ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >མིའི་རིགས། >གཞན་དག

ཧའེ་ཏུར་པའོ་ཡི་མི།

​ཧའེ་ཏུར་པའོ་ཡི་མི་ཞེས་པ་ནི་སྤྱི་ལོ1907ལོར་འཇར་མན་གྱི་མ་ཝུའུ་ཨེར་ནས་སྔོག་འདོན་བྱས་པའི་མ་མགལ་རུས་པ་ལ་ཟེར།

རིགས་དབྱེ།  

ལཱ་མཱ་ཕི་ཐའེ་ཁུ་སི།

​ལཱ་མཱ་ཕི་ཐའེ་ཁུ་སི་ནི་སྐབས་གསར་བར་མ་སྟེ(རྒྱ་ཡིག་གིས中新世ཟེར་ཞིང་། ལོ་ཁྲི2300སྔོན་ནས་ལོ་ཁྲི533ལོའི་སྔོན་གྱི་བར་ལ་ཟེར)ཏུའོ་ལི་ཨའོ་ཕི་ཐའེ་ཁུ་སི(多里奥皮泰科斯)ཡིས་རིགས་དབྱེ་འབྱེད་ནས་བྱུང་བ་ཡིན་ལ། ཡོངས་གསར་སྐབས(རྒྱ་ཡིག་གིས全新世ཟེར། ས་གཤིས་ལོ་རབས་ལས་ཆེས་གཞོན་པ་སྟེ། ལོ11700ལོའི་སྔོན་ནས་མགོ་བརྩམས)ནས་གསར་སྐྱེད་སྐབས་ཀྱི་མིའི་རིགས་ཀྱི་མེས་པོ་ལ་ཟེར་བ་ཡིན།

རིགས་དབྱེ།  

ཨན་ཏཱ་མན་པ།

ཨན་ཏ་མན་པ་ནི་ཧིན་རྡུ་རྒྱ་མཚོ་ཆེན་པོའི་བྷང་ག་ལའི་མཚོ་ཁུག་གི་ཨན་ཏཱ་མན་གླིང་ཚོམ་སྟེང་གི་ས་སྐྱེས་སྡོད་དམངས་ཏེ། མི་ནག་གཟུགས་ཐུང་གི་རྒྱུད་པ་ཡིན།

རིགས་དབྱེ།  

ཨའེ་སི་ཅི་མཱོའི་མི།

ཨའེ་སི་ཅི་མོའི་མི་ནི་ཡ་གླིང་གི་བྱང་ཤར་ནས་མེ་གླིང་བྱང་མའི་བྱང་རྒྱུད་དང་། ཀུ་ལིན་ལན་དུ་རྔོན་རྒྱག་འཚོལ་བསྡུ(狩猎采集)བྱེད་པའི་གཏན་ཆགས་སྡོད་དམངས་ཡིན། སོག་པའི་མི་རྒྱུད་དུ་གཏོགས།

རིགས་དབྱེ།  

ཨོ་སི་ཁྲུ་ལི་ཡའི་ས་སྐྱེས་སྡོད་དམངས།

​ཨོ་སི་ཁྲུ་ལི་ཡའི་ས་སྐྱེས་སྡོད་དམངས་ནི་ཨོ་སི་ཁྲུ་ལི་ཡའི་སྐམ་ས་ཆེན་པོར་སྡོད་པའི་རྔོན་རྒྱག་འཚོལ་བསྡུ་བྱེད་པའི་མི་ཡིན་ལ། ཨོ་སི་ཁྲུ་ལི་ཡའི་མི་རྒྱུད་དུ་གཏོགས།

རིགས་དབྱེ།  

ཁྱོ་ཕྱོགས་གཞིས་སྡོད་ཀྱི་གཉེན་སྒྲིག

​གཉེན་སྒྲིག་བྱས་པའི་ཁྱོ་ཤུག་ཟུང་ཁྱོ་གའི་ཕ་མའི་ཁྱིམ་དང་ཡང་ན་དེའི་ཉེ་འབྲེལ་དུ་འཚོ་བ་རོལ་བའི་གཞིས་སྡོད་ཀྱི་རྣམ་པ་ཞིག་སྟེ། ཉི་ཧོང་པས་བཤད་པའི་བག་མར་བཏང་བའི་གཉེན་སྒྲིག་ནི་འདི་དང་མཚུངས་པ་ཡིན། ཁྱོ་ཕྱོགས་གཞིས་སྡོད་རྣམ་པ་ལག་བསྟར་བྱེད་སྐབས། སྐྱེས་པས་ཁོའི་ཤ་ཉེའི་རིགས་དང་འབྲེལ་བ་དམ་པོ་རྒྱུན་འཁྱོངས་བྱས་ཆོག་ཅིང་། རྔོན་རྒྱག་འཚོལ་བསྡུ་བྱེད་པའི་སྤྱི་ཚོགས་ཀྱི་ཚོགས་ཁག་ནང་སྤྱིར་བཏང་དུ་ཁྱོ་ཕྱོགས་གཞིས་སྡོད་ཀྱི་རྣམ་པའི་འཚོ་བ་རོལ་སྟངས་ལག་བསྟར་བྱེད་པ་ཡིན།

རིགས་དབྱེ།  

ཕྱི་གཉེན།

​ཚོགས་ཁག་ངེས་ཅན་ཞིག་གི་ཕྱི་ནས་བཟའ་ཟླ་བཙལ་ཆོག་པའི་གཉེན་སྒྲིག་ལམ་ལུགས། ཕྱི་གཉེན་གྱི་སྡེ་ཚན་ལ་ས་ཁོངས་ཚོགས་ཁག་ཡོད།

རིགས་དབྱེ།  

ཁཱ་ལཱ་ཅཱ་སིའི་མི།

​ཁཱ་ལཱ་ཅཱ་སིའི་མི་ནི་སུའུ་ལེན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་ཁུལ་ཡོད་པ་དང་། ཧྲ་ཡེ་ཨེན་རི་རྒྱུད(沙耶恩山脉)ཀྱི་བྱང་ཤར་རྒྱུད་ཀྱི་ཐུར་ཁེའི་ཁྲག་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཡིན།

རིགས་དབྱེ།  

ཅིར་ཅི་སིའི་མི།

ཁེ་ཨེར་ཀེའི་མི་ཞེས་ཀྱང་ཟེར། ཅིར་ཅི་སི་སྤྱི་མཐུན་རྒྱལ་ཁབ་ནས་ཀྲུང་གོའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཆ་ཤས་ཁག་ཏུ་ཁྱབ་ཡོད་པ་དང་། ཧན་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ནང“ཅན་ཁུན”( 坚昆) ཞེས་བྱུང་ཡོད་པ་དང་། སྐབས་དེར་སོག་པོའི་མཐོ་སྒང་གི་ནུབ་བྱང་རྒྱུད་ནས་ཡེ་ཉི་སའེ་ཆུ་བོའི་སྟོད་རྒྱུད(叶尼塞河上游)དུ་ཁྱབ་ཡོད།

རིགས་དབྱེ།  

ཕན་ཚུན་ཐོབ་ཆའི་རང་བཞིན།

​མི་གཞན་ལ་རོགས་རམ་བྱེད་པ་མ་ཟད། མི་གཞན་གྱིས་རང་ལ་ཁེ་ཕན་སྟེར་བར་རེ་སྙེག་བྱེད་པ་སྟེ། འདི་འདྲའི་ཕན་ཚུན་གྱི་བྱེད་ནུས་ལ་ཕན་ཚུན་ཐོབ་ཆའི་རང་བཞིན་ཟེར། སྤྱི་ཚོགས་ཐམས་ཅད་ཀྱི་ཁྲོད་སྤྱི་ཚོགས་དེའི་སྒྲིག་གཞིའི་རྨང་གཞི་གཙོ་བོ་ཞིག་སྟེ། ཐམས་ཅད་ཕན་ཚུན་ཐོབ་ཆའི་རང་བཞིན་གྱི་རྩ་བའི་རིགས་པ་འདི་ལ་བརྟེན་ཏེ་ཡོད་ཅེས་བཤད་ཆོག

རིགས་དབྱེ།  

མཱ་སའེ་རིགས།

​མཱ་སའེ་རིགས་ནི་ཉི་ལུའོ(尼罗)དང་ཧཱ་མོའི(哈姆)རིགས་སྐད་ཁོངས་ཀྱི་མཱ་ཡཱའི་སྐད(马亚语)སྨྲ་བའི་ཚོ་པའི་སྤྱི་མིང་ཡིན། ཁུན་ཉི་ཡཱའི་ལྷོ་རྒྱུད་ནས་ཐན་ཙན་ནི་ཡའི་བྱང་རྒྱུད་བར་གྱི་ས་ཁོངས་སུ་གནས་ཡོད།

རིགས་དབྱེ།  

ཡཱ་ཀན་པ།

​ཡཱ་ཀན་པ་མི་ནི་མེ་གླིང་ལྷོ་མའི་ལྷོ་སྣེ་དང་ཧུའོ་ཏི་གླིང་ཕྲན(火地岛)དུ་གནས་པའི་ས་སྐྱེས་སྡོད་དམངས་ཡིན་ལ། དུས་རབས19པའི་ལོ་རབས80པར་མི་གྲངས3000ཙམ་ཡོད།

རིགས་དབྱེ།  

མེ་ཞིང་རྨོ་འདེབས།

​ནགས་ཚལ་མེ་ལ་བཏང་རྗེས་ཀྱི་ས་རྒོད་ཀྱི་ཐལ་བ་དེ་ལུད་རྫས་སུ་བྱས་ཏེ། འབྲུ་རིགས་སྣ་ཚོགས་དང་ཞོག་ཁོག་གི་རིགས་འདེབས་པའི་སོ་ནམ་བྱེད་ལུགས་ཤིག་སྟེ། རང་བྱུང་ས་བཅུད(自然地力)འཕྲོག་བཅོམ་གྱི་རྣམ་པའི་རྨོ་འདེབས་བྱེད་སྟངས་ཤིག་ཀྱང་ཡིན།

རིགས་དབྱེ།  

ཡོའུ་ཁཱ་ཅིར་གྱི་མི།

​ཡོའུ་ཁཱ་ཅིར་གྱི་མི་ནི་ཞི་པའོ་ལི་ཡའི་ཤར་རྒྱུད་ཀྱི་བྱང་སྣེའི་མཚོ་འགྲམ་དུ་འཚོ་བའི་གནའ་བོའི་ཨེ་ཤེ་ཡའི་རིགས་རྒྱུད་ལས་མཆེད་པའི་གྲས་ཤིག་ཡིན་ཞིང་། ནུབ་ནས་ལེ་ནཱ་གཙང་པོའི་སྨད་རྒྱུད་ས་ཁུལ་ནས་ཞི་པཱའོ་ལི་ཡའི་བྱང་ཤར་རྒྱུད་དུ་ཁྱབ་ཡོད།

རིགས་དབྱེ།  

ལཱ་ཕུའུ་ཡི་མི།

ལཱ་ཕུའུ་ཡི་མི་ནི་སི་ཁན་ཏུ་ནཱ་ཝེ་ཡ་ཕྱེད་གླིང(斯堪的纳维亚半岛)གི་བྱང་རྒྱུད་ནས་ཁུ་ལཱ་ཕྱེད་གླིང(科拉半岛)གི་རྒྱུད་དུ་གནས་པའི་ལཱ་ཕུའུ་ལན་ས་ཁོངས་ཀྱི་མི་ལ་ཟེར་ཞིང་། མི་རྒྱུད་སོག་པོ་དང་། སྐད་ཆ་ཧྥུན་ལན(芬兰)དང་ཝུའུ་ཀུར(乌戈尔)གྱི་སྐད་ཁོངས་སུ་གཏོགས།

རིགས་དབྱེ།  

ཤུག་ཕྱོགས་གཞིས་སྡོད།

གཉེན་སྒྲིག་བྱས་རྗེས་སྤྱི་ཚོགས་མི་འདྲ་བའི་དབང་གིས་སྡོད་ཡུལ་ཀྱང་མི་འདྲ། གཉེན་སྒྲིག་གཞིས་སྡོད་ཀྱི་གཏན་འབེབས་ཁྲོད་དུ། ཤུག་ཕྱོགས་གཞིས་སྡོད(མ་ཕྱོགས་གཞིས་སྡོད)ནི་ཁྱོ་ཤུག་ཟུང་ཆུང་མའི་ཕ་མའི་གམ་མམ་ཡང་ན་དེའི་ཉེ་འཁོར་དུ་འཚོ་བ་རོལ་བ་ལ་ཟེར།

རིགས་དབྱེ།  

ཁྱོ་ཕྱོགས་གཞིས་སྡོད།

གཉེན་སྒྲིག་བྱས་རྗེས་སྤྱི་ཚོགས་མི་འདྲ་བའི་དབང་གིས་སྡོད་ཡུལ་ཀྱང་མི་འདྲ། གཉེན་སྒྲིག་གཞིས་སྡོད་ཀྱི་གཏན་འབེབས་ཁྲོད་དུ། ཁྱོ་ཕྱོགས་གཞིས་སྡོད(ཕ་ཕྱོགས་གཞིས་སྡོད)ནི་ཁྱོ་ཤུག་ཟུང་ཁྱོ་གའི་ཕ་མ་གཉིས་དང་མཉམ་དུ་སྡོད་པའམ་ཡང་ན་ཁོ་ཚོའི་ཉེ་འཁོར་དུ་འཚོ་བ་རོལ་བ་ལ་ཟེར།

རིགས་དབྱེ།  

ཕྱོགས་གཉིས་གཞིས་སྡོད།

གཉེན་སྒྲིག་བྱས་རྗེས་སྤྱི་ཚོགས་མི་འདྲ་བའི་དབང་གིས་སྡོད་ཡུལ་ཀྱང་མི་འདྲ་སྟེ། གཉེན་སྒྲིག་གཞིས་སྡོད་ཀྱི་གཏན་འབེབས་ཁྲོད་དུ། ཕྱོགས་གཉིས་གཞིས་སྡོད་ནི་ཁྱོ་ཤུག་ཟུང་གི་སོ་སོའི་ཁྱིམ་ཚང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབས་ལ་གཞིགས་ཏེ། ཁྱོ་ཕྱོགས་སམ་ཤུག་ཕྱོགས་གང་རུང་དུ་གཞིས་སྡོད་འདེམས་པའི་རྣམ་པ་ལ་ཟེར།

རིགས་དབྱེ།  

སྒེར་ཚུགས་གཞིས་སྡོད།

གཉེན་སྒྲིག་བྱས་རྗེས་སྤྱི་ཚོགས་མི་འདྲ་བའི་དབང་གིས་སྡོད་ཡུལ་ཀྱང་མི་འདྲ་སྟེ། གཉེན་སྒྲིག་གཞིས་སྡོད་ཀྱི་གཏན་འབེབས་ཁྲོད་དུ། སྒེར་ཚུགས་གཞིས་སྡོད་ནི་ཁྱོ་ཤུག་ཟུང་ཕྱོགས་གཉིས་ཀྱི་ཕ་མ་དང་ཁ་བྲལ་ནས་སྒེར་ཚུགས་ཀྱིས་འཚོ་བ་རོལ་བའི་རྣམ་པ་ལ་ཟེར།

རིགས་དབྱེ།  

ཞང་པོའི་ཕྱོགས་ཀྱི་གཞིས་སྡོད།

གཉེན་སྒྲིག་བྱས་རྗེས་སྤྱི་ཚོགས་མི་འདྲ་བའི་དབང་གིས་སྡོད་ཡུལ་ཀྱང་མི་འདྲ་སྟེ། གཉེན་སྒྲིག་གཞིས་སྡོད་ཀྱི་གཏན་འབེབས་ཁྲོད་དུ། ཞང་པོའི་ཕྱོགས་ཀྱི་གཞིས་སྡོད་ནི་ཁྱོ་ཤུག་ཟུང་ཁྱོ་གའི་ཨ་ཞང་དང་མཉམ་དུ་སྡོད་པའམ་ཡང་ན་དེའི་ཉེ་འཁོར་དུ་འཚོ་བ་རོལ་བ་ལ་ཟེར།

རིགས་དབྱེ།  

ཁྱོ་ཤུག་ཕྱོགས་ཀྱི་གཞིས་སྡོད།

མ་རྒྱུད་སྤྱི་ཚོགས་ཁག་ཅིག་གི་ནང་ད་དུང་ཁྱོ་ཤུག་ཕྱོགས་ཀྱི་གཞིས་སྡོད(ཕ་ཕྱོགས་དང་མ་ཕྱོགས་ཀྱི་གཞིས་སྡོད)ཀྱང་ཡོད་དེ། ཁྱོ་ཤུག་ཟུང་དང་ཐོག་ཤུག་ཕྱོགས་སུ་བསྡད་རྗེས་ཕྱིས་སླར་ཡང་ཕའི་ཕྱོགས་སུ་གཞིས་སྡོད་བྱེད་པའི་རྣམ་པ་ལ་ཟེར།

རིགས་དབྱེ།  

ཁ་གྱེས་གཞིས་སྡོད།

ཁ་གྱེས་གཞིས་སྡོད་ནི་ཁྱོ་ཤུག་ཟུང་གིས་རང་རང་སར་འཚོ་བ་ལ་ཟེར་མོད། འོན་ཀྱང་དུས་ཀྱི་སྔ་ཕྱི་ཙམ་ལས་ཕྱོགས་ཅིག་ཤོས་དང་མཉམ་དུ་འཚོ་བ་སྐྱེལ་དགོས་པ་ཡིན། ཁ་གྱེས་གཞིས་སྡོད་ནི་གནས་སྐབས་ཀྱི་རྣམ་པ་ཙམ་ཡིན་ཞིང་། ཕྱིས་སུ་ནམ་ཡང་གཞིས་སྡོད་ཀྱི་རྣམ་པ་གཞན་ལག་བསྟར་བྱེད་པ་ཡིན།

རིགས་དབྱེ།  

རྩ་འདེབས་ཞིང་ལས།

རྩ་འདེབས་ཞིང་ལས་ནི་འཚོ་བཅུད་སྐྱེ་འཕེལ་གྱི་སྤུས་ལེགས་དངོས་པོ་དེ་ལོ་ཏོག་གཙོ་བོར་བྱེད་པའི་ཞིང་ལས་ཤིག་ཡིན་པ་དང་། དེ་ནི་ཧ་ལམ་ཨེ་ཤེ་ཡ་ཤར་ལྷོའི་བརླན་གཤེར་ཆེ་བའི་ས་ཁུལ་ནས་བྱུང་བ་དང་། ཕྱིས་སུ་ནུབ་ཕྱོགས་སུ་ཁྱབ་སྤེལ་བྱུང་། ཞིང་ལས་ཀྱི་རྣམ་པའི་ཆ་ནས་འདི་ནི་ཆེས་གནའ་བོའི་གདོད་མའི་ཞིང་ལས་ཀྱི་རྣམ་པ་ཅན་ཞིག་ཡིན།

རིགས་དབྱེ།  

ཚ་ཁུལ་གྱི་སྐམ་ཤས་ཆེ་བའི་རྩྭ་ཐང་།

ཚ་ཁུལ་གྱི་སྐམ་ཤས་ཆེ་བའི་རྩྭ་ཐང་ཞེས་པ་ནི་ཚ་ཁུལ་ཆར་ནགས་ས་ཁུལ་གྱི་རྩྭ་མཐོའི(ཧ་ལམ་ལི་སྨི80ཡན་ཟིན)རྩྭ་ཐང(高草草原)ལ་ཟེར།

རིགས་དབྱེ།  

རིག་གནས་མིའི་རིགས་རིག་པ་དང་དེའི་ཞིབ་འཇུག་ཐབས་ལམ།

རིག་གནས་མིའི་རིགས་རིག་པ་ཞེས་པ་ནི་འགྲོ་བ་མི་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་གམ། ཡང་ན་རིག་གནས་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ལ་ཞིབ་འཇུག་བྱ་བའི་ཚན་རིག་ཅིག་ལ་བྱ་ཞེས་བརྗོད་ཀྱང་ཆོག དེ་ཡང་དབང་གྲགས་ཅན་གྱི《སྟབས་བདེའི་པོ་ལེ་ཏེན་ཤེས་བྱ་ཀུན་བཏུས》ལས་དེ་ལ“མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་བྱུང་བའི་བྱ་སྤྱོད་དང་། དད་མོས། གོམས་གཤིས་དང་སྤྱི་ཚོགས་རྩ་འཛུགས་བཅས་ལ་ཞིབ་འཇུག་བྱ་བའི་བསླབ་ཚན་ཞིག་ལ་བྱ”[i]ཞེས་མཚན་ཉིད་བཀོད་ཡོད་པ་དང་། དབྱིན་ཇིའི《སྤྱི་ཚོགས་ཚན་རིག་གི་ཤེས་བྱ་ཀུན་བཏུས》ལས“རིག་གནས་མིའི་རིགས་རིག་པའི་དོ་སྣང་བྱ་ཡུལ་ནི་སྤྱི་ཚོགས་ཁྲོད་ན་གནས་པའི་འགྲོ་བ་མི་དང་དེའི་སྦྱངས་གོམས་ནས་བྱུང་བའི་བྱ་སྤྱོད་རྣམ་པ་ཡིན་པ་ལས། ལྷན་སྐྱེས་ནས་རྒྱུད་འཛིན་བྱས་པའི་བྱ་སྤྱོད་རྣམ་པ་མ་ཡིན་ནོ”[ii]ཞེས་གསུངས། དེ་ལ་ཨ་རིའི་མཁས་པW.H.ཧོ་ཨར་མའོ་སིས(W.H.Holmes)སྤྱི་ལོ1901ལོར་ཐེངས་དང་པོར་རིག་གནས་མིའི་རིགས་རིག་པ་ཞེས་པའི་བརྡ་ཆད་འདི་གསར་དུ་བཏོན་པ་དང་། དེར་དབྱིན་ཡིག་གིསCultural Anthropologyཞེས་ཟེར། བརྡ་ཆད་འདི་བཏོན་པའི་དམིགས་ཡུལ་ནི། སྐྱེ་དངོས་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ལ་ཞིབ་འཇུག་བྱ་བའི་གཟུགས་གཞི་མིའི་རིགས་རིག་པ་དང་ཁྱད་པར་འབྱེད་པའི་ཆེད་དུ་ཡིན། རྒྱུ་མཚན་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་ཞིབ་འཇུག་བྱ་རྒྱུ་ནི་དེའི་ཡར་སྔོན་ནས་བྱུང་ཡོད་མོད། ཕལ་ཆེ་བ་ཞིག་གཟུགས་གཞི་མིའི་རིགས་རིག་པ་དང་མཉམ་དུ་བསྲེས་ནས་སྤྱོད་བཞིན་ཡོད་ལ། མིའི་རིགས་རིག་པའམ་ཡང་ན་མི་རིགས་རིག་པའི་ཞིབ་འཇུག་གི་ཁོངས་སུ་བསྡུས་ཡོད།

རིགས་དབྱེ།  

གསོལ་འདེབས།

རང་གི་དད་ཡུལ་གྱི་ལྷ་དེར་མོས་གུས་དང་དྲིན་དྲན། རེ་སྨོན་ལ་སོགས་ཀྱི་ཡིད་འགྱུར་སྟོན་པའི་རྗོད་བྱེད་ངག་གི་རྣམ་པ་ཞིག་སྟེ། དེ་ནི་སྤྱིར་བཏང་བའི་སྐད་ཆ་དང་མི་འདྲ་བར་སྲོལ་རྒྱུན་དུ་གྲུབ་པའི་ངག་ཚིག་གང་ཞིག་གིས་གསོལ་བ་འདེབས་པ་ཡིན། ཡང་ན་ངག་ཚིག་འཇམ་ཞིང་ལྷོད་པའི་སྒོ་ནས་སམ་ཡང་ན་སྐད་མགོ་མཐོ་ཞིང་རྩུབ་པའི་སྒོ་ནས་མཚོན་པར་བྱེད་ལ། སྐབས་འགར་ཕྱག་འཚལ་བ་དང་སྐོར་བ་བྱེད་པ་སོགས་ལུས་ཀྱི་རྣམ་འགྱུར་འདྲ་མིན་དང་ལྷན་ཅིག་ཏུ་སྤྱོད། འདི་ལྟར་ན་དད་ལྡན་པ་རང་གི་རེ་སྨོན་དེ་སྐྱོབ་མཁན་ལྷ་ཡིས་མཁྱེན་ནས་འདོད་པ་ཇི་བཞིན་སྐོང་བར་མགོན་སྐྱབས་མཛད་པར་ཡིད་ཆེས་ཟབ་མོ་བྱེད། གསོལ་འདེབས་ནི་ངག་གི་སྒོ་ནས་ལྷ་གསོལ་དགེ་སྒྲུབ་བྱེད་ཚུལ་ཞིག་སྟེ། དེ་ཡང་སྤྱིར་བཏང་དུ་རང་གི་བསྒྲུབ་བྱའམ་དོན་དུ་གཉེར་བྱའི་ལྷ་དེའི་གཞལ་ཡས་ཁང་དང་། ཕྱག་མཚན། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་སོགས་ངག་གི་འགྱུར་ཁུགས་སྣ་ཚོགས་ལ་དྲངས་ནས་དབྱངས་སུ་གྱེར་བ་ལ་བྱ།

རིགས་དབྱེ།  

རོལ་དབྱངས་དང་བྲོ་གར།

འཛམ་གླིང་གི་མི་རིགས་མང་པོ་ཞིག་གིས་ཆོས་ལུགས་ཆོ་ག་སྤེལ་དུས། འབུད་རྡུང་དཀྲོལ་གསུམ་གྱི་རོལ་དབྱངས་སྣ་ཚོགས་དང་། ལུས་ཀྱི་སྟངས་སྟབས་འདྲ་མིན་སྣ་ཚོགས་བསྒྱུར་བ་བརྒྱུད་ནས་རང་གི་བརྟེན་ཡུལ་གྱི་ལྷ་དེར་མཆོད་འབུལ་དང་བསུ་སྐྱེལ་བྱེད་པ་ཡིན། དེ་ལ་རང་རེའི་བོད་མི་རིགས་ཀྱི་ལྷ་གསོལ་དགེ་སྒྲུབ་ཀྱི་ཆོ་ག་ལྟ་བུར་མཚོན་ན། གསང་སྔགས་ཀྱི་ལྷ་གང་ཞིག་སྒྲུབ་སྐབས་སུ་ལྷ་དེའི་གཟུངས་སྔགས་བཟླ་སྐབས་ཀྱི་ཆོ་གའི་ཁྲོད་དང་རང་གི་ལྷག་པའི་ལྷ་དེར་མཆོད་ཡོན་དང་ཞབས་བསིལ། དྲི། མེ་ཏོག བདུག་སྤོས། མར་མེ། ཞལ་ཟས། རོལ་མོ་སོགས་མཆོད་པ་སྣ་ཚོགས་འབུལ་བ་ཡིན།

རིགས་དབྱེ།  

ཆོས་འཆད་པ།

ཆོས་བྱེད་མི་སྣ་ནི་ལྷ་མིའི་བར་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་སྟེ། ཁོ་ཚོས་ལྷའི་འདོད་བློ་དང་རེ་བ་སོགས་གང་མཆིས་ཐད་ཀར་དད་ལྡན་མི་སྣ་དེར་འཆད་ཅིང་། ལྷ་དེས་མགོན་སྐྱབས་གནང་བ་དང་ཆད་པ་གཅོད་རྒྱུའི་བྱ་སྤྱོད་གང་དག་ཡིན་པ་སོགས་དད་ལྡན་མང་ཚོགས་ལ་སྒྲོག་པ་ཡིན།

རིགས་དབྱེ།  

ཆོས་འདོན་པ།

འཛམ་གླིང་གི་ཆོས་ལུགས་གང་ཡིན་ཡང་རང་གི་མཆོད་ལྷ་དེའི་བྱད་གཟུགས་དང་འཕྲིན་ལས་སོགས་ལ་བསྔགས་པའི་ལྷ་སྒྲུང་དང་། ཡང་ན་བརྟེན་ཡུལ་དེས་གསུངས་པའི་ཆོས་གཞུང་དང་དེར་གསོལ་བསྟོད་ཀྱི་བརྩམས་ཆོས་བྱུང་ཡོད། འབྲེལ་ཡོད་ཀྱི་ཆོ་ག་སྤེལ་དུས་ཆོས་གཞུང་དེ་དག་ངག་ལ་གྱེར་ཞིང་བཀླགས་ནས་རང་ལ་མགོན་སྐྱབས་བྱེད་པར་བརྩོན་པ་ཡིན།

རིགས་དབྱེ།  

ལད་ཟློས།

ཆོས་ལུགས་མང་པོ་ཞིག་ཏུ་ལད་ཟློས་བྱ་འགུལ་གྱིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་དེ། སྲོག་ཆགས་ཀྱི་རྣམ་པར་བཟོས་ཏེ་བྲོ་འཁྲབ་ནས་རྔོན་ལས་ལ་ལག་ཡོང་ཡོད་པར་རྟེན་འབྲེལ་ཞུ་བ་དང་། རྩི་ཤིང་ལ་ལད་ཟློས་བྱས་ཏེ་གླུ་དབྱངས་བླངས་ནས་ལོ་ལེགས་འབྱུང་བར་རེ་སྨོན་ཞུ་བ་སོགས་ནི་རྔོན་ལས་དང་ཞིང་ལས་མི་རིགས་ཀྱི་ཆོས་ལུགས་ཁྲོད་རྒྱུན་སྤྱོད་ཀྱི་ཆོ་གའི་རིགས་ཡིན།

རིགས་དབྱེ།