ཀྲུང་གོའི་མི།

ཀྲུང་གོའི་མི་ལ་ཀྲུང་ཧྭའི་བུ་བུ་མོ་དང་མེས་པོ་ཡན་ཧོང་གི་བུ་རྒྱུད། འབྲུག་གི་རིགས་རྒྱུད་སོགས་སུ་འབོད། ཀྲུང་གོའི་མི་ཞེས་པ་དོན་མང་པོ་འཇུག་སྟེ། སྒྲ་དོག་འཇུག་གིས་རྒྱལ་ཁོངས་རང་བཞིན་གྱི་འབོད་ཚུལ་དང་། སྒྲ་ཡངས་འཇུག་གིས་འབོད་ཚུལ་མ་ཟད། ཁོར་ཡུག་དང་གནས་བབ་མི་འདྲ་བ་ལ་དེར་བསྟུན་གྱི་ངོས་འཛིན་མི་འདྲ་བ་རེ་ཡོད་པ་ཡིན།

རིགས་དབྱེ།  

ཁ་ན་ཏའི་མི།

ཁ་ན་ཏའི་མི་ནི་མེ་གླིང་བྱང་མའི་ཁ་ན་ཏའི་གཞིས་སྡོད་གྲོང་མི་ལ་ཟེར། དེར་མི་རིགས50ལྷག་ཡོད་དེ། དབྱིན་རྒྱུད་ཁ་ན་ཏའི་མི་དང་། ཧྥ་རྒྱུད་ཁ་ན་ཏའི་མི། གཞན་ཡོ་རོབ་དང་ཨེ་ཤ་ཡའི་ཡུལ་མི་གཞན་སྤོ་བའི་བུ་རྒྱུད་དང་གཞིས་སྡོད་གྲོང་མི་སོགས་ཡོད།

རིགས་དབྱེ།  

ཀོ་རོ་ཏི་ཡའི་མི།

ཀོ་རོ་ཏི་ཡའི་མི་ནི་ཡུ་གོ་སི་ལ་ཝི་ཡའི་མི་རིགས་ཡིན་ལ། གཙོ་བོར་ཀོ་རོ་ཏི་ཡའི་ས་ཁུལ་ལ་ཁྱབ་ཡོད། དེ་ལས་གཞན་པོ་སི་ཉི་ཡ་ཧེ་སའེ་ཀི་ཝེ་ན་མཉམ་འབྲེལ་དང་སེར་ཝེ་ཡ། སི་ལོ་ཝེ་ཉི་ཡ་སོགས་ས་ཁུལ་ལའང་མཆེད་ཡོད། གཞན་ད་དུང་སྐོར་ཞིག་ཨོ་སི་ཁྲུ་རི་ཡ། ཧང་ག་རི། ཨ་མེ་རི་ཁ་སོགས་ནའང་ཡོད།

རིགས་དབྱེ།  

ཁུ་པའི་མི།

ཁུ་པའི་མི་ནི་འཛམ་གླིང་སྟེང་ཆེས་ཐུན་མོང་མ་ཡིན་པའི་མི་རིགས་ཤིག་ཡིན། དེ་ལ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གཤིས་རྒྱུད་དང་ཆོས་ལུགས། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཡོད་པར་མ་ཟད། རིགས་རྒྱུད་ཀྱི་ཕྱོགས་ནས་བཤད་ནའང་། གསར་བ་གསར་རྐྱང་གི་ན་གཞོན་རིགས་རྒྱུད་ཅིག་ཡིན།

རིགས་དབྱེ།  

ཁེ་ཨེར་ཀེའི་མི།

ཁེ་ཨེར་ཀེའི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཁེ་ཨེར་ཀེ་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། སོག་པོའི་རིགས་རྒྱུད་ཀྱི་ཞི་པའོ་ལི་ཡའི་རིགས་ལ་གཏོགས། ཡང་མང་ཤས་ཤིག་ཨའོ་ལོ་པཱ་རིགས་རྒྱུད་ཀྱི་ཁྲག་རྒྱུད་འདྲེས་པའང་ཡོད། ཀྲུང་གོའི་མངའ་ཁོངས་ནའང་ཡོད་དོ། །

རིགས་དབྱེ།  

ཁོ་ལོམ་པི་ཡའི་མི།

ཁོ་ལོམ་པི་ཡའི་མི་ནི་མེ་གླིང་ལྷོ་མའི་ཁོ་ལོམ་པི་ཡའི་སྡོད་དམངས་ཀྱི་སྤྱི་མིང་ཡིན་པ་དང་། སྤྱི་ལོ1982ལོར་མི་གྲངས་ཁྲི2709ལྷག་ཡོད། མི་མང་པོ་ཞིག་ཨན་ཏི་སི་མཐོ་སྒང་ས་ཁུལ་དང་ཞི་བདེ་རྒྱ་མཚོ་འགྲམ་རྒྱུད་ན་ཡོད། སི་ཕེན་སྐད་སྤྱོད་བཞིན་ཡོད།

རིགས་དབྱེ།  

ཀེ་རི་སེའི་མི།

ཀེ་རི་སེའི་མི་ནི་ཀེ་རི་སེ་དང་སའེ་ཕའོ་ལུའུ་སུ་ཡི་གཙོ་བོའི་མི་རིགས་ཡིན་ལ། འགའ་ཞིག་ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུ་ཁེར་ལན། ཨོ་སི་ཁྲུ་ལི་ཡ་དང་ཐུར་ཁེ་སོགས་ལའང་མཆེད་ཡོད། མང་ཤས་ཨའོ་ལུའོ་པ་མི་རྒྱུད་ཀྱི་རྒྱ་མཚོ་དབུས་མའི་རིགས་ལ་གཏོགས། འགའ་ཞིག་ཨ་ཨེར་པའེ་སིའི་རིགས་ལའང་གཏོགས། ཀེ་རི་སེའི་སྐད་སྤྱོད་བཞིན་ཡོད།

རིགས་དབྱེ།  

ཅེ་ཁེའི་མི།

ཅེ་ཁེའི་མི་ནི་ཅེ་ཁེའི་རྒྱལ་ཁོངས་ལ་གཏོགས་པའི་མི་དང་ཅེ་ཁེ་རྒྱལ་ཁབ་ཀྱི་མི་རིགས་གཙོ་གྲས་གཉིས་ལ་ཟེར། ཅེ་ཁེའི་མི་རིགས་མང་ཆེ་ཤས་གནམ་བདག་ཆོས་ལུགས་ལ་དད་མོས་ཡོད། མ་སྐད་ནི་ཅེ་ཁེའི་སྐད་ཡིན།

རིགས་དབྱེ།  

ཐུར་ཁེའི་མི།

ཐུར་ཁེའི་མི་ནི་ཡ་གླིང་ནུབ་མའི་ཐུར་ཁེ་ཡི་གཙོ་གྲས་མི་རིགས་ཡིན་ལ། སྐོར་ཞིག་ཀེ་རི་སེ་དང་པུར་ཀ་རི་ཡ། ཡུ་ཀོ་སི་ལ་ཝི་ཡ། ཨར་པ་ནི་ཡ་དང་ཡོ་རོབ་ནུབ་མའི་རྒྱལ་ཁབ་དང་ས་ཁུལ་དག་ལ་ཁྱབ་པའང་ཡོད། ཨའོ་ལའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་རྒྱུད་ལ་གཏོགས། ཁོ་ཚོས་ཐུར་ཁེའི་སྐད་རིགས་སྤྱོད།

རིགས་དབྱེ།  

ཐུ་ཁའུ་མན་གྱི་མི།

ཐུ་ཁའུ་མན་གྱི་མི་ནི་ཡ་གླིང་དབུས་མའི་རྒྱལ་ཁབ་ཐུ་ཁའུ་མན་སི་ཐན་གྱི་གཙོ་གྲས་མི་རིགས་ཤིག་ཡིན་ལ། ཐུ་ཁའུ་མན་གྱི་མི་ཡང་ཟེར། ཝུའུ་ཙི་པིའེ་ཁེ་སི་ཐན་དང་ཐ་ཅི་ཁི་སི་ཐན། ཀའོ་ཅ་སུའོ་བྱང་མ། ཨ་སི་ཐི་ལ་ཧན་ས་ཁུལ་སོགས་རྒྱལ་ཁབ་དང་གྲོང་ཁྱེར་མང་པོར་མཆེད་ནས་ཡོད། ད་དུང་འགའ་ཤས་ཨ་ཧྥུ་ཀ་ན་སི་ཐན་དང་དབྱི་ལང་། ཐུར་ཁེ་སོགས་ཡ་གླིང་ནུབ་མའི་རྒྱལ་ཁབ་དག་ན་ཡོད། ཀྲུང་གོའི་ནུབ་བྱང་ཁུལ་ནའང་ཡོད། ཨོའུ་ལུའོ་པ་མི་རྒྱུད་དང་སོག་པོའི་མི་རྒྱུད་ཀྱི་རིགས་འདྲེས་པའི་རིགས་ཡིན།

རིགས་དབྱེ།  

ཏེན་མག་གི་མི།

ཏེན་མག་གི་མི་ནི་ཡོ་རོབ་བྱང་མའི་ཏེན་མག་གི་གཙོ་གྲས་མི་རིགས་ཡིན། མི་འབོར་ཕལ་ཆེར་ཁྲི563(སྤྱི་ལོ1978ལོར)ལྷག་ཙམ་ཡོད། དེའི་ཁྲོད་མི་འབོར་ཁྲི498ལྷག་ཏེན་མག་རྒྱལ་ཁབ་ན་ཡོད་ལ། རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆའི96.8ལྷག་བཟུང་ཡོད། ལྷག་མའི་མི་ཁྲི65སུའེ་ཏེན་དང་ནོར་ཝེ། འཇར་མན་མཉམ་འབྲེལ། ཁ་ན་ཏ་སོགས་ལ་ཁྱབ་ཡོད་ཅིང་། མང་ཤས་ཀྱིས་ཡེ་ཤུའི་ཆོས་ལུགས་ལུའུ་ཏི་ཙུང་ལ་དད་མོས་བྱེད། ཨོའུ་ལུའོ་པ་རིགས་རྒྱུད་ཀྱི་ཡོ་རོབ་བྱང་མའི་ཁོངས་སུ་གཏོགས།

རིགས་དབྱེ།  

ཐན་ཙན་ནི་ཡའི་མི།

སྤྱི་ལོ1995ལོར་ཐན་ཙན་ནི་ཡའི་གཞིས་སྡོད་གྲོང་མིའི་མི་གྲངས་ཧ་ལམ་ཁྲི2970ལྷག་ལ་བུད། དེའི་མི་རྒྱུད་དང་མི་རིགས་། སྐད་རིགས་བཅས་ཀྱི་གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཡིན།

རིགས་དབྱེ།  

ཐུ་ནི་སིའི་མི།

ཐུ་ནི་སིའི་མི་ནི་ཧྥེ་གླིང་ལྷོ་མའི་ཐུ་ནི་སིའི་མི་འབོར་ཆེས་མང་བའི་མི་རིགས་ཤིག་ཡིན། ཐུ་ནི་སིའི་ཨ་རབ་ཀྱི་མི་ཡང་ཟེར། གཙོ་བོར་བྱང་ཤར་ཁུལ་དང་ཤར་རྒྱུད་ཁུལ་གྱི་རྒྱ་མཚོའི་འགྲམ་རྒྱུད་དུ་ཆགས་ལ། མི་འབོར་ཁྲི636(སྤྱི་ལོ1980ལོར)ལྷག་ཙམ་ཡོད་པ་དང་། ཁོ་ཚོས་ཨ་རབ་ཀྱི་སྐད་རིགས་སྤྱོད།

རིགས་དབྱེ།  

ཐེ་ལན་གྱི་མི།

ཐའེ་ལན་གྱི་མི་ནི་སོག་པོའི་རིགས་རྒྱུད་ལ་གཏོགས་ཤིང་ཡུན་རིང་ལ་ཐེ་ལན་བཙན་པོའི་རྒྱལ་ཁབ་ན་འཚོ་བའི་རིགས་སོ་སོའི་མི་དམངས་ལ་བྱ། ཨེ་ཤ་ཡ་ཤར་ལྷོའི་མི་དང་མ་ལའེ་མི་གཉིས་ཀ་ལྷོ་ཕྱོགས་ཀྱི་སོག་པོའི་མི་རྒྱུད་ལ་གཏོགས།

རིགས་དབྱེ།  

དབྱི་ཐ་ལིའི་མི།

དབྱི་ཐ་ལིའི་མི་ནི་དབྱི་ཐ་ལི་རྒྱལ་ཁབ་ཀྱི་གཙོ་གྲས་མི་རིགས་ཡིན། རོ་མའི་མི་དང་ལ་ཏིང་གི་མི། དབྱི་ཐི་ལུའོ་ལི་ཡའི་མི་དང་ཀེ་རི་སེའི་མི། ལུན་པ་ཏིའི་མི། ཨ་རབ་ཀྱི་མི་སོགས་ཀྱིས་གྲུབ་པ་ཡིན། ཁོ་ཚོའི་སྐད་རིགས་ནི་དབྱི་ཐ་ལིའི་སྐད་ཡིན། ཡི་གེ་ལ་ལ་ཏིང་གི་གསལ་བྱེད་ཡི་གེ་འབྲི་བ་ཡིན།

རིགས་དབྱེ།  

ནེའུ་ཙི་ལན་གྱི་མི།

ནེའུ་ཙི་ལན་ནི་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན། ནེའུ་ཙི་ལན་གྱི་ཡུལ་ལྗོངས་དེ་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཧེ་བག་ཡོད་ལ། ས་དེ་གའི་མི་དམངས་ནི་སྟོབས་ཤུགས་ཆེ་བ་དང་རང་བཙན་ཡིན་པས་མིང་དུ་གྲགས་ཡོད། ནེའུ་ཙི་ལན་གྱི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་ལ་འགྱུར་བག་རྒོད། འཚོ་བ་རོལ་སྟངས་དང་རིག་གནས་རྒྱུད་མང་ཅན་ཡིན།

རིགས་དབྱེ།  

ནོར་ཝེའི་མི།

ནོར་ཝེའི་མི་ནི་ཡོ་རོབ་གླིང་གི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་ལ། ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཡོ་རོབ་བྱང་མའི་ཁོངས་སུ་གཏོགས། གཟུགས་གཞི་ཆེ་ལ་ཤ་མདངས་དཀར། སྐྲ་ལོ་སེར་ཞིང་མིག་ནི་ལྗང་། ནོར་ཝེའི་སྐད་རིགས་སྤྱོད། ལ་ཏིང་གི་གསལ་བྱེད་ཡི་གེ་བཀོལ། མང་ཤས་ཀྱིས་ཡེ་ཤུའི་ཆོས་ལུགས་ཀྱི་ལུའུ་ཏི་ཙུང་ལ་དད་མོས་བྱེད།

རིགས་དབྱེ།  

པ་པ་ཏུའོ་སིའི་མི།

པ་པ་ཏུའོ་སིའི་མི་ནི་མེ་གླིང་གི་ཅ་ལི་པིའི་རྒྱ་མཚོའི་ས་ཁུལ་གྱི་པ་པ་ཏུའོ་སིའི་རྒྱལ་ཁབ་ཀྱི་སྡོད་དམངས་སྤྱིའི་མིང་དུ་འཇུག་ལ། རྒྱུན་པར་དབྱིན་སྐད་བཀོལ་སྤྱོད་བྱེད། མང་ཤས་ཤིག་གིས་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད།

རིགས་དབྱེ།  

པུར་ཀ་རི་ཡའི་མི།

པུར་ཀ་རི་ཡའི་མི་ནི་ཡོ་རོབ་ཤར་ལྷོ་རྒྱལ་ཁབ་པུར་ཀ་རི་ཡའི་གཙོ་གྲས་མི་རིགས་ཤིག་ཡིན་ལ། པུར་ཀ་རི་ཡའི་སྐད་རིགས་སྤྱོད་ལ། སི་ལ་ཧྥུ་གསལ་བྱེད་ཡི་གེ་རྨང་གཞི་བྱས་པའི་ཡིག་རིགས་བཀོལ། ཆོས་ལ་དད་མཁན་མང་ཤས་དངོས་རྒྱུད་ཆོས་ལུགས་ཤར་པའི་རྗེས་འཇུག་པ་ཡིན་ལ། ཉུང་ཤས་ཤིག་དབྱི་སི་ལན་ཆོས་ལུགས་དང་གནམ་བདག་ཆོས་ལའང་དད་མོས་བྱེད།

རིགས་དབྱེ།  

པོ་ལི་ཝེ་ཡའི་མི།

པོ་ལི་ཝེ་ཡའི་མི་ནི་མེ་གླིང་ལྷོ་མའི་པོ་ལི་ཝེ་ཡའི་སྡོད་དམངས་སྤྱིའི་མིང་དུ་འཇུག་ལ། མི་འབོར་ཕལ་ཆེར་ཁྲི592ལྷག(སྤྱི་ལོ1982ལོར)ཡོད་པ་དང་། དེའི་ཁྲོད་ཀྱི་བཞི་ཆའི་གསུམ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3700ནས3900ལྷག་གི་མཐོ་སྒང་ན་ཡོད་ལ། འཛམ་གླིང་སྟེང་གི་མི་འབོར་ཉུང་བའི་མཐོ་སྒང་གི་མི་རིགས་ཤིག་ཡིན། རྒྱུན་པར་སི་ཕེན་གྱི་སྐད་རིགས་སྤྱོད།

རིགས་དབྱེ།  

ཕ་ལེ་སི་ཐན་གྱི་མི།

ཕ་ལེ་སི་ཐན་གྱི་མི་ནི་ཡ་གླིང་ནུབ་མའི་ཨ་རབ་ཀྱི་མི་རིགས་ཤིག་ཡིན་ལ། སྤྱི་ལོ1948ལོའི་སྔོན་ལ་ཕ་ལེ་སི་ཐན་ས་ཁུལ་གྱི་གཞིས་སྡོད་གྲོང་མི་དང་གཙོ་གྲས་མི་རིགས་ཡིན། ཅོར་ཏན་གྱི་གཙང་བོའི་ནུབ་མའི་འགྲམ་རྒྱུད་དང་ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་ནའང་ཡོད། ཕ་ལེ་སི་ཐན་གྱི་མི་ནི་ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་སུ་གཏོགས། ཚང་མས་ཨ་རབ་ཀྱི་སྐད་རིགས་སྤྱོད།

རིགས་དབྱེ།  

ཕོ་ལན་གྱི་མི།

ཕོ་ལན་གྱི་མི་ནི་ཡོ་རོབ་ཤར་མའི་ཕོ་ལན་གྱི་མིས་གྲངས་འབོར་མང་ཤས་བཟུང་བའི་མི་རིགས་ཤིག་ཡིན་ལ། མི་གྲངས་ཕལ་ཆེར་ཁྲི3440ལྷག(སྤྱི་ལོ1987ལོ)ཡོད། ཨོའུ་ལུའོ་པ་མི་རྒྱུད་ཀྱི་ཡོ་རོབ་དབུས་མའི་རིགས་ཡིན། ཕོ་ལན་གྱི་སྐད་སྤྱོད། ལ་ཏིང་གསལ་བྱེད་ཀྱི་ཡིག་རིགས་སྤྱོད།

རིགས་དབྱེ།  

ཕུའུ་ཐའོ་ཡའི་མི།

ཕུའུ་ཐའོ་ཡའི་མི་ནི་ཡོ་རོབ་ལྷོ་ནུབ་ཁུལ་གྱི་མི་རིགས་ཤིག་ཡིན་ལ། ཨོའུ་ལུའོ་པ་རིགས་རྒྱུད་ཀྱི་ཏི་ཀྲུང་རྒྱ་མཚོའི་རིགས་ལ་གཏོགས། ཕུའུ་ཐའོ་ཡའི་སྐད་རིགས་སྤྱོད། ལ་ཏིང་ཡིག་རིགས་ཀྱི་གསལ་བྱེད་ཡི་གེ་བཀོལ། མང་ཤས་ཀྱིས་གནམ་བདག་ཆོས་ལུགས་ལ་དད་མོས་བྱེད།

རིགས་དབྱེ།  

བྱང་ཁོ་རེ་ཡའི་མི།

བྱང་ཁོ་རེ་ཡའི་མི་ནི་ཡ་གླིང་ཤར་བྱང་གི་ཁོ་རེ་ཡ་ཕྱེད་གླིང་གི་སྡོད་དམངས་གཙོ་བོར་བྱ་ཞིང་། འགའ་ཞིག་ཨ་མེ་རི་ཁ་དང་ཀྲུང་གོ ཧ་ས་ཁི་སི་ཐན་སོགས་ཡ་གླིང་དབུས་མའི་རྒྱལ་ཁབ་དག་ལའང་མཆེད་ཡོད། སོག་པོའི་རིགས་རྒྱུད་ཀྱི་ཡ་གླིང་ཤར་མའི་ཁོངས་སུ་གཏོགས།

རིགས་དབྱེ།  

པ་ཞིའི་མི།

པ་ཞིའི་མི་ནི་མེ་གླིང་ལྷོ་མའི་པ་ཞིའི་སྡོད་དམངས་སྤྱིའི་མིང་དུ་འཇུག་ལ། མང་ཤས་ཀྱིས་ལ་ཏིང་མེ་གླིང་ན་འཚོ་བ་རོལ་བཞིན་ཡོད། གཙོ་བོར་དབྱིན་ཏི་ཨན་གྱི་མི་དང་མི་རྒྱུད་ནག་པོ། ཕུའུ་ཐའོ་ཡའི་མི་གསུམ་ལས་གྲུབ་པའི་མི་རྒྱུད་དཀར་པོའམ་རིགས་གསུམ་འདྲེས་ནས་ཕན་ཚུན་ལ་གཉེན་སྡེབ་པའི་ཁྲག་རྒྱུད་སྣ་མང་འདྲེས་པའི་རིགས་རྒྱུད་ཅིག་གོ །

རིགས་དབྱེ།  

བྷང་ག་ལའི་མི།

བྷང་ག་ལའི་མི་ནི་ཡ་གླིང་ལྷོ་མའི་མི་རིགས་ཤིག་ཡིན་ལ། མི་འབོར་ཕལ་ཆེར་ཁྲི13870ལྷག་ཡོད། བྷང་ག་ལའི་མི་ཁྱབ་ཡོད་པའི་ས་ཁུལ་གཙོ་བོ་ནི་བྷང་ག་ལའི་རྒྱལ་ཁབ་དང་རྒྱ་གར་གྱི་བྷང་ག་ལ་ཞིང་ཆེན་དང་ཨའོ་ལི་ས་ཞིང་ཆེན། པི་ཧ་ཨེར་ཞིང་ཆེན་སོགས་དང་། ཉུང་ཤས་ཤིག་འབར་མ་དང་ནེ་པ་ལའི་རྒྱལ་ཁབ་ནའང་ཡོད། ཁོང་ཚོས་བྷང་ག་ལའི་སྐད་རིགས་སྤྱོད། དབྱིན་ཨོའུ་སྐད་ཁོངས་ཀྱི་རྒྱ་གར་སྐད་རིགས་ལ་གཏོགས་པ་ཡིན། ལཉྫའི་གསལ་བྱེད་རྨང་གཞིའི་ཡི་གེར་བརྩི། བྷང་ག་ལའི་མིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད།

རིགས་དབྱེ།  

ཨུ་རུ་སུ་དཀར་པོའི་མི།

ཨུ་རུ་སུ་དཀར་པོའི་མི་ནི་ཨུ་རུ་སུ་དཀར་པོ་སྤྱི་མཐུན་རྒྱལ་ཁབ་ན་འཚོ་སྡོད་བྱེད་པའི་མི་རིགས་ཤིག་ཡིན་ལ། དེ་དག་ཨོའུ་ལུའོ་པ་མི་རྒྱུད་ཀྱི་སི་ལ་ཧྥུ་ཤར་མའི་རིགས་ཀྱི་ཁོངས་སུ་གཏོགས། ཨུ་རུ་སུ་དཀར་པོའི་སྐད་རིགས་བཀོལ་སྤྱོད་བཞིན་ཡོད་ལ། སི་ལ་ཧྥུ་གསལ་བྱེད་རྨང་གཞི་ཡིན་པའི་ཡིག་རིགས་བཀོལ་སྤྱོད་བྱེད། མང་ཤས་དངོས་རྒྱུད་ཆོས་ལུགས་ཤར་པ་ལ་དད།

རིགས་དབྱེ།  

མ་ལ་ཝེའི་མི།

མ་ལ་ཝེའི་མི་ནི་ཧྥེ་གླིང་ལྷོ་རྒྱུད་ཀྱི་མི་རིགས་ཤིག་ཡིན་ལ། ཉི་ཀོ་ལའོ་མི་རྒྱུད་ཀྱི་པན་ཐུའུ་རིགས་སུ་གཏོགས། ཁོ་ཚོའི་འཚོ་བ་ཧ་ཅང་ཐབས་ཆག་ཡིན། གསོ་རིག་ལག་རྩལ་ཧ་ཅང་ཞན། ཨེ་ཙིའི་ནད་འབྱུང་ཚད་ཧ་ཅང་མཐོ། ད་རག་བར་དུ་ཁྱོ་གཅིག་ཤུག་མང་ལམ་ལུགས་དར་ནས་ཡོད།

རིགས་དབྱེ།  

མ་ལིའི་མི།

མ་ལིའི་མི་ནི་ཨུ་རུ་སུའི་ཧྥུར་ཅ་ཆུ་བོའི་སྟོད་རྒྱུད་ཀྱི་སྡོད་དམངས་ཡིན་ལ། ཆི་ལི་མི་སུའི་མི་ཡང་ཟེར། གཙོ་བོ་མ་ལིའི་རྒྱལ་ཁབ་ཏུ་ཁྱབ་ཡོད་ལ། ས་ཆ་གཞན་པ་རུ་འཚོ་སྡོད་བྱས་ཡོད་པའི་མི་ཡང་མང་པོ་ཡོད། ཁོ་ཚོ་ནི་ཨོའུ་ལུའོ་པ་མི་རྒྱུད་དང་སོག་པོ་མི་རྒྱུད་གཉིས་བསྲེས་པའི་མི་རྒྱུད་ཅིག་ཡིན། མ་ལིའི་སྐད་བཀོལ་སྤྱོད་བྱེད་བཞིན་ཡོད།

རིགས་དབྱེ།  

མོ་རི་ཐེའུ་སིའི་མི།

མོ་རི་ཐེའུ་སིའི་མི་ནི་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ནུབ་རྒྱུད་དང་ཧྥེ་གླིང་གི་གླིང་ཕྲན་རྒྱལ་ཁབ་མོ་རི་ཐེའུ་སིའི་སྡོད་དམངས་ཡིན། མི་འབོར་ཁྲི100ལྷག(སྤྱི་ལོ1985ལོར)ཡོད་ལ། དེའི་ཁྲོད་གཙོ་བོར་རྒྱ་གར་གྱི་མི་དང་ཁུ་ལེ་ཨའོ་ཨེར་མི་གཉིས་ཡོད། ལྷག་མ་གཞན་རྒྱ་མི་དང་ཡོ་རོབ་གླིང་གི་མིའང་ཡོད། གཞུང་ཕྱོགས་ཀྱི་སྐད་རིགས་གཙོ་བོ་ནི་དབྱིན་ཡིག་ཡིན། ཞོར་ལ་ཧྥ་རན་སེའི་སྐད་རིགས་ཀྱང་སྤྱོད།

རིགས་དབྱེ།