ཆུ་ཀླུང་རྣམ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ཀླུང་རྣམ་བཤད།
ཕྱོགས་བསྡུས་རང་བཞིན་གྱི་ས་རྒྱུས་རིག་པའི་ཆེད་རྩོམ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水经注
རྩོམ་ལུས།
ལྷུག་རྩོམ།
རྒྱལ་རབས།
ཝེ་བྱང་མ།
རྩོམ་པ་པོ།
ལི་ཏའོ་ཡོན།
1 བརྩམས་ཆོས་ངོ་སྤྲོད།

ཝེ་བྱང་མའི་ལི་ཏའོ་ཡོན་ནི་རང་རྒྱལ་གནའ་རབས་ཀྱི་ཕུལ་དུ་བྱུང་བའི་ས་རྒྱུས་རིག་པ་བ་ཞིག་ཡིན། ཁོས་བྲིས་པའི《ཆུ་ཀླུང་རྣམ་བཤད》ནི་ཕྱོགས་བསྡུས་རང་བཞིན་གྱི་ས་རྒྱུས་རིག་པའི་ཆེད་རྩོམ་ཞིག་ཡིན། 《ཆུ་ཀླུང་རྣམ་བཤད》ཀྱི་ནང་དུ་སྔོན་མིས་བྲིས་མ་མྱོང་བའི་ཆུ་ཀླུང་མང་པོ་ཞིབ་འབྲི་བྱས་ཡོད། དེབ་ཧྲིལ་བོའི་ནང་དུ་ཆུ་ལམ་མ་ལག་ལ་མཆན་འགོད་པ་རྩ་གནད་དུ་བཟུང་ནས། ཆུ་བོའི་འབབ་ཡུལ་གྱི་རི་ཀླུང་དང་གྲོང་རྡལ། ས་བབ་ཐོན་རྫས། ཡུལ་སྲོལ་གོམས་འདྲིས། ལོ་རྒྱུས་ཀྱི་གནའ་ཤུལ་སོགས་མཚམས་སྦྱོར་ཞིབ་མོ་བྱས་ཡོད།

2 རྩོམ་པ་པོ།

ལི་ཏའོ་ཡོན་ནི་ཆུང་དུས་ནས་བཟུང་རང་བྱུང་ཁམས་ཆེན་པོར་ཤིན་ཏུ་དགའ། ཕྱིས་སུ་ཁོ་གནའ་ཤུལ་གྲགས་ཅན་མང་པོར་ཡུལ་སྐོར་དུ་ཕྱིན་ནས། ཆུ་ལམ་གྱི་ཁྱབ་སྟངས་དང་འབབ་སར་ཡིད་འཇོག་བྱས། ཁོའི་རྐང་རྗེས་རྨ་་ཆུ་དང་ཧོའེ་ཧོ་ཆུ་བོའི་འབབ་ཡུལ་ཡོངས་སུ་ཁྱབ་པ་དང་། འབྲི་ཆུའི་བར་རྒྱུད་དང་སྨད་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཡང་བསླེབས་མྱོང་། འདིས་ཁོ་ལ《ཆུ་ཀླུང་རྣམ་བཤད》འབྲི་བར་དཔྱད་གཞིའི་ཡིག་རིགས་མང་པོ་མཁོ་སྤྲོད་བྱས། དེབ་འདི་ནི་ཚིག་སྦྱོར་བདེ་ཞིང་ཡུལ་ལྗོངས་ཞིབ་འབྲི་བྱས་པ་སྙན་ངག་དང་རི་མོ་ཇི་བཞིན་མཛེས་ཤིང་ཡིད་དུ་འོངས་པ་ཞིག་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།