་ཡོད།

རིགས་དབྱེ།  

གེ་སར།

མོ་ལྕམ་སྡེ་ཡི་ལོ་སྐྱུར་ལྗོན་ཤིང་དཔའ་སྡོང་ཟེར་བ་དང་། སྡོང་ཤུན་ཐལ་མདོག་སྡོང་ཕྲན་དང་སྡོང་རྒན་ཡལ་ག་སྦོམ་ཅིང་མཐའ་དག་ལ་སྦོམ་ཞིང་ཐུང་བའི་སྙུང་རིལ་འདྲ་བའི་ཚེར་མ་མཁྲེགས་པོ་མངའ་བ། རྟིང་བའི་ཆ་ན་ལྷག་ཏུ་མང་། ཡལ་གའི་ལྡེབས་སུ་ཐོག་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པ། ཤིང་ལོ་སྟར་གའི་སྡོང་བོ་དང་འདྲ། མེ་ཏོག་གི་མདོག་དམར་རམ་ལི་དམར་ཡིན་པ་འདབ་མ་ལྔ་སྟེ་ཤ་ཡི་རྒྱུ།

རིགས་དབྱེ།  

ཅུ་ལི་ཆུང་།

ག་བུར་སྡེ་ཡི་ཤིང་སྡོང་ཞིག་སྟེ། སྡོང་པོའི་མཐོ་ཚད་སྨི4ལ་སླེབས་པ། ཡལ་ག་ཆུང་དུས་གྲུ་བཞིའི་དབྱིབས་ཡིན་པ་དང་། ཡལ་ག་རྒས་དུས་ཀ་ཟླུམ་དབྱིབས་ཡིན། སྡོང་པོ་སྐྱ་སྨུག་སྐྱེ་གནས་དབང་གིས་ཆེ་ཆུང་སྣ་ཚོགས་ཡོད་ལ་ཡལ་ག་དང་ཡལ་ཕྲན་མང་བ་དང་། སྔོན་ལ་མེ་ཏོག་འཆར་བ་དང་རྗེས་སུ་ལོ་མ་སྐྱེས་པ་ཡིན།

རིགས་དབྱེ།  

ཁམ་བུ་དཀར་པོ།

ཁམ་བུ་དཀར་པོ་ནི་རྗེན་སོན་རྩི་ཤིང་རིགས་ཀྱི་ཁམ་བུ་དཀར་པོའི་ཚན་ལ་གཏོགས་པ་དང་། དེ་ནི་ལོ་ལྷུང་སྡོང་རིང་ཤིང་ཆེན་ཡིན། ཁམ་བུ་དཀར་པོའི་རྩ་བ་ཤིན་ཏུ་རྒྱས་པ་དང་གཏིང་ཟབ་སར་ཟུག་ཡོད། དེ་སྐྱེ་འཚར་ཡོང་རྒྱུ་ཧ་ཅང་དལ་པོ་ཡོད། ཁམ་བུ་དཀར་པོ་ནི་ཕོ་མོའི་སྡོང་རྐང་ཁ་ཁ་ཡིན་པའི་རྩི་ཤིང་ཡིན་པ་དང་། དེའི་ས་བོན་ཟླ10པའི་ནང་དུ་སྨིན་གྱི་ཡོད་ཅིང་། འབྲས་བུ་ནི་ཁམ་བུ་དང་འདྲ་བས་མིང་ལ་ཁམ་བུ་དཀར་པོ་ཞེས་ཐོགས་པ་རེད།

རིགས་དབྱེ།  

གསེར་མེ་ཇ་ཤིང་།

གསེར་མེ་ཇ་ཤིང་ནི་ཀྲུང་གོའི་རྩི་ཤིང་རྩ་ཆེའི་རིགས་ཡིན་ལ་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རྩི་ཤིང་དཀོན་པོའི་རིགས་ཡིན། སོན་བཏུམས་རྩི་ཤིང་གི་ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྡེའི་བྲག་ཇ་ཤིང་གི་ཚན་ལ་གཏོགས།

རིགས་དབྱེ།  

ཆུ་ཐང་ཤིང་།

ཆུ་ཐང་ཤིང་ནི་རྩ་ཆེ་བའི་རྩི་ཤིང་དཀོན་པོ་ཞིག་ཡིན་པ་དང་། རྗེན་སོན་རྩི་ཤིང་གི་ཐང་ཤིང་ཚན་གྱི་ཆུ་ཐང་ཤིང་སྐོར་ལ་གཏོགས།

རིགས་དབྱེ།  

བག་ལེབ་ཤིང་།

བག་ལེབ་ཤིང་ནི་དུས་བཞིར་ལྗང་ཁ་རྒྱས་པའི་སྡོང་རིང་ཤིང་ཆེན་ཞིག་ཡིན་པ་དང་དར་ཤིང་གི་ཚན་ལ་གཏོགས། སྡོང་ཤུན་རྩུབ་ཅིང་མཐུག ཁ་དོག་དམར་སྐྱ་ཡིན། འབྲས་བུར་བག་ལེབ་ཀྱི་དྲི་དང་མཚུངས་པས་བག་ལེབ་ཤིང་ཞེས་ཐོགས་པ་རེད། ཚ་ཁུལ་ས་ཆར་ཁྱབ་པའི་ལྗོན་ཤིང་ཡིན།

རིགས་དབྱེ།  

ཤིང་སྡོང་།

སྤྱིར་སྡོང་རིང་ངམ་ཤིང་སྡོང་ལ་སྡོང་པོ་ཟེར། སྡོང་པོར་མངོན་གསལ་གྱིས་ཀེར་རེར་ལངས་པའི་གཙོ་རྐང་དང་སྡོང་རྐང་གཟུགས་པོ་ཆེ་བ། ཡལ་ག་གྱེས་པ་ས་ངོས་དང་བར་ཐག་ཅུང་མཐོ་བ། ཡལ་འདབ་སྟུག་པོ་ཞིག་ཆགས་ཐུབ། སྡོང་པོར་རིགས་མང་པོ་ཡོད་པ་སྟེ་དུས་རྒྱུན་གཟུགས་ཅུང་ཆེ་བའི་སྡོང་ཐུང་ལ་ཡང་སྡོང་པོ་ཟེར།

རིགས་དབྱེ།  

ཤིང་གུང་ཐུང་།

ཤིང་གུང་ཐུང་ནི་སོན་བཏུམས་རྩི་ཤིང་གི་ལོ་མ་ཟུང་ལྡན་རྩི་ཤིང་སྡེའི་ཤིང་གུང་ཐུང་ཚན་ལ་གཏོགས་པ་དང་། བསྐལ་བ་གསུམ་པའི་དུས་སུ་ཤིང་གུང་ཐུང་དེ་འཛམ་གླིང་གི་ས་ཁུལ་ཁག་ཅིག་ཏུ་རྒྱ་ཆེན་པོར་ཁྱབ་ཡོད་མོད་ཀྱང་། འཁྱགས་ཀླུང་བསྐལ་བ་བཞི་པའི་ཤུགས་རྐྱེན་གྱི་དབང་གིས་མང་ཆེ་བ་རྩ་སྟོངས་སུ་སོང་བ་རེད། ད་ལྟ་ཀྲུང་གོའི་ས་ཆ་ཉུང་ཤས་ཤིག་ཏུ་མ་གཏོགས་སྐྱེ་མེད།

རིགས་དབྱེ།  

ནྱ་གྲོ་ངྷ།

ནྱ་གྲོ་ངྷ་ནི་བོད་སྐད་ལ་རྐང་མང་ངམ་ཆུ་ཞེང་གབ་པ། ཡང་དཔང་མཉམ་ཞེས་བྱ་ལ། དེའི་ས་བོན་ཡུངས་དཀར་གྱི་བཞི་ཆ་ཙམ་ཡིན་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བ། མཐོ་དམན་ཚད་མཉམ་པ་བཅས་འཕེལ་སྟོབས་ཧ་ཅང་ཆེ་བའི་ཤིང་ཞིག

རིགས་དབྱེ།  

ཀིམ་པའི་འབྲས།

དུག་ཤིང་ཀིམ་པ་ཀའི་འབྲས་བུ་སྟེ། དེ་ལྟ་ན་སྡུག་ཅིང་རོ་མངར་བ་ཞིག་ཡིན་ལ། ཟོས་པས་དུག་གིས་གཙེས་ཏེ་འཆི་འགྲོ་བར་གྲགས།

རིགས་དབྱེ།  

ཏཱ་ལ།

ཤིང་ཏཱ་ལ་སྟེ་རྩེ་མོ་བཅད་ནས་སླར་མི་སྐྱེ་བ་དང་ལོ་མ་ལ་ཡི་གེ་འབྲི་ཆོག་པའི་ཤིང་ཞིག་གི་མིང་།

རིགས་དབྱེ།  

ཝནྟུ་ཛི་བ།

རྩ་ལག་འཚོ་ཞེས་པ་སྟེ། མེ་ཏོག་དམར་པོ་ཛཱ་ཏིའི་མེ་ཏོག་ལྟ་བུ་ཡིན་པར་བཤད་ཅིང་། འགའ་ཞིག་ཏུ་ཛཱ་ཏིའི་མེ་ཏོག་ལྟ་བུ་ཡིན་པར་བཤད་ཅིང་། འགའ་ཞིག་ཏུ་ཛཱ་ཏིའི་མེ་ཏོག་ཡིན་ཡང་ཟེར་ལ། བན་ངྷུ་ཛི་བ་ཀ་ཞེས་ཀྱང་བྱའོ།

རིགས་དབྱེ།  

རྒྱ་ཤུག

མཚོ་ངོས་ལས་སྨི2900ནས་སྨི4400བར་གྱི་ཡུལ་གར་ཡང་ཡོད་པ། ཕལ་ཆེར་ཉིན་གྱི་རི་དང་། སྤང་། ས་ཁྲེབ། བྲག་སོགས་སུ་འཁྲུངས། ཤིང་སྡོང་གི་མཐོ་ཚད་སྨི7ནས་སྨི12ཙམ་ཟིན་པའི་ཤིང་སྡོང་གི་རིགས་ཤིག

རིགས་དབྱེ།  

རྒྱ་ཤུག

མཚོ་ངོས་ལས་སྨི2900ནས་སྨི4400བར་གྱི་ཡུལ་གར་ཡང་ཡོད་པ། ཕལ་ཆེར་ཉིན་གྱི་རི་དང་། སྤང་། ས་ཁྲེབ། བྲག་སོགས་སུ་འཁྲུངས། ཤིང་སྡོང་གི་མཐོ་ཚད་སྨི7ནས་སྨི12ཙམ་ཟིན་པའི་ཤིང་སྡོང་གི་རིགས་ཤིག

རིགས་དབྱེ།  

རྫབ།

རྫབ་ཅེས་པ་ནི་ཤིང་རིགས་ཀྱི་སྡོང་པོ་དང་། ཡལ་ག་རྩ་བ་བཅས་ལས་བྱུང་བའི་ཤིང་དེའི་ངོ་བོ་འགྱུར་ཏེ་ལྦ་བའི་རིགས་ཀྱི་ནང་ནས་རྩ་ཆེ་ཞིང་རིན་ཐང་ཆེ་བའི་ཆ་ཤས་དེ་ཡིན།

རིགས་དབྱེ།  

ཆུ་ཤིང་།

ཆུ་ཤིང་ནི་འབྲས་བུ་ཐེངས་གཅིག་སྐྱེས་རྗེས་སྐམ་པའི་ཤིང་ཞིག

རིགས་དབྱེ།  

འཁྲི་ཤིང་དམར་པོ།

འཁྲི་ཤིང་དམར་པོ་ནི་འཁྲི་ཤིང་ཚན་གྱི་སྦ་དམར་འཁྲི་ཤིང་གི་ཁོངས་སུ་གཏོགས་པའི་རྩི་ཤིང་ཞིག་ཡིན་ཞིང་། འཁྲི་ཤིང་གི་རིང་ཚད་ལ་སྨི་བཅུ་ཙམ་ཡོད་ལ་སྡོང་བོ་སྨུག་ལ་འཇམ་ཞིང་བ་སྦུ་མེད། གཞུང་ཤུར་ལྡན་དང་ལོ་མ་ནི་ཡ་སྡེབ་ཏུ་སྐྱེས་ཤིང་སུམ་རིམ་སྦྲགས་མ་ཅན། ཐུར་འཕྱང་གི་རིང་ཚད་ལ་ལི་སྨི་བཅུ་ནས་བཅུ་གསུམ་ལྡན་པ་དང་མེ་ཏོག་སེར་པོ་དྲི་ངད་ལྡང་། འབྲས་བུ་མེར་པོ་སྒོ་ངའི་དབྱིབས་ཅན་ཞིག་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི700ནས1600བར་གྱི་ནགས་འདབ་ཀྱི་གྲོག་ཤུར་རམ་འགྲམ་སྡོང་ཕྲན་རྫོབ་པོའི་ཁྲོད་སྐྱེས། གཞུང་རྟ་སྨན་དུ་རུང་།

རིགས་དབྱེ།  

འཁྲི་ཤིང་སྨུག་པོ།

འཁྲི་ཤིང་སྨུག་པོ་ནི་མུའུ་ལན་ཚན་གྱི་རྩི་ཤིང་མེ་ཏོག་མདོག་དམར་སྨུག་ཅོང་དབྱིབས། གང་འབྲས་ལེབ་ནར་ས་བོན་གཅིག་ནས་གསུམ་ལེབ་སྒོར་དབྱིབས་ཅན་ཞིག་ཡིན་ལ། སྡོང་ཤུན་དང་ས་བོན། མེ་ཏོག་བཅས་སྨན་དུ་འཇུག

རིགས་དབྱེ།  

ཞིང་ལས་ཁེ་ལས་ཀྱི་དཔལ་འབྱོར་ནགས་ཤིང་།

ཞིང་ལས་ཁེ་ལས་ཀྱི་དཔལ་འབྱོར་ནགས་ཤིང་ཞེས་པ་ནི་ཤིང་སྡོང་གི་རྩ་བ་དང་། ལོ་མའི་པགས་པ། པགས་པའི་རིམ་པ། ཤིང་ཁུ་སོགས་ནགས་ལས་ཐོན་རྫས་རྒྱུ་ཆ་དང་སྨན་རྫས་ཐོན་སྐྱེད་བྱེད་པའམ་ཡང་ན་མི་རྣམས་ཀྱི་བཟའ་བར་མཁོ་འདོན་བྱེད་པའི་ནགས་ཤིང་ལ་ཟེར།

རིགས་དབྱེ།  

ནཱ་ག་ཤིང་།

ནཱ་ག་ཤིང་ནི་རྒྱ་ཡུལ་སོགས་ཅུང་ཚ་ཁུལ་རྣམས་སུ་རྒྱུན་མཐོང་གི་སྡོང་ཆེན་གྱི་རིགས་ཤིག་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་ཕན་ཀྲི་ཧྭ་གྲོང་ཁྱེར་ཞེས་པ་ཡང་མེ་ཏོག་འདིའི་མིང་གིས་ཐོགས་པ་ཡིན། ཡུལ་དེའི་ཡུལ་སྐད་དུ་འདིའི་མེ་ཏོག་ལ(攀枝花) ཟེར་ཞིང་རིག་གཞུང་གི་ཐ་སྙད་ལ(木棉)ཟེར་ཞིང་། མཐོ་ཚད་སྨི25ཙམ་ཡོད་པའི་སྡོང་ཆེན་སྦོམ་ལ་ཡལ་ག་ཆེར་རྒྱས་པ་སྨད་ངོས་སུ་ཚེར་མ་སྦོམ་ཤིང་ཐུང་བ་མང་པོ་འབྲུམ་བུ་ལྟར་རྒྱས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

རྒྱུན་ལྗང་ལོ་ཆེན་ནགས།

རྒྱུན་ལྗང་ལོ་ཆེན་ནགས(evergreen broad-leaf forest )ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་ས་ཁུལ་དེ་རྒྱུན་ལྗང་ལོ་ཆེན་སྡོང་བོས་གྲུབ་པའི་ས་ཁུལ་རང་བཞིན་གྱི་ནགས་ཚལ་རིགས་ཤིག་ཡིན། འཇར་པན་དུ་ལོ་མའི་ནགས་ཚལ་ཞེས་འབོད་པ་དང་། ཡོ་རོབ་དང་ཨ་རིས་ཡུའེ་ཀུའེ་ནགས་ཚལ་ཞེས་འབོད། ཀྲུང་གོར་རྒྱུན་ལྗང་གི་བེ་ཤིང་རིགས་ཀྱི་ནགས་ཚལ་དང་ཡང་ན་རྒྱུན་ལྗང་གི་ཀྲང་ཁའོ་ནགས་ཚལ་ཟེར། ནགས་ཚལ་དེ་རིགས་ཀྱི་ཤིང་རིགས་ཚང་མར་ཀྲང་ཁོའུ་ཡུའེ་ཀུའེ་སྡོང་བོའི་ལོ་མའི་ཁྱད་ཆོས་ལྡན་ཡོད་པ་དང་། རྒྱུན་དུ་ལྗང་མདོག་དང་ཅུང་མཁྲེགས་པོ། ལོ་མའི་ཕྱི་ངོས་སུ་བཀྲག་མདངས་ལྡན་པ། ལོ་མའི་སྒྲིག་སྟངས་ཁ་ཕྱོགས་དང་ཉི་མའི་འོད་ཐིག་དྲང་འཕྱང་ཡིན།

རིགས་དབྱེ།  

འབྲི་སིལ།

མིག་གསལ། སྐོམ་སེལ། ལུད་པ་འགོག དུག་སེལ་སོགས་ལ་ཕན་པ་ཞིག་ཡིན།

རིགས་དབྱེ།