ཡོངས་འཛིན་རིག་མཛོད། >ས་ཁམས། >ས་རྒྱུས། >ས་རྒྱུས་རིག་པ།

སའི་གོ་ལའི་ཤེས་བྱ།

སའི་གོ་ལའི་ཉིན་ཞག་གཅིག་གི་ཚད་དང་བྱེ་ཐང་གི་རྒྱ་ཁྱོན། ནང་གི་དྲོད་ཚད། བཞུར་ཆུའི་ཚེ་ཚད། འགྱུར་བ། འཁྱགས་རོམ། ནང་སྙིང་སོགས་རྒྱས་བཤད་བྱས་ཡོད།

རིགས་དབྱེ།  

འཛམ་གླིང་གི་སའི་གོ་ལའི་ཉིན་མོ།

མིའི་རིགས་ལ་སའི་གོ་ལ་གཅིག་པོ་འདི་མ་གཏོགས་མེད་པ་དང་། སའི་གོ་ལའི་སྟེང་གི་སྐྱེ་དངོས་ཡོད་ཚད་ང་ཚོའི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཡིན། རང་བྱུང་ལ་ཤ་ཚ་བ་དང་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན། ཁོར་ཡུག་གཏོར་བརླག་གཏོང་བ་ནི་མིའི་རིགས་ལ་ཉེས་སྐྱོན་བཟོ་བ་རང་ཡིན་པས། ད་ལྟ་ཉིད་ནས་ང་ཚོས་སོ་སོའི་ལག་ཟུང་ལ་བརྟེན་ནས་དེ་དག་འགྱུར་ལྡོག་གཏོང་དགོས།

རིགས་དབྱེ།  

ཆུ་ཀླུང་རྣམ་བཤད།

ཕྱོགས་བསྡུས་རང་བཞིན་གྱི་ས་རྒྱུས་རིག་པའི་ཆེད་རྩོམ་ཞིག་ཡིན།

རིགས་དབྱེ།  

ཡོམ་ལྟེ།

ཡོམ་ཁུངས་ནི་ས་ངོས་ཀྱི་གྲིབ་གཟུགས་ཕོག་སར་ཡོད་ཅིང་། ཡོམ་ལྟེ་ནི་ས་ཁོངས་ངེས་ཅན་ཞིག་ལས་ཚེག་ཅིག་ལ་གོ་དགོས་པ་མིན།

རིགས་དབྱེ།  

མི་འབོར་ས་ཁམས་རིག་པ།

མི་འབོར་ས་ཁམས་རིག་པ་ནི་མི་ཆོས་ས་ཁམས་རིག་པའི་ཁྲོད་ཀྱི་ཡན་ལག་གི་རིག་ཚན་གསར་བའི་གྲས་ཤིག་ཡིན་པ་དང་། ས་ཁམས་རིག་པ་དང་། མི་འབོར་རིག་པ། སྤྱི་ཚོགས་རིག་པ། དཔལ་འབྱོར་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིག་ཚན་བར་གྱི་མཐའ་མཚམས་རིག་ཚན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་འོག་མི་འབོར་ཁྱབ་ཚུལ་དང་། མི་འབོར་གྲུབ་ཚུལ། མི་འབོར་འགྱུར་ལྡོག་དང་མི་འབོར་འཕར་བའི་བར་སྟོང་གི་འགྱུར་ལྡོག་དང་། དེ་བཞིན་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་ཁོར་ཡུག་གི་འབྲེལ་བའི་བར་གྱི་རིག་ཚན་ཞིག་ཡིན། དེས་མི་འབོར་གྱི་གྲངས་དང་སྤུས་ཚད། མི་འབོར་འཕར་ཚད་དང་མི་འབོར་གྱི་སྒྲིག་གཞིའི་བར་སྟོང་གི་བར་ཁྱད་དང་། ས་ཁམས་ཁོར་ཡུག་གཅིག་གི་ཕན་ཚུན་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། ས་ཁམས་རིག་པ་དང་དཔལ་འབྱོར་རིག་པ། སྤྱི་ཚོགས་རིག་པ། ལོ་རྒྱུས་རིག་པ། སྐྱེ་ཁམས་རིག་པ་དང་དེ་བཞིན་མི་འབོར་རིག་པ་སོགས་མི་འབོར་གྱི་གནད་དོན་ལ་དོ་སྣང་བྱེད་པའི་རིག་ཚན་བར་ཕུན་ཚུན་འབྲེལ་ནས་ཡོད་ཀྱང་། མི་འབོར་སྣང་ཚུལ་གྱི་བར་སྟོང་གི་འགྱུར་བ་དེ་མཐའ་གཅིག་ཏུ་ས་ཁམས་རིག་པའི་མི་འབོར་ཞིབ་འཇུག་གི་གཙོ་གནད་དུ་ཆགས་ཡོད། མི་འབོར་དང་ས་ཁམས་རིག་པར་ཕྱོགས་བསྡུས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད།

རིགས་དབྱེ།  

རྒྱ་མཚོའི་ངོས་ལས་མཐོ་ཚད།

དེ་ནི་ས་ངོས་ཀྱི་གནས་ཤིག་མཚོ་ངོས་ལས་མཐོ་བའི་དྲང་འཕྱང་བར་ཐག་ལ་ཟེར་ཞིང་། ས་ཆ་ག་གེ་མོ་ཞིག་དང་མཚོ་འཕགས་ཀྱི་བར་ཁྱད་ཡིན་ལ། སྤྱིར་བཏང་དུ་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ཚད་ལྟར་རྩིས་རྒྱག་པ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་ཀྱི་ཐིག་གནས་སམ་ཆུ་ཚད་ཐིག་གནས་ཟེར་བ་དང་། དེ་ནི་མཚོ་འགྲམ་གྱི་ས་ཆ་ག་གེ་མོའི་ཆ་སྙོམས་ཀྱི་མཚོ་ངོས་ཡིན་ཞིང་། དེ་ནི་ས་གནས་དེ་གའི་རླབས་ཚད་འཇལ་ས་ཚིགས་ཀྱི་ལོ་མང་རིང་གི་ཟིན་ཐོ་གཞིར་བཟུང་སྟེ་མཚོ་ངོས་ཀྱི་གནས་ཡུལ་ཆ་སྙོམས་བྱས་ནས་ཐོབ་པ་ཡིན།

རིགས་དབྱེ།  

ས་བབ་མཐོ་ཚད།

མཚོ་ངོས་ལས་མཐོ་ཚད་ལ་ལྟོས་མེད་མཐོ་ཚད་ཀྱང་ཟེར་ཞིང་། དེ་ནི་ས་གནས་ཤིག་དང་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ཀྱི་ཁྱད་པར་ཡིན། དུས་རྒྱུན་ཆ་སྙོམས་ཀྱི་མཚོ་ངོས་ཚད་གཞི་བྱས་ནས་རྩིས་བརྒྱབ་ན། ས་ངོས་ཀྱི་ས་གནས་ཤིག་མཚོ་ངོས་ལས་མཐོ་བའི་དྲང་འཕྱང་གི་བར་ཐག་ཡིན། མཚོ་ངོས་ལས་མཐོ་ཚད་ཀྱི་མགོ་བརྩམས་ས་ལ་མཚོ་ངོས་ལས་མཐོ་ཚད་ཐིག་གནས་དང་ཡང་ན་ཆུ་ཚད་ཐིག་གནས་ཟེར་ལ། དེ་ནི་མཚོ་འགྲམ་ག་གེ་མོའི་ཆ་སྙོམས་ཀྱི་མཚོ་ངོས་ཡིན་ཞིང་། ས་གནས་དེ་གའི་རླབས་ཚད་འཇལ་ས་ཚིགས་ཀྱི་ལོ་མང་རིང་གི་ཟིན་ཐོ་གཞིར་བཟུང་ནས་མཚོ་ངོས་ཀྱི་གནས་ཡུལ་ཆ་སྙོམས་བྱས་ནས་ཐོབ་པ་ཡིན།

རིགས་དབྱེ།  

མཚོ་སྙོམ་ཐིག་གནས།

རྒྱ་མཚོའི་ངོས་ལས་མཐོ་ཚད་ཀྱི་ཐིག་གནས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཀྱི་མགོ་འཛུགས་ས་ཡིན་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ཚོད་རྩིས་བྱེད་པའི་གཞི་འཛིན་ས་ཡང་ཡིན། མཚོ་འགྲམ་གྱི་ས་གནས་ཤིག་གི་ཆ་སྙོམས་རྒྱ་མཚོའི་ངོས་ལ་ཟེར་བ་དང་། དེ་ནི་ས་གནས་དེ་གའི་རླབས་ཚད་འཇལ་ས་ཚིགས་ཀྱི་ལོ་མང་རིང་གི་ཟིན་ཐོ་གཞིར་བཟུང་ནས་མཚོ་ངོས་ཀྱི་གནས་ཡུལ་ཆ་སྙོམས་བྱས་ནས་ཐོབ་པ་ཡིན།

རིགས་དབྱེ།  

རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་ཤོས་ཀྱི་གྲོང་ཁྱེར།

རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་ཤོས་ཀྱི་གྲོང་ཁྱེར་ཆེ་ཤོས་ནི་སུའུ་ཁུ་ལེ་ཟེར་བའི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན་པ་རེད།

རིགས་དབྱེ།  

གཤིབ་བསྡུར་ས་ཁམས་རིག་པ།

དེ་ནི་གཤིབ་བསྡུར་ཞིབ་འཇུག་བྱེད་པའི་ས་ཁམས་རིག་པའི་བརྟག་ཐབས་སྨྲ་བའི་རིག་ཚན་ཞིག་ཡིན།

རིགས་དབྱེ།  

ས་ཁམས་རིག་པའི་མཚན་ཉིད་རིག་པ།

དེ་ནི་ས་ཁམས་རིག་པ་དང“ཚན་རིག་ལག་རྩལ་མཚན་ཉིད་རིག་པ”བར་གྱི་མཐའ་མཚམས་ཚན་རིག་ཅིག་ཡིན། རང་ངོས་སྨྲ་བ་དང་། འཇིག་རྟེན་ལྟ་བ། ཤེས་རྟོགས་སྨྲ་བ། བརྟག་ཐབས་སྨྲ་བ། གཏན་ཚིགས་རིག་པ་བཅས་དང་དེ་བཞིན་ཚན་རིག་མཚན་ཉིད་རིག་པའི་ཐད་ནས་ས་ཁམས་རིག་པའི་ཚན་རིག་གི་གྲུབ་ཚུལ་དང་། ཚན་རིག་གི་ངོ་བོ། ཞིབ་འཇུག་དམིགས་ཡུལ། དོན་སྙིང་། ཞིབ་འཇུག་བྱེད་ཐབས། གཏན་ཚིགས་མ་ལག ས་ཁམས་རིག་པ་བཅས་དང་འབྲེལ་བ་ཡོད་པའི་མཚན་ཉིད་རིག་པའི་གནད་དོན་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གྲུབ་མཐའ་དང་རིག་གཞུང་ལྟ་བ་སྣ་ཚོགས་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་དང་དཔྱད་གཏམ་སྤེལ་བ། ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་ནས་ས་ཁམས་རིག་པའི་ཡར་བརྩོན་དང་གསར་གཏོད་རྒྱས་བཤད་བྱས་ཡོད།

རིགས་དབྱེ།  

ས་ངོས་དྲོད་ཚད།

དེ་ནི་ས་ངོས་དང་མན་ཆད་ཀྱི་གཏིང་ཚད་མི་འདྲ་བའི་གནས་ཀྱི་ས་རྒྱུའི་དྲོད་ཚད་ཀྱི་སྤྱི་མིང་ཡིན་ཞིང་། ཁ་ཞེང་ངེས་ཅན་ལྡན་པའི་རླངས་སྒུལ་འཕྲུལ་ཆས་ནང་གི་ཆུ་རླངས་འགྱུར་གྱིས་ཇེ་དམའ་རུ་གཏོང་བའི་ཟབ་ཚད་ལ་ཟེར། འཇལ་བྱེད་ནི་ཧྲེ་ཧྲི་ཏུའུ(ཏུའུ)ཡིན།

རིགས་དབྱེ།  

རྒྱུ་སྐར་ས་ཁམས་རིག་པ།

དེར་བར་སྟོང་ས་ཁམས་རིག་པ་ཡང་ཟེར་ཞིང་། དེ་ནི་རྒྱུ་སྐར་གྱི་ཟུར་ཚད་ནས་སའི་གོ་ལར་སྤྱི་ཡོངས་ནས་ཞིབ་འཇུག་བྱེད་པའི་རང་བྱུང་ས་ཁམས་རིག་པའི་ཡན་ལག་ལ་ཟེར། དེ་ནི་དུས་རབས20པའི་ལོ་རབས20པ་ནས50པའི་བར་རྩིས་ཚན་ས་ཁམས་རིག་པའི་ཉམས་རྒུད་དང་ཉེ་རབས་གནམ་དཔྱད་རིག་པ་འཕེལ་རྒྱས་འགྲོ་བའི་སྐབས་སུ་རིམ་གྱིས་གྲུབ་པའི་སའི་གོ་ལའི་ཚན་རིག་དང་བར་སྣང་ཚན་རིག་གི་མཐའ་མཚམས་རིག་ཚན་ཞིག་ཡིན། ས་ཁམས་རིག་པའི་སྲོལ་རྒྱུན་གྱི་འདུ་ཤེས་ཐད་ནས་བལྟས་ན། ས་ཁམས་རིག་པའི་བར་སྟོང་གི་འདུ་ཤེས་དེ་སྤྱི་ཁོག་ནས་སའི་གོ་ལ་དེ་རྒྱུ་སྐར་ཧྲིལ་བོའི་རང་ངོས་ཀྱི་རྣམ་པ་དང་འཇིག་རྟེན་ཁྲོད་ཀྱི་གོ་གནས་གཞིར་འཛིན་དགོས།

རིགས་དབྱེ།  

ས་ཁམས་ལད་ཟློས།

ས་ཁམས་ལད་ཟློས་བྱེད་པ་ནི་ས་ཁམས་མ་ལག་གི་ངོ་བོ་ལ་རྟོག་ཞིབ་བྱེད་ཆེད་རིགས་བསྡུར་ཐབས་སྤྱད་དེ་དངོས་བཤེར་དང་ལྟ་ཞིབ་བྱེད་པ་མ་ཟད། འགུལ་རྣམ་གསལ་སྟོན་གྱི་ཞིབ་འཇུག་བྱེད་ཐབས་སྤེལ་བ་ཡིན།

རིགས་དབྱེ།  

སའི་གོ་ལའི་བར་སྟོང་ཆ་འཕྲིན་ཚན་རིག

དེ་ནི་ས་ཁམས་བར་སྟོང་གི་གཞི་གྲངས་ལེན་པ་དང་། གསོག་ཉར། སྒྲིག་གཅོད། གསལ་སྟོན་བཅས་བྱེད་པའི་རིག་ཚན་ཞིག་ཡིན་ལ། སའི་གོ་ལའི་ཚན་རིག་གི་ཡན་ལག་ཅིག་ཡིན།

རིགས་དབྱེ།  

ཁོར་ཡུག་ས་ཁམས་རིག་པ།

དེ་ནི་མིའི་རིགས་དང་ས་ཁམས་ཁོར་ཡུག་གི་འབྲེལ་བ་བྱ་ཡུལ་བྱས་ཏེ། ས་ཁམས་ཁོར་ཡུག་གི་བྱུང་བ་དང་འཕེལ་རྒྱས་ལ་ཞིབ་འཇུག་བྱས་ཏེ་གྲུབ་ཚུལ་དང་སྒྲིག་གཞི། སྙོམ་སྒྲིག་དང་ཚོད་འཛིན། བསྒྱུར་བཀོད་དང་བེད་སྤྱོད་བཅས་བྱེད་པའི་རིག་ཚན་ཞིག་ཡིན། དེའི་ཁོངས་གཏོགས་ཀྱི་རིག་ཚན་ལ་ས་ཁམས་རིག་པ(རིམ་པ་དང་པོའི་རིག་ཚན)དང་། ཁོར་ཡུག་ས་ཁམས་རིག་པ(རིམ་པ་གཉིས་པའི་རིག་ཚན)གཉིས་ཡོད།

རིགས་དབྱེ།  

འདམ་ར་རིག་པ།

དེ་ནི་འདམ་རའི་རིག་པའི་ཁྲོད་ཀྱི་གཞི་རྩའི་ཐ་སྙད་ནས་མགོ་བཙུགས་ཏེ་འདམ་ར་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆུ་དཔྱད་རྒྱུ་རྐྱེན་དང་སྐྱེ་ཁམས་བརྒྱུད་རིམ་དང་འབྲེལ་བ་ཡོད་པ་དང་འདམ་རའི་སྐྱེ་དངོས་དང་འདམ་རའི་ཐོན་ཁུངས་ཀྱི་གཞི་རྩའི་ཁྱད་ཆོས་གསལ་བཤད་བྱས་ཡོད།

རིགས་དབྱེ།  

རང་བྱུང་འདམ་ར།

དེ་ནི་རང་བྱུང་ངམ་མི་བཟོས་དུས་ཡུན་རིང་ཞིང་གནས་སྐབས་རང་བཞིན་གྱི་འདམ་ར་གང་ཡིན་རུང་། འདམ་སོལ་དང་ཆུ་ཁོངས། བཞུར་མེད་ཆུའམ་ཡང་ན་བཞུར་བཞིན་པའི་ཚྭ་མེད་ཆུ་དང་། ཚྭ་ཕྱེད་ཆུ། ཚྭ་ཆུ་བཅས་ཡིན།

རིགས་དབྱེ།  

ཆུ་བོའི་འདམ་ར།

ཆུ་བོའི་འདམ་རའི་འགྱུར་ལྡོག་གི་བརྒྱུད་རིམ་དེ་ཆུ་རྒྱུན་གྱི་ནུས་པ་གཙོ་བོར་བྱས་པའི་རུལ་བསླད་དང་། དབོར་འདྲེན། དིམ་བསགས་བཅས་ཀྱི་བརྒྱུད་རིམ་དང་བསྟུན་ཡོད་ཅིང་། ཆུ་བོའི་མ་ལག་ཁྲོད་དུ། ཆུ་ལམ་གྱི་མཐའ་མཚམས་སུ་ཐོན་པའི་ཕྱིའི་སྒུལ་ཤུགས་གཙོ་བོ་ནི་བྱེ་མའི་བཞུར་རྒྱུན་ཡིན།

རིགས་དབྱེ།  

དྲང་འཕྱང་ས་ཁུལ།

སྤྱིར་བཏང་གི་གནས་ཚུལ་འོག་དྲང་འཕྱང་ས་ཁུལ་ནི་མཐོ་ཚད་ངེས་ཅན་གྱི་རི་གཟུགས་ལས་བྱུང་བའི་རང་བྱུང་ས་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་སྣང་ཚུལ་འོག་ནས་གོང་བར་གྱི་རིམ་པ་བརྗེ་རེས་བྱེད་པ་ལ་ཟེར།

རིགས་དབྱེ།  

འཛུགས་སྐྲུན་ས་ཁམས་རིག་པ།

དེ་ནི་སའི་གོ་ལའི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་དང་སྲུང་སྐྱོང་བྱེད་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་རང་བྱུང་ཁོར་ཡུག་བསྒྱུར་བཀོད་བྱེད་པའི་ཚན་རིག་ཅིག་ཡིན་ཞིང་། གཙོ་བོ་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་ས་ཁམས་གནད་དོན་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས། མི་འབོར་བཀོད་སྒྲིག་བཅས་ཀྱི་ཆེས་ལེགས་པའི་ཇུས་གཞི་སོགས་ཀྱི་ནང་དོན་ཚུད་ཡོད།

རིགས་དབྱེ།  

ས་ཁམས་སྡེ་ཚན།

ས་ཁམས་རྐྱེན་ཆ་དེ་རིམ་པ་ངེས་ཅན་ཞིག་གི་སྟེང་དུ་སྡེབ་སྒྲིག་བྱས་ནས་ས་ཁམས་སྒྲིག་གཞིའི་སྡེ་ཚན་གྲུབ་པ་དང་། དེ་ནས་ས་ཁམས་སྒྲིག་གཞིའི་སྡེ་ཚན་གྱིས་ས་ཁམས་ཁོར་ཡུག་ཧྲིལ་བོའི་ས་ཁམས་མ་ལག་གྲུབ་པ་རེད།

རིགས་དབྱེ།  

ས་ཁམས་བརྒྱུད་རིམ།

ས་ཁམས་བྱ་དངོས་ཀྱི་དུས་ངེས་མེད་ཀྱི་འགྱུར་ལྡོག་ཁྱད་ཆོས་ནན་བཤད་བྱེད་པ་དང་། ཚོར་ཐུབ་པ་དང་ཚད་འཇལ་ཐུབ་པའི་རྨང་གཞིའི་སྟེང་དུ། དུས་ཡུན་མི་རིང་བའི་ཚད་ཐིག་སྟེ་དུས་རིམ་གྱི་རིམ་པ་ལྟར་རིགས་སོ་སོའི་ས་ཁམས་རང་བཞིན་གྱི་མངོན་ཚུལ་འཛུགས་པ་དང་། དེ་ནས་ངོ་བོ་འདི་དག་གཏན་འཁེལ་གྱི་ཁྱབ་ཁོངས་ག་གེ་མོ་ཞིག་ཏུ་བཞག་ནས་དབྱེ་ཞིབ་བྱས་ཏེ། གཞུང་ཕྱོགས་ཀྱི་མཚོན་ཚུལ་ཆོས་ཉིད་ཐོབ་པ་རེད།

རིགས་དབྱེ།  

ས་ཁམས་ཆགས་ཚུལ།

ས་ཁམས་མ་ལག་གྲུབ་པའི་བྱ་དངོས་ཁག་དང་། གྲངས་འབོར་ཐོག་གི་བསྡུར་ཚད། བར་སྟོང་ནང་གི་ཆགས་སྟངས། དེ་བཞིན་དུས་ཚོད་ཐོག་གི་འབྲེལ་བ་བྱེད་སྟངས་བཅས་ཡིན་ཞིང་། ས་ཁམས་མ་ལག་ནང་ཁུལ་གྱི་བྱ་དངོས་སོ་སོའི་བར་གྱི་འབྲེལ་བ་མཚོན།

རིགས་དབྱེ།  

ས་ཁམས་ལེགས་སྒྱུར།

དེ་ནི་རིག་གནས་ཀྱི་བརྡ་ཆད་ཅིག་ཡིན།

རིགས་དབྱེ།  

ས་ཁམས་ཀྱི་རྒྱུ་འབྲས་ཆོས་ཉིད།

ས་ཁམས་ཁོར་ཡུག་ཁྲོད་སྣང་ཚུལ་གང་ཞིག་ཡིན་རུང་ཚང་མ་རྒྱུ་རྐྱེན་གཅིག་གམ་ཡང་ན་རྒྱུ་རྐྱེན་སྐོར་ཞིག་ཡིན་པ་མ་ཟད་དེ་དང་མཐུན་པའི་ཆ་རྐྱེན་གཞན་དག་གི་འོག་ཏུ་ནུས་པ་བཏོན་པའི་མཇུག་འབྲས་ཡིན།

རིགས་དབྱེ།  

ས་ཁམས་ར་བ།

དེར་བར་སྟོང་ར་བ་ཡང་ཟེར་ཞིང་། དེ་ནི་ཐོན་སྐྱེད་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པའི་དངོས་པོ་དང་ནུས་ཚད་ནང་འདྲེན་བྱེད་པའམ་ཡང་ན་ཐོན་རྫས་དང་ཐོན་སྐྱེད་མཇུག་འབྲས་ཕྱིར་གཏོང་བྱེད་པ། བརྒྱུད་གཏོང་བྱ་སྤྱོད་དང་འགུལ་སྐྱོད་ཁྱད་ཆོས་སྟེང་གི་བར་སྟོང་ཆོས་ཉིད་དང་མཚོན་ཚུལ་ཡིན།

རིགས་དབྱེ།  

ས་ཁམས་ཟད་གྲོན་གྲུབ་ཚུལ།

དེ་ནི་ས་ཁམས་རིག་པའི་ཁྲོད་དུ་རྒྱ་ཆེར་ཁྱབ་ཡོད་ཅིང་། ས་ཁམས་མ་ལག་ནི་དོ་མཉམ་རྣམ་པ་དང་བྲལ་བའི་སྒོ་འབྱེད་མ་ལག་ཅིག་ཡིན།

རིགས་དབྱེ།  

ས་ཁམས་ཁོར་ཡུག་གི་བསྟུན་ཤུགས།

དེ་ནི་རང་བྱུང་ས་ཁམས་མ་ལག་གི་གཏན་འཇགས་རྣམ་པ་སྲུང་འཛིན་བྱེད་པའི་འགོག་ཤུགས་ལ་ཟེར་ཞིང་། ཚེ་སྲོག་མ་ལག་གི་རྒྱུན་ལྡན་གྱི་རྒྱུན་སྐྱོང་ལ་ཁྱད་དུ་གསོད་དགོས་པའི་གནོན་ཤུགས་དང་། རྩ་རྒྱུས་མ་ལག་གི་རྒྱུན་ལྡན་འཁོར་སྐྱོད་ལ་བཀག་འགོག་བྱེད་པའི་སྒུལ་ཤུགས། སྤྱི་ཚོགས་མ་ལག་གི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་རྒྱུན་ལྡན་མིན་པའི་ནུས་པ་འདོན་པ་སོགས་ཡོད། དེ་དག་ནི་ས་ཁམས་རིག་པའི་དོན་སྙིང་སྟེང་གི་བསྟུན་ཤུགས་མཚོན་ཚུལ་ཡིན།

རིགས་དབྱེ།  

ས་ཁམས་བར་སྟོང་ནུས་སྣང་།

དེ་ནི་ས་ངོས་གྲུབ་ཚུལ་གྱི་ཁྱད་པར་དང་བར་སྟོང་ཆགས་སྟངས་ཀྱི་འགྱུར་ལྡོག་སོགས་བར་སྟོང་གི་རྐྱེན་ལས་བྱུང་བའི་ས་ཁམས་མ་ལག་ཁྲོད་ཀྱི་དངོས་པོ་དང་། ནུས་པ། ཆ་འཕྲིན་བཅས་ཡང་བསྐྱར་བགོ་བཤའ་རྒྱག་པའི་སྣང་ཚུལ་དང་བརྒྱུད་གཏོང་རྙོག་འཛིང་ཅན་གྱི་སྣང་ཚུལ་ལ་ཟེར།

རིགས་དབྱེ།