ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >མིའི་རིགས། >མི་ལུས།

སྣ་རུས།

སྣའི་འདེགས་རྐང་གི་གྲུབ་ཚུལ་ནི་སྣ་རུས་དང་སྣའི་རུས་སྙི་གཉིས་ཀྱིས་གྲུབ་པ་ཡིན། སྣ་རུས་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་རུས་ལེབ་གཉིས་ཡིན་ལ། སྟེང་མཐུག་ལ་འོག་སྲབ། སྟེང་དོག་ལ་འོག་ཞེང་ཆེ། སྣ་རུས་ཀྱི་གོང་དང་དཔྲལ་རུས་གཉིས་འབྲེལ་ནས་ཡོད། གཞོགས་གཉིས་ཡ་མགལ་རུས་པའི་འབུར་ཐོན་དང་འབྲེལ་ནས་ཡོད། རྒྱ་ཡིག་གི་མིང་། 鼻骨 ཕྱི་ཡིག་གི་མིང་། nasal bone ངོ་སྤྲོད། སྣའི་འདེགས་རྐང་གི་གྲུབ་ཚུལ་ནི་སྣ་རུས་དང་སྣའི་རུས་སྙི་གཉིས་ཀྱིས་གྲུབ་པ་ཡིན།  སྣ་རུས་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་རུས་ལེབ་གཉིས་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

མཁུར་རུས།

མཁུར་རུས་ནི་མགོ་རུས་ཀྱི་ནང་གསེས་གཅིག་ཡིན་ལ་ངོ་ཡི་དཀྱིལ་དང་མིག་ཟུང་གི་འོག་ཏུ་ཡོད། རྒྱ་ཡིག་གི་མིང་། 颧骨 ཕྱི་ཡིག་གི་མིང་། cheek bone ངོ་སྤྲོད། མཁུར་རུས་ནི་མགོ་རུས་ཀྱི་ནང་གསེས་གཅིག་ཡིན་ལ་ངོ་ཡི་དཀྱིལ་དང་མིག་ཁུང་གི་འོག་ཏུ་ཡོད།   གཟེ་དབྱིབས་ཡིན།   མཁུར་རུས་ལ་འབུར་དུ་ཐོན་པ་བཞི་ཡོད་ལ།  མིའི་རིགས་ཀྱི་ངོ་གདོང་གི་ཆེས་གཙོ་བོའི་གནས་ཤིག་ཡིན།   ནུས་པ། མཁུར་རུས་ནི་མིའི་ངོ་གདོང་གི་གནས་གཙོ་བོ་ཞིག་ཡིན་ལ།  མིའི་ལུས་གཟུགས་ངོ་ཡིས་དབྱིབས་དང་སྤྱི་ཁོག་ཀྱི་གྲུབ་ཚུལ་གལ་ཆེན་ཞིག་ཀྱང་ཡིན།  

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

འགྲམ་རུས་སྟེང་མ།

འགྲམ་རུས་སྟེང་མའི་ནང་ཁོག་ནི་ཁོག་སྟོང་ཞིག་ཡིན་ལ་དེ་ནི་ཡ་མགལ་སྣ་བུག་ཡིན། ཡ་མགལ་སྣ་བུག་གིས་རུས་པ་ཅུང་སྲབ་མོ་ཡིན་ལ་སོ་རྩ་དང་ཐག་ཧ་ཅང་ཉེ། རྒྱ་ཡིག་གི་མིང་། 上颌骨 ཕྱི་ཡིག་གི་མིང་། maxillary bone གྲུབ་ཚུལ། འགྲམ་རུས་སྟེང་མའི་ནང་ཁོག་ནི་ཁོག་སྟོང་ཞིག་ཡིན་ལ་དེ་ནི་ཡ་མགལ་སྣ་བུག་ཡིན།  ཡ་མགལ་སྣ་བུག་གིས་རུས་པ་ཅུང་སྲབ་མོ་ཡིན་ལ་སོ་རྩ་དང་ཐག་ཧ་ཅང་ཉེ།  འགྲམ་སོའི་རྩེ་མོ་ནད་འགོས་ཚེ་ཡ་མགལ་སྣ་བུག་གིས་གཉན་ཚད་བྱུང་བ་དང་།  ཡ་མགལ་སྣ་བུག་གི་སྐྲན་དང་ཡང་ན་དེ་ལས་གཞན་པའི་སོ་ན་བ་དང་ལྷོད་པ་སོགས་ཀྱི་ནད་རྟགས་ཡོད་པ་དང་།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

མཆན་སྤུ།

མཆན་སྤུ་ནི་མིའི་ལུས་སྟེང་དུ་གྲུབ་པ་དང་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 腋毛 ཕྱི་ཡིག་གི་མིང་། armpit hair མཆན་སྤུ་སྐྱེ་བའི་རྒྱུ་རྐྱེན། མཆན་སྤུ་ནི་མིའི་ལུས་སྟེང་དུ་གྲུབ་པ་དང་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཞིག་ཡིན།  སྐྲ་སྤུ་སྐྱེ་བ་ནི་མིའི་ལུས་སྟེང་གི་ཕོ་རྩི་དང་འབྲེལ་བ་ཡོད།  དེ་བས་མི་རྣམས་ཀྱིས་ཕོ་རྩི་ནི་བུད་མེད་ལ་མེད་པར་འདོད་ཡོད།  དོན་དངོས་སུ་རྒྱུན་ལྡན་གྱི་བུད་མེད་རྣམས་ཀྱི་ལུས་སྟེང་དུའང་ཕོ་རྩི་ངེས་ཅན་ཞིག་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

མིད་ཁ།

ལེབ་མོ་ལྡུག་མའི་དབྱིབས་ཤ་ཅན་གྱི་དབུགས་གཏོང་ལེན་བྱེད་པའི་སྦུག་ལམ་དེར་གོ་བ་ཡིན། རྒྱ་ཡིག་གི་མིང་། 咽 ཕྱི་ཡིག་གི་མིང་། fauces མིད་ཁའི་ལུས་ཁམས་ཀྱི་ནུས་པ། དབུགས་གཏོང་ལེན་བྱེད་པའི་ནུས་པ། རྒྱུན་ལྡན་གྱི་དབུགས་གཏོང་ལེན་བྱེད་སྐབས་ཁ་དབུགས་སྣ་དང་མིད་ཁུང་དུ་བརྒྱུད་སྐབས།  རྐན་ཕུགས་ངེས་པར་དུ་ལྷོད་པོ་ཡིན་དགོས།  གལ་ཏེ་སྣ་དང་མིད་ཁར་ལྷད་རྫས་སོགས་ཀྱིས་བཀག་ཡོད་ཚེ།  སྣའི་ཁུང་གི་རྒྱུན་ལྡན་ལྟར་དབུགས་གཏོང་ལེན་བྱེད་པའི་ནུས་པར་ཤུགས་རྐྱེན་ཐེབས་ནས་ཁ་གདངས་ནས་དབུགས་གཏོང་ལེན་བྱེད་དགོས། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ལག་མཛུབ།

ལག་མཛུབ་ནི་མངལ་ཆགས་ནས་མཇུག་གི་ཟླ་བ་གསུམ་གྱི་ནང་ནས་གྲུབ་པ་ཡིན། རྒྱ་ཡིག་གི་མིང་། 手指 ཕྱི་ཡིག་གི་མིང་། Finger གྲུབ་ཚུལ། ལག་མཛུབ་ནི་མངལ་ཆགས་ནས་མཇུག་གི་ཟླ་བ་གསུམ་གྱི་ནང་ནས་གྲུབ་པ་ཡིན།  སྐབས་དེ་ནི་ཕྲུ་གུ་དམར་འབྱར་གྱི་ཀླད་པ་དང་ཕོ་མོའི་དབང་པོ།  སྙིང་སོགས་གྲུབ་པའི་སྐབས་ཡིན།  ང་ཚོའི་ལག་མཛུབ་ཀྱི་རིང་ཐུང་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་རེད།  འོན་ཀྱང་ལག་མཛུབ་ཀྱི་བསྡུར་ཚད་ནམ་ཡིན་ཡང་ང་ཚོ་འཚར་ལོངས་བྱུང་བའི་སྐབས་དང་གཅིག་མཚུངས་ཡིན་ནོ། ། ལག་མཛུབ་ཀྱི་རིང་ཐུང་དང་སྐུལ་རྩི་བར་གྱི་འབྲེལ་བའི་ཡོངས་ཁུངས་ནི་བུ་སྣོད་ཡིན། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ལག་ངར་ཆུང་བ།

ལག་ངར་ཆུང་བ་ནི་ལག་ངར་ཀྱི་ནང་གཞོགས་ཀྱི་རུས་པ་རིང་ཤོས་གཉིས་ཡིན། རྒྱ་ཡིག་གི་མིང་། 尺骨 ཕྱི་ཡིག་གི་མིང་། ulna ངོ་སྤྲོད།    ལག་ངར་ཆུང་བ་ནི་ལག་ངར་ཀྱི་ནང་གཞོགས་ཀྱི་རུས་པ་རིང་ཤོས་གཉིས་ཡིན།   ཅུང་རིང་བའི་རུས་པ་ཡིན།  གཟིགས་གཅིག་རྩེ་གཉིས་ཡིན་པ་དང་།  མཐེའུ་ཆུང་གི་གཞོགས་གཅིག་ཏུ་ཡོད།  དབྱེ་ན་གོང་དང་འོག་གཟིགས་བཅས་གནས་གསུམ་ཡོད།  རུས་ཆག་བྱུང་བར་ཅུང་སླ།   གོང་གི་རུས་པ་ཅུང་ཆེ་ལ་སྦོམ་པ་དང་སྔོན་ན་ཟླ་བ་ཕྱེད་ཀའི་དབྱིབས་དང་འདྲ་བའི་ལྷུ་ཚིགས་ཀྱི་ངོས་ཤིག་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

རྫི་མ།

རྫི་མ་ནི་ཐུང་ཞིང་འཁྱོག་པོ་ཡིན་ལ། གྲལ་རིམ་གཉིས་ནས་གསུམ་གྱི་བར་དུ་ཕྲེང་སྟར་སྒྲིག་པ་ཡིན། རྒྱ་ཡིག་གི་མིང་། 睫毛 ཕྱི་ཡིག་གི་མིང་། eyelash རྣམ་པ།  རྫི་མ་ནི་ཐུང་ཞིང་འཁྱོག་པོ་ཡིན་ལ།  གྲལ་རིམ་གཉིས་ནས་གསུམ་གྱི་བར་དུ་ཕྲེང་སྟར་སྒྲིག་པ་ཡིན།   རྫི་མ་གོང་མ་ནི་མང་ཞིང་རིང་ལ་།  རྒྱུན་ལྡན་དུ100ནས150བར་ཡོད།  རིང་ཚད་ལ་ཆ་སྙོམས་ཀྱིས་ཧོ་སྨི8ནས12བར་ཡོད།  ཅུང་ཙམ་གོང་དུ་འཕེལ་བ་དང་གྱ་གྱུའི་ངང་ནས་འཚར་སྐྱེ་བྱེད་པ་དང་།  མིའི་རིགས་ཀྱི་རྫི་མའི་གསེག་ཚད་ནི།  མིག་གིས་མདུན་ཕྱོགས་འདྲོང་པོར་ལྟ་དུས་སུ། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྲིན་མཛུབ།

སྲིན་མཛུབ་ནི་དཀྱིལ་མཛུབ་དང་མཐེའུ་ཆུང་གཉིས་ཀའི་བར་གྱི་མཛུབ་མོ་ལ་ཟེར། རྒྱ་ཡིག་གི་མིང་། 无名指 ཕྱི་ཡིག་གི་མིང་། third finger ངོ་སྤྲོད། སྲིན་མཛུབ་ནི་དཀྱིལ་མཛུབ་དང་མཐེའུ་ཆུང་གཉིས་ཀའི་བར་གྱི་མཛུབ་མོ་ལ་ཟེར།  དེ་ནི་མི་རྣམས་གཉེན་སྒྲིག་སྐབས་ཀྱི་མཛུབ་དཀྲིས་སྐོན་སའི་ལག་མཛུབ་ཡིན་ནོ། །   མཛུབ་དཀྲིས་སྲིན་མཛུབ་ལ་གོན་ཡོད་པའི་སྐབས་སུ་སྤྱིར་ན་མི་དེར་དགའ་རོགས་ཡོད་པ་དང་ཡང་ན་གཉེན་བསྒྲིགས་ཟིན་པ་རེད།   མཚོན་རྟགས།  སྲིན་མཛུབ་ཀྱིས་མི་གཅིག་གིས་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ།  སྲིན་མཛུབ་ཀྱི་སྟོབས་ཆེ་ཆུང་མི་གཅིག་གི་ལུས་ཡོངས་བདེ་ཐང་ཡིན་མིན་ལ་འབྲེལ་བ་དམ་པོ་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

རྣ།

རྣ་ནི་མིག་གི་རྒྱབ་ལོགས་སུ་ཡོད་པ་དང་། དེ་ལ་གཡོ་འགུལ་དབྱེ་འབྱེད་བྱེད་པའི་ནུས་པ་ལྡན། གཡོ་འགུལ་བྱེད་པའི་སྐད་གདངས་དབང་རྩའི་བརྡ་རྟགས་སུ་འགྱུར་བར་བྱས་ནས་དེའི་རྗེས་སུ་ཀླད་པར་བརྒྱུད་བསྒྲགས་བྱེད་ཐུབ། ཀླད་པའི་ནང་དུ་བརྡ་རྟགས་འདི་དག་བརྒྱུད་ན་ང་ཚོས་ཧ་གོ་བའི་མིང་ཚིག་དང་གླུ་དབྱངས། ཡང་ན་གཞན་པའི་སྐད་གདངས་སོགས་སུ་ལོ་ཙཱ་བྱེད་ཐུབ། རྒྱ་ཡིག་གི་མིང་། 耳 ཕྱི་ཡིག་གི་མིང་། ear ངོ་སྤྲོད།  རྣ་ནི་མིག་གི་རྒྱབ་ལོགས་སུ་ཡོད་པ་དང་།  དེ་ལ་གཡོ་འགུལ་དབྱེ་འབྱེད་བྱེད་པའི་ནུས་པ་ལྡན།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

རྣ་ཤལ།

རྣ་ཤལ་གསེག་ཐིག་གཉེར་མ་ནི་རྣ་ཤལ་ཐོག་ཏུ་གསེག་ཐིག་གཉེར་མ་ཡོད་པ་ལ་ཟེར། རྒྱ་ཡིག་གི་མིང་། 耳垂 ཕྱི་ཡིག་གི་མིང་། lobe རྣ་ཤལ་དང་ནད་ཡམས། རྣ་ཤལ་གསེག་ཐིག་གཉེར་མ་ནི་རྣ་ཤལ་ཐོག་ཏུ་གསེག་ཐིག་གཉེར་མ་ཡོད་པ་ལ་ཟེར།  རྣ་ཤལ་གསེག་ཐིག་གཉེར་མ་རིམ་པ་གསུམ་དུ་བཀར་ཡོད།  རིམ་པ་དང་པོའི་་གཉེར་མ་དེ་འདྲའི་གསལ་པོ་མིན།  ངོས་སྐྱ་བོ་དང་ཐིག་ཧ་ཅང་ཕྲ།  རིམ་པ་གཉིས་པའི་གཉེར་མ་ཧ་ཅང་གསལ་པོ་ཡིན་ལ།  གཏིང་ཚད་ལ་ཧོ་སྨི་གཅིག་ཙམ་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སེན་མོ།

སེན་མོ་ནི་སྐྱི་པགས་ཀྱི་ཡན་ལག་སྒྲིག་ཆས་ཞིག་ཡིན་པས། དེ་ལའང་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་དོ། ། ཐོག་མར་སེན་མོར་ཕུབ་ཀྱི་ནུས་པ་གལ་ཆེན་ལྡན། གཉིས་པ་ནི་སེན་མོར་ལག་པ་ཇེ་ཡག་ཏུ་གཏོང་བྱེད་ཀྱི་ནུས་པ་གལ་ཆེན་ཡོད། རྒྱ་ཡིག་གི་མིང་། 手指甲 ཕྱི་ཡིག་གི་མིང་། fingernail ནུས་པ།  སེན་མོ་ནི་སྐྱི་པགས་ཀྱི་ཡན་ལག་སྒྲིག་ཆས་ཞིག་ཡིན་པས།  དེ་ལའང་ཐུན་མོང་མ་ཡིན་པའི་ནུས་པ་ཡོད་དོ། །   ཐོག་མར་སེན་མོར་ཕུབ་ཀྱི་ནུས་པ་གལ་ཆེན་ལྡན།  སེན་མོས་བརྟན་འཇགས་རང་བཞིན་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་ལག་མཛུབ་ཀྱི་རེག་པའི་ཚོར་བའི་རྫི་གསང་དོད་པོར་ཤུགས་ཆེ་རུ་གཏོང་བ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ཀེང་རུས།

མིའི་ལུས་པོ་དེ་ཁྱོན་བསྡོམས་རུས་པ206ཡིས་གྲུབ་པ་དང་། དེ་ལ་མགོ་རུས་དང་བྱང་ཁོག་གི་རུས་པ། ཡན་ལག་གི་རུས་པ་གསུམ་དུ་དབྱེ་ཡོད། ལུས་ཁམས་སུ་གྲུབ་པའི་རུས་པར་རིགས་ཀྱི་སྒོ་ནས་དབྱེ་བ་དང་། དུམ་བུའི་སྒོ་ནས་དབྱེ་བ། ལྷུ་ཚིགས་ཀྱི་སྒོ་ནས་དབྱེ་བ་བཅས་གསུམ་མོ།། རྒྱ་ཡིག་གི་མིང་། 人体骨骼 ཕྱི་ཡིག་གི་མིང་། bones of the body རུས་རིགས་ཀྱི་སྒོ་ནས་དབྱེ་བ། ཐོད་པའི་རུས་པ་དང་།  ལྟག་པའི་རུས་པ།   སྣ་སོགས་ཀྱི་ཁྲུང་རུས།  སོའི་རུས་པ།  མ་མགལ་གྱི་རུས་པ་སྟེ་མགོ་བོར་རིགས་ལྔ་དང་།  སྒལ་ཚིགས་དང་དེའི་བྱ་འདབ་ཀྱི་རུས་པ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ལག་རུས།

ལག་རུས་ཀྱི་ཁོངས་གཏོགས་མཁྲིག་མའི་རུས་པ་དང་ལག་མཐིལ་གྱི་རུས་པ། ལག་མཛུབ་ཀྱི་རུས་པ་བཅས་ཡོད། རྒྱ་ཡིག་གི་མིང་། 手骨 ཕྱི་ཡིག་གི་མིང་། metacarpal bones ངོ་སྤྲོད། ལག་རུས་ཀྱི་ཁོངས་གཏོགས་མཁྲིག་མའི་རུས་པ་དང་ལག་མཐིལ་གྱི་རུས་པ།  ལག་མཛུབ་ཀྱི་རུས་པ་བཅས་ཡོད།   དེ་ལས་མཁྲིག་མའི་རུས་པ(carpal bones)ནི་རུས་པ་ཐུང་ངུ་བརྒྱད་ཀྱིས་གྲུབ་པ་ཡིན།    ལག་མཐིལ་གྱི་རུས་པ(metacarpal bones)ནི་རུས་པ་ཐུང་ངུ་ལྔ་ཡིས་གྲུབ་པ་ཡིན།    ལག་མཛུབ་ཀྱི་རུས་པ(phalanges

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

གཙུག་རུས།

གཙུག་རུས་ནི་མགོ་རུས་ཀྱི་རིགས་ཤིག་ཡིན། མགོ་ཡི་སྟེང་དུ་ཡོད་ལ་གཡས་གཡོན་ཕྱོགས་གཉིས་སུ་རེ་རེ་ཡོད། རྒྱ་ཡིག་གི་མིང་། 顶骨 ཕྱི་ཡིག་གི་མིང་། Parietal bone ངོ་སྤྲོད།        གཙུག་རུས་ནི་མགོ་རུས་ཀྱི་རིགས་ཤིག་ཡིན།  མགོ་ཡི་སྟེང་དུ་ཡོད་ལ་གཡས་གཡོན་ཕྱོགས་གཉིས་སུ་རེ་རེ་ཡོད།   གཙུག་རུས་སྦྲུམ་རྟེན་འཚར་ལོངས་བྱུང་བའི་སྐབས་སུ་དེ་ནི་ཧ་ཅང་སྲབ་མོ་ཡིན།    སྐྱེ་དུས་རུས་པར་གྱུར་མེད།  དེ་བས་གནས་ལ་ལར་ད་དུང་ཅུང་སྲབ་པའི་ཤུན་པགས་ཡིན།   དཔེར་ན་མགོ་རུས་ཀྱི་རུས་པ་ཡོད་ཚད་རུས་པ་སྲབ་མོའི་ཁོངས་སུ་གཏོགས།   ལང་ཚོ་དར་ལ་བབས་པའི་མགོ་རུས་ཀྱི་མཐུག་ཚད་ལ་ཕལ་ཆེར་ལི་སྨི0.5ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྒྲོག་རུས།

སྒྲོག་རུས་ནི་ལྟོ་འགྲོའི་སྲོག་ཆགས། འོ་འཐུང་སྲོག་ཆགས་དང་བྱ་ཡི་རིགས་ཀྱི་སོག་རུས་གྱིས་རུས་པ་གསུམ་གྱི་ནང་གསེས་ཤིག་ཡིན། རུས་མཁྲེགས་ཉ་ཡི་ཐོག་ཏུ་རྗེས་ཤུལ་དེ་ཡོད། རྔ་མ་ཡོད་པའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ལ་སྒྲོག་རུས་མེད། རྔ་མ་མེད་པའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ལ་སྒྲོག་རུས་ཡོད་དོ། ། རྒྱ་ཡིག་གི་མིང་། 锁骨 ཕྱི་ཡིག་གི་མིང་། Clavicle ངོ་སྤྲོད། སྒྲོག་རུས་ནི་ལྟོ་འགྲོའི་སྲོག་ཆགས། འོ་འཐུང་སྲོག་ཆགས་དང་བྱ་ཡི་རིགས་ཀྱི་སོག་རུས་གྱིས་རུས་པ་གསུམ་གྱི་ནང་གསེས་ཤིག་ཡིན། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

མོ་མཚན།

མོ་མཚན་ཞེས་པ་ནི་མོ་རིགས་ཀྱི་རྟགས་སམ་མཚན་མ་ལ་གོ། རྒྱ་ཡིག་གི་མིང་། 阴道 ཕྱི་ཡིག་གི་མིང་། vagina,cunt ངོ་སྤྲོད། མོ་མཚན་ཞེས་པ་ནི་མོ་རིགས་ཀྱི་རྟགས་སམ་མཚན་མ་ལ་གོ།     མོ་མཚན་ནད་ཀྱིས་ཐེབས་པའི་རྒྱུ་རྐྱེན་ནི་ཉལ་པོ་མང་དུ་སྤྱད་པ་དང་།   ཟླ་མཚན་བབས་པའི་དུས་དང་བུ་བཙས་རྗེས་ཟས་དང་སྤྱོད་ལམ་ལོག་པ་སོགས་ཀྱིས་མོ་མཚན་གྱི་ནད་དང་མངལ་ནད་མ་ལུས་པ་སྐྱེད་པར་བྱེད་པ་ཡིན་ནོ། ། དབྱེ་བ། མོ་མཚན་གྱི་ནད་རླུང་གྱུར་པ་དང་།  མཁྲིས་པ་ལས་གྱུར་པ།   ཁྲག་ལས་གྱུར་པ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྐྱི་པགས།

སྐྱི་པགས་ནི་ལུས་ཕུང་ཕྱི་ངོས་ཀྱི་ཤ་གནད་བཏུམས་པའི་གྲུབ་ཆ་དེར་ཟེར་ཞིང་། དེ་ནི་མིའི་ལུས་ཕུང་གི་ཆེས་ཆེ་བའི་དབང་བོ་ཡིན། རྒྱ་ཡིག་གི་མིང་། 皮肤 ཕྱི་ཡིག་གི་མིང་། The skin གྲུབ་ཚུལ་དང་ནུས་པ། སྐྱི་པགས་ཀྱི་སྤྱིའི་ལྗིད་ཚད་ཀྱིས་ལུས་ཕུང་གི་བརྒྱ་ཆའི་ལྔ་ནས་བཅོ་ལྔ་ཟིན་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1.5ནས2བར་ཡོད།མཐུག་ཚད་མི་དང་མིའི་བར་མི་འདྲ་སྟེ། ཧའོ་སྨི0.5-4བར་ཡིན། སྐྱི་པགས་ཀྱིས་ལུས་ཡོངས་ཁེབས་ཤིང་།  དེས་ལུས་ཀྱི་ཡན་ལག་དང་དབང་བོ་ལ་ཕྱི་རོལ་གྱི་འཕྲུལ་ཆས་དང་དངོས་ལུགས། རྫས་འགྱུར།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྐེད་པ།

སྐེད་པ་ནི་མིའམ་ཡང་ན་རྐང་ལག་བཞི་ཅན་གྱི་དཔྱི་མགོའི་ཡན་ཆད་དང་རྩིབ་མའི་མན་ཆད་ཀྱི་གནས་དེ་ཡིན། རྒྱ་ཡིག་གི་མིང་། 腰部 ཕྱི་ཡིག་གི་མིང་། swall of the back སྐེད་པ་སྲུང་སྐྱོབ་བྱེད་པ། སྐེད་པ་ནི་མིའམ་ཡང་ན་རྐང་ལག་བཞི་ཅན་གྱི་དཔྱི་མགོའི་ཡན་ཆད་དང་རྩིབ་མའི་མན་ཆད་ཀྱི་གནས་དེ་ཡིན།  བུད་མེད་རྣམས་ཀྱི་སྐེད་པ་ནི་ཆེས་མཛེས་པའི་གནས་ཡིན་པས་དེ་ལ་བདག་སྐྱོང་ལེགས་པོ་མ་བྱས་ན་སྐྱོན་འབྱུང་སླའོ། །  ལུས་པོ་བདེ་ཐང་ཡོང་བ་ནི་མི་ཚེ་གང་བོའི་དོན་ཞིག་ཡིན།  དེ་བས་སྐེད་པ་ཡང་དེ་ལྟར་སྲུང་སྐྱོབ་བྱེད་དགོས།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ཀླད་ཆེན།

ཀླད་ཆེན་ལ་དབྱེ་ན་བར་ཀླད་དང་སྣེ་ཀླད་གཉིས་ཡོད་ལ། སྣེ་ཀླད་ལ་དབྱེ་ན་གཡས་གཡོན་གྱི་ཀླད་ཆེན་ཡོད། སྣེ་ཀླད་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་མཐོ་བའི་དབང་རྩའི་ཁོངས་གཏོགས་ཀྱི་གྲུབ་ཚུལ་གཙོ་བོ་ཡིན། གཡས་གཡོན་ཕྱེད་མ་གཉིས་ཀྱིས་གྲུབ་པ་ཡིན་ལ། མིའི་རིགས་ཀྱི་ཀླད་པའི་ཆེས་ཆེ་བའི་གནས་ཡིན། རྒྱ་ཡིག་གི་མིང་། 大脑 ཕྱི་ཡིག་གི་མིང་། Brain གྲུབ་ཆ། ཀླད་ཆེན་དང་བར་ཀླད། ངོ་སྤྲོད། ཀླད་ཆེན་ལ་དབྱེ་ན་བར་ཀླད་དང་སྣེ་ཀླད་གཉིས་ཡོད།   སྣེ་ཀླད་ལ་དབྱེ་ན་གཡས་གཡོན་གྱི་ཀླད་ཆེན་ཡོད་པ་དང་།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

རྐང་མཛུབ།

རྐང་མཛུབ་ནི་རྐང་བའི་ཆེས་མདུན་སྣེ་རུ་གནས། རྒྱ་ཡིག་གི་མིང་། 脚趾 ཕྱི་ཡིག་གི་མིང་། toe ནུས་པ། རྐང་ཐང་དུ་འགྲོ་བར་སྟབས་བདེ་ཡིན་ཆེད།  རྐང་མཛུབ་ཀྱི་ལྡེམ་ཤུགས་རང་བཞིན་གྱིས་མི་རྣམས་རྐང་ཐང་འགྲོ་བའམ་ཡང་ན་རྒྱུག་པའི་སྐབས་སུ་ཤེད་ཤུགས་བཀོལ་བའི་དུས་ཚོད་ཅུང་མང་བ།  ཤེད་ཤུགས་ཇི་ལྟར་བཀོལ་ན་སྒུལ་ཤུགས་དེ་ལས་ཀྱང་ཆེ་བས།  དེ་ལས་ཀྱང་མགྱོགས་པོའི་སྒོ་ནས་རྒྱུག་པར་རོགས་རམ་བྱེད་ཐུབ།  རྐང་མཛུབ་འགུལ་སྐྱོད་བྱེད་པའི་ཁྲོད་དུ་སྟབས་བསྟུན་གྱི་རང་བཞིན་ཧ་ཅང་ཆེ་བས། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྐེ།

སྐེ་ནི་མགོ་དང་དཔུང་བ་འབྲེལ་སའི་གནས་དེ་ལ་ཟེར། རྒྱ་ཡིག་གི་མིང་། 颈 ཕྱི་ཡིག་གི་མིང་། neck ངོ་སྤྲོད།  སྐེ་ནི་མགོ་དང་དཔུང་བ་འབྲེལ་སའི་གནས་དེ་ལ་ཟེར།  སྐེ་ཚིགས་བདག་སྐྱོང་བྱེད་སྟངས།  སྐེ་ཡིས་སྐྱི་པགས་བདག་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་ནི། སྐེ་ཡི་སྐྱི་པགས་དང་རྔུལ་ཐོན་རྨེན་བུའི་གྲངས་ཀ་ངོ་གདོང་གི་སུམ་ཆའི་གཅིག་ལས་མེད་པས་ཡིན།  སྣུམ་ཞག་ཟགས་ཐོན་ཅུང་ཉུང་བ་དང་།  དུས་རྒྱུན་དུ་འགུལ་སྐྱོད་བྱེད་པར་ཅུང་མང་བས།  རླན་གཤེར་ཉུང་ལ་སྐམ་ཤས་ཆེ་བའི་གཉེར་མས་གང་བ་ཡིན་ནོ།།   དེ་ལས་གཞན་སྐེ་དུས་རྒྱུན་དུ་ལྭ་བའི་ནང་དུ་བཅུག་ཡོད་པས།  རླན་གཤེར་མེད་པར་གྱུར་ལ་སྐམ་ཤས་ཆེ་བ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྐྲ།

སྐྲ་ནི་མིའི་མགོ་རུ་སྐྱེ་པའི་སྐྲ་སྤུ་ཡིན། སྐྲ་ནི་དབང་པོ་མིན། དབང་རྩ་དང་ཁྲག་རྩ། ཕྲ་ཕུང་སོགས་མི་འདུས། སྐྲ་ཡིས་མི་རྣམས་མཛེས་བར་རྒྱན་པར་མ་ཟད། ཆེས་གཙོ་བོ་ནི་མིའི་ཀླད་པ་ལ་སྲུང་སྐྱོབ་བྱེད་ཐུབ། རྒྱ་ཡིག་གི་མིང་། 头发 ཕྱི་ཡིག་གི་མིང་། Hair ངོ་སྤྲོད། སྐྲ་ནི་མིའི་མགོ་རུ་སྐྱེ་པའི་སྐྲ་སྤུ་ཡིན།  སྐྲ་ནི་དབང་པོ་མིན།  དབང་རྩ་དང་ཁྲག་རྩ། ཕྲ་ཕུང་སོགས་མི་འདུས།  སྐྲ་ཡིས་མི་རྣམས་མཛེས་བར་རྒྱན་པར་མ་ཟད། ཆེས་གཙོ་བོ་ནི་མིའི་ཀླད་པ་ལ་སྲུང་སྐྱོབ་བྱེད་ཐུབ།  མིའི་མགོ་ན་དབུ་སྐྲ་ཁྲི་བཅུ་ལྷག་ཡོད་པ་དང་།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ཨོལ་མདུད།

ཨོལ་མདུད་ནི་མིད་པ་གནས་སའི་ཕྲུམ་རིས་འབུར་དུ་ཐོན་པ་དེ་ལ་གོ སྐྱེས་པ་ལང་ཚོ་དར་དུས་བུད་མེད་དང་བསྡུར་ན་ཨོལ་མདུད་འཚར་ལོངས་བྱུང་བ་ཅུང་སྔ་ལ། སྐྱེས་པའི་ཨོལ་མདུད་བུད་མེད་དང་བསྡུར་ན་ཅུང་འབུར་དུ་ཐོན་ཡོད། ཨོལ་མདུད་འབུར་དུ་ཐོན་པ་ནི་སྐྱེས་པའི་ཁྱད་ཆོས་གཅིག་ཡིན། རྒྱ་ཡིག་གི་མིང་། 喉结 ཕྱི་ཡིག་གི་མིང་། Adam's apple སྐྱེ་སྲིང་དང་འཚར་ལོངས།  སྐྱེས་པ་ལང་ཚོ་དར་དུས་བུད་མེད་དང་བསྡུར་ན་ཨོལ་མདུད་འཚར་ལོངས་བྱུང་བ་ཅུང་སྔ་ལ། 

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སྐྱུར་བ།

སྐྱུར་བས་མི་ལ་ཁམས་དྭངས་པོ་དང་ཟུག་གཟེར་སློང་བའི་ཚོར་བ་སྟེར་ཐུབ། དེ་ལ་ཟ་མའི་དང་ག་ཇེ་ཆེར་འགྲོ་བའི་ནུས་པ་ལྡན་པར་མ་ཟད། ཟས་རིགས་ཀྱི་ནང་དུ་སྐྱུར་རྩི་ཅུང་ཙམ་བསྲེས་ན་དེ་དང་མཐུན་པའི་མི་རུལ་བའི་ནུས་པ་ཡང་ལྡན་ནོ། ། རྒྱ་ཡིག་གི་མིང་། 酸味 ཕྱི་ཡིག་གི་མིང་། tart flavour; acidity ངོ་སྤྲོད། སྐྱུར་བས་མི་ལ་ཁམས་དྭངས་པོ་དང་ཟུག་གཟེར་སློང་བའི་ཚོར་བ་སྟེར་ཐུབ།  དེ་ལ་ཟ་མའི་དང་ག་ཇེ་ཆེར་འགྲོ་བའི་ནུས་པ་ལྡན་པར་མ་ཟད།  ཟས་རིགས་ཀྱི་ནང་དུ་སྐྱུར་རྩི་ཅུང་ཙམ་བསྲེས་ན་དེ་དང་མཐུན་པའི་མི་རུལ་བའི་ནུས་པ་ཡང་ལྡན་ནོ། ། དེ་ལས་གཞན་ད་དུང་ཚི་སྣའི་རྒྱུ་དང་ལིན(磷)སོགས་ཞུ་བའི་ནུས་པ་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

གཤེར་མ།

གཤེར་མ་ནི་ཆེ་ཞིང་ཕྲ་ལ་རིང་བའི་རྒུན་འབྲུམ་སྟར་ལ་བརྒྱུས་པ་ལྟ་བུའི་རྨེན་གཟུགས་ཤིག་ཡིན་ལ། ཕོ་བའི་རྒྱབ་ལོགས་སུ་འཕྲེད་དུ་གནས་པར་མ་ཟད། མཚེར་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་བར་དུ་ཡོད། དེ་ནི་གཡས་ཕྱོགས་ཀྱི་སྣེ་ཅུང་ཆེ་བ་ལ་ཐུར་དུ་དཔྱངས་པ་དང་། གཡོན་ཕྱོགས་ཀྱི་སྣེ་འཕྲེད་དུ་གནས་ཤིང་མཚེར་བ་དང་སྦྲེལ་ཡོད། གཞན་གཤེར་མ་ནི་མིའི་ལུས་ཁམས་ཀྱི་ནང་ཁྲོལ་གཙོ་བོ་ཞིག་ཡིན། རྒྱ་ཡིག་གི་མིང་། 胰脏 ངོ་སྤྲོད། གཤེར་མ་ལ་ཆ་གཉིས་ཡོད་དེ། གཅིག་ནི་གཤེར་མ་ཡིན་པ་དང་། དེ་ནི་ཕྱིའི་ཟགས་ཐོན་གཤེར་རྨེན་ཞིག་ཡིན་ལ།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

གཅིན་ལམ།

གཅིན་ལམ་གྱི་འགོ་ནི་མཁལ་ཕོར་དང་སྦྲེལ་ཡོད་པ་དང་། མཇུག་ནི་ལྒང་བར་སྦྲེལ་ཡོད་ཅིང་། དེ་ནི་ཕྲ་ལ་རིང་བའི་སྦུ་གུ་ཞིག་ཡིན་ལ། ཀ་ཟླུམ་གྱི་དབྱིབས་ལྟ་བུ་ཞིག་ཀྱང་ཡིན། རྒྱ་ཡིག་གི་མིང་། 输尿管 ངོ་སྤྲོད། གཅིན་ལམ་གྱི་འགོ་ནི་མཁལ་ཕོར་དང་སྦྲེལ་ཡོད་པ་དང་། མཇུག་ནི་ལྒང་བར་སྦྲེལ་ཡོད་ཅིང་། དེ་ནི་ཕྲ་ལ་རིང་བའི་སྦུ་གུ་ཞིག་ཡིན་ལ། ཀ་ཟླུམ་གྱི་དབྱིབས་ལྟ་བུ་ཞིག་ཀྱང་ཡིན། མི་དར་མའི་གཅིན་ལམ་གྱི་རིང་ཚད་ལ་ལི་སྨི25-35ཡི་བར་ཡིན་པ་དང་། གསུས་པའི་འབྱར་སྐྱིའི་རྒྱབ་ཕྱོགས་སུ་ཡོད་ལ། སྐེད་པའི་ཤ་གནད་ནང་ངོས་ཀྱི་མདུན་ཕྱོགས་ནས་མར་དཔྱངས་ནས་མཚང་ཁོག་ཏུ་ཐོན་ཡོད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

ཁྲག་ལོང་།

ཁྲག་ལོང་ནི་ལོང་གའི་ཁྲོད་ཀྱི་ཆེས་སྦོམ་པ་དང་ཆེས་ཐུང་བ་དེ་ཡིན་ཞིང་། རྒྱུ་ནག་གི་གཡས་ཕྱོགས་ཀྱི་རྒྱབ་ལོགས་སུ་ཡོད་ལ། དེ་ནི་སྦུ་གུ་རིང་བོ་གཉིས་ཡིན་པར་ཟད་ལ། སྣེ་ནི་རྒྱབ་ཏུ་ཕྱོགས་ཡོད། རྒྱ་ཡིག་གི་མིང་། 盲肠 ཕྱི་ཡིག་གི་མིང་། The cecum གྲུབ་ཚུལ། ཁྲག་ལོང་ནི་ཐོག་དང་པོར་ནུར་འགྲོའི་རིགས་ཀྱི་སྲོག་ཆགས་ལ་ཡོད་པ་ཞིག་ཡིན་པ་ལས། མིའི་ལུས་ཁམས་ཀྱི་ཁྲག་ལོང་གི་ནུས་པ་ནི་དེ་འདྲའི་མངོན་གསལ་ཞིག་མིན། ཡང་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ལ་ཁུག་མ་རིང་བོའི་དབྱིབས་ཀྱི་ཁྲག་ལོང་ཡོད་པ་ཡིན། གཉན་ཚད།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

སོ་མགོ།

སོ་མགོ་ནི་མིའི་རིགས་ཀྱི་བཟོས་པའི་སོ་ཤུབས་ཡིན། དེ་ནི་སོ་ཞིག་གསོ་བྱེད་པའི་ཐབས་ཤིག་ཡིན། རྒྱ་ཡིག་གི་མིང་། 牙冠 ཕྱི་ཡིག་གི་མིང་། dental crown ངོ་སྤྲོད།  སོ་མགོ་ནི་མིའི་རིགས་ཀྱི་བཟོས་པའི་སོ་ཤུབས་ཡིན།   དེ་ནི་སོ་ཞིག་གསོ་བྱེད་པའི་ཐབས་ཤིག་ཡིན།   གལ་ཏེ་སོ་ལ་སྐྱོན་སོགས་བྱུང་བ་དང་སོ་འཛུགས་པར་དཀའ་བའི་སྐབས་སུ་གཅིག་མཚུངས་མིན་པའི་རྒྱུ་ཆའི་སོ་ཤུབས་བཟོས་ནས་ཇེ་ཆུང་དུ་བཏང་བའི་སོ་མགོ་ཐོག་ཏུ་གོན་ན་ཆོག།   རིན་གོང་། རང་རྒྱལ་དུ་སོ་མགོའི་རིན་གོང་གཅིག་ལ་དམངས་སྒོར་སུམ་བརྒྱ་ནས་བཞི་སྟོང་ལྷག་གི་བར་ཡིན་པ་དང་།  ཨ་མེ་རི་ཁ་རུ་མེ་སྒོར་དྲུག་བརྒྱ་ནས་སུམ་སྟོང་ལྷག་ཙམ་ཡིན།   སོ་མགོ་ཞིག་གསོ་བྱེད་པ།  སོ་མགོ་ཞིག་གསོ་བྱེད་པ་ནི་སོ་ངོས་སུ་སོ་མདོག་དང་འདྲ་བའི་སོ་ཤུབས་ཤིག་གྱོན་པ་དེ་ཡིན།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།

རྩིབ་རུས།

རྩིབ་རུས་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་གློ་བ་དང་སྙིང་། མཆིན་པ་སོགས་དབང་བོ་རྣམས་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པའི་ཀེང་རུས་ཡིན་ལ། བྲང་ཁོག་ཧྲིལ་བོའི་རྟེན་གནས་ལྟ་བུ་ཡང་ཡིན། རྒྱ་ཡིག་གི་མིང་། 肋骨 ཕྱི་ཡིག་གི་མིང་། rib གྲངས་ཀ ཆ་བཅུ་གཉིས། ངོ་སྤྲོད། མིའི་རྩིབ་རུས་ལ་ཆ་བཅུ་གཉིས་ཡོད་པ་དང་གཡས་གཡོན་དོ་མཉམ་པར་ཡོད་ལ། རྩིབ་རུས་ཀྱི་མཇུག་བྲང་ཚིགས་དང་སྦྲེལ་ནས་ཡོད་པ་དང་། རྩིབ་རུས་ཀྱི་འགོ་རུ1-7བར་གྱི་བྲང་རུས་དང་སྦྲེལ་ཡོད་ཅིང་། དེ་ལ་རྩིབ་རུས་དག་མ་ཟེར་བ་དང་།

རིགས་དབྱེ།   རང་བྱུང་ཁམས།མིའི་རིགས།