འཛམ་གླིང་གི་སའི་གོ་ལའི་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་གླིང་གི་སའི་གོ་ལའི་ཉིན་མོ།
མིའི་རིགས་ལ་སའི་གོ་ལ་གཅིག་པོ་འདི་མ་གཏོགས་མེད་པ་དང་། སའི་གོ་ལའི་སྟེང་གི་སྐྱེ་དངོས་ཡོད་ཚད་ང་ཚོའི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཡིན། རང་བྱུང་ལ་ཤ་ཚ་བ་དང་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན། ཁོར་ཡུག་གཏོར་བརླག་གཏོང་བ་ནི་མིའི་རིགས་ལ་ཉེས་སྐྱོན་བཟོ་བ་རང་ཡིན་པས། ད་ལྟ་ཉིད་ནས་ང་ཚོས་སོ་སོའི་ལག་ཟུང་ལ་བརྟེན་ནས་དེ་དག་འགྱུར་ལྡོག་གཏོང་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界地球日
ཕྱི་ཡིག་གི་མིང་།
World Earth Day
མིང་གཞན།
སའི་གོ་ལའི་ཉིན་མོ།
དུས་ཚོད།
ལོ་རེར་ཟླ4པའི་ཚེས22ཉིན།
དུས་ཆེན་གྱི་འབྱུང་ཁུངས།
འཛམ་གླིང་རང་བཞིན་གྱི་སྤྱི་ཕན་བྱ་འགུལ།
བྱ་འགུལ།
འཛམ་གླིང་རང་བཞིན་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་བྱ་འགུལ།
དུས་ཆེན་གྱི་དོན་སྙིང་།
སའི་གོ་ལར་གཅེས་སྐྱོང་བྱེད་པ།
1 འཛམ་གླིང་གི་སའི་གོ་ལའི་ཉིན་མོ།

འཛམ་གླིང་གི་སའི་གོ་ལའི་ཉིན་མོ(The World Earth Day)སྟེ། ལོ་རེར་ཟླ 4 བའི་ཚེས 22 ཉིན། འཛམ་གླིང་རང་བཞིན་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོ་ཡི་ཉིན་མོ་ཡིན། 2009ལོའི་སྐབས63པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ལོ་རེའི་ཟླ 4 བའི་ཚེས 22 ཉིན་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་གཏན་ལ་ཕབ། 

བྱ་འགུལ་དེ་ཆེས་ཐོག་མར། 1970ལོ་ཨ་རིའི་ཀའེ་ལུའོ་ཏུ་དང་ཉི་ཨེར་སེན། ཏན་ཉི་སི། ཧའེ་སི་བཅས་ཀྱི་གྲོས་འགོ་བཏོན་པ་དང་། དེ་རྗེས་ཤུགས་རྐྱེན་ཇེ་ཆེར་སོང་། བྱ་འགུལ་གྱི་དམིགས་ཡུལ་ནི་མིའི་རིགས་ཀྱིས་སའི་གོ་ལར་གཅེས་སྐྱོང་དང་།  ཁྱིམ་གཞི་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་འབོད་སྐུལ་བཏང་ཐོག  ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མཐུན་སྦྱོར་གོང་འཕེལ་ལ་ཡར་སྐུལ་བཏང་ནས་སའི་གོ་ལ་ཧྲིལ་པོའི་ཁོར་ཡུག་ལ་སྔར་ལས་ལྷག་པར་ལེགས་བཅོས་བྱེད་པ་དེ་ཡིན། ཀྲུང་གོས་དུས་རབས 20 པའི་ལོ་རབས 90 ནས་བཟུང་། ལོ་རེར་ཟླ 4 བའི་ཚེས 22 ཉིན་འཛམ་གླིང་གི་སའི་གོ་ལ་ཉིན་མོའི་བྱ་འགུལ་སྤེལ།

2 རང་བྱུང་སྲུང་སྐྱོབ་ཁུལ།

རང་བྱུང་ཐོན་ཁུངས་སྤྱི་དང་བྱེ་བྲག་ཏུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དཀོན་པོའི་རིགས་དང་། རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མ་ལག་དམིགས་བསལ་ཅན་རྣམས་སྲུང་སྐྱོང་བྱེད་ཕྱིར་རྒྱལ་ཁབ་ཁག་གིས་རི་རྒྱ་ཀླུང་རྒྱ་བསྡམས་ནས་སྲོང་སྐྱོབ་བྱེད་ཀྱི་ཡོད། དེ་ལ་རང་བྱུང་སྲུང་སྐྱོབ་ཁུལ་ཟེར།

3 རི་སྐྱེས་སྲོག་ཆགས་སྲུང་སྐྱོབ།

མིའི་རིགས་ཀྱིས་རྔོན་གསོད་དང་ཁོར་ཡུག་ལ་གཏོར་བརླག་བྱས་དྲག་པས་རི་དྭགས་གཙོད་ཀྱི་རིགས་དང་གྲངས་འབོར་ཇེ་ཉུང་ཇེ་ཉུང་ཆགས་ཀྱི་ཡོད། རི་སྐྱེས་སྲོག་ཆགས་དང་ལྷག་པར་དུ་འཇིག་ཉེན་ལ་བཅར་བའི་རི་སྐྱེས་སྲོག་ཆགས་སྐྱོབ་ཕྱིར་རྒྱལ་ཁབ་ཁག་གིས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བཟོས་ཡོད་པ་རེད། རང་རྒྱལ་གྱིས1988ལོར《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》སྤེལ་ནས་དེའི་སྐོར་གྱི་རྩ་དོན་ཁག་གཏན་ལ་ཕབ་ཡོད།  

4 སྡོང་འཛུགས་དུས་ཆེན།

ལྗང་མདོག་རྩི་ཤིང་ནི་མིའི་རིགས་ཀྱི་ཚེ་སྲོག་གི་འཁྲུངས་ཡུལ་ཡིན་ལ། མིའི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་དེ་ཉི་འོད་དང་འབྲལ་ཐབས་མེད་པ་བཞིན་ལྗང་མདོག་གི་རྩི་ཤིང་དང་ཡང་འབྲལ་ཐབས་མེད། ཟླ3པའི་ཚེས12ཉིན་ནི་ཀྲུང་གོའི་སྡོང་འཛུགས་དུས་ཆེན་ཡིན། ལོ་རེའི་ཟླ4པའི་ཚེས22ཉིན། འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་བྱེད་སྒོ་སྤེལ་ནས་ཁོར་ཡུག་སྲོང་སྐྱོང་བྱེད་དགོས་པའི་དོན་སྙིང་དྲིལ་སྒྲོག་བྱེད་ཀྱི་ཡོད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-18

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།