སའི་གོ་ལའི་ཤེས་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སའི་གོ་ལའི་ཤེས་བྱ།
སའི་གོ་ལའི་ཉིན་ཞག་གཅིག་གི་ཚད་དང་བྱེ་ཐང་གི་རྒྱ་ཁྱོན། ནང་གི་དྲོད་ཚད། བཞུར་ཆུའི་ཚེ་ཚད། འགྱུར་བ། འཁྱགས་རོམ། ནང་སྙིང་སོགས་རྒྱས་བཤད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地球常识
ཕྱི་ཡིག་གི་མིང་།
Earth's common sense
གཞི་ཁྱོན།
སའི་གོ་ལ།
ནང་དོན།
རླུང་ཆགས་པ།  དེ་བཞིན་རྒྱུན་མཐོང་གི་ས་ཁམས་སྣང་ཚུལ།
1 སའི་གོ་ལའི་ཉིན་ཞག་གཅིག་གི་ཚད།

ལོ་ངོ་དུང་ཕྱུར 10 ཡི་ཡར་སྔོན་དུ། སའི་གོ་ལའི་སྟེང་གི་ཉིན་ཞག་ཧྲིལ་བོ་གཅིག་ནི་ཆུ་ཚོད 18 ཡིན་ལ། སའི་གོ་ལའི་འཁོར་སྐྱོད་རིམ་པ་བཞིན་ཇེ་དལ་དུ་གྱུར་པར་བརྟེན། ད་ལྟ་ཉིན་ཞག་ཧྲིལ་བོ་གཅིག་གི་དུས་ཡུན་ནི་ཆུ་ཚོད 24 རེད། ཚན་རིག་པས་རྟོག་ཞིབ་བྱས་པ་ལྟར་ན་མ་འོངས་པའི་དུས་ཤིག་ལ་སའི་གོ་ལའི་སྟེང་གི་ཉིན་ཞག་ཧྲིལ་བོ་གཅིག་ནི་ཆུ་ཚོད 96 ཏུ་འགྱུར་སྲིད།

2 སའི་གོ་ལའི་བྱེ་ཐང་གི་རྒྱ་ཁྱོན།

སའི་གོ་ལའི་སྟེང་གི་བྱེ་ཐང་གི་རྒྱ་ཁྱོན་གྱིས་སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་སུམ་ཆའི་གཅིག་ཟིན་འདུག གལ་སྲིད་མིའི་རིགས་ཀྱིས་རང་ཉིད་ཀྱི་སྤྱོད་ལམ་བག་ལྡན་མ་བྱས་ཚེ། སའི་གོ་ལ་བྱེ་ཐང་ཅན་དུ་འགྱུར་བ་དེ་བས་ཀྱང་ཚབས་ཆེན་དུ་འགྱུར་སྲིད། ཧྥེ་གླིང་བྱང་མའི་ས་ཧ་ར་བྱེ་ཐང་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་ཡིན།

3 སའི་གོ་ལའི་ནང་གི་དྲོད་ཚད།

སའི་གོ་ལའི་ནང་ངོས་སུ་སྤྱི་ལེ 1 རེ་ཕྱིན་ཚེ། དྲོད་ཚད་ཀྱང་ཏུའུ་གྲངས 20 རེ་ཇེ་མཐོར་འགྲོ་སྲིད།   ཚན་རིག་པས་རིགས་འདེད་སྒོས་ཚོད་དཔག་བྱས་པ་ལྟར་ན། སའི་གོ་ལའི་དཀྱིལ་སྙིང་གི་དྲོད་ཚད་ནི་ཏུའུ་གྲངས 3870 ཡིན་ཟེར།

4 སའི་གོ་ལའི་བཞུར་ཆུའི་ཚེ་ཚད།

སའི་གོ་ལའི་སྟེང་གི་བཞུར་ཆུ་ནི་གསོན་པོ་ཞིག་ཡིན་ནམ། སྐབས་འདིའི་གསོན་པོ་ཞེས་པ་ནི་སྲོལ་རྒྱུན་གྱི་སྒྲ་དོན་ལྟར་གོ་མི་རུང་མོད། བཞུར་ཆུ་ལ་སྲོག་ལྡན་གྱི་སྐྱེ་དངོས་ཇི་བཞིན་ཚེ་ཚད་ཡོད། བཞུར་ཆུ་དེ་དག་ཆུ་མགོ་བརྡོལ་ནས། རིམ་བཞིན་ནར་སོན་པ་ཡིན་ལ། དེ་ནས་ལོ་ཚོད་ཇེ་ཆེར་སོང་བ་དང་མཉམ་དུ་རྒས་ཏེ་འཆི་སྲིད།

5 སའི་གོ་ལའི་ནང་སྙིང་།

ཚོད་དཔག་བྱས་པ་ལྟར་ན། སའི་གོ་ལའི་ནང་སྙིང་ནི་སྲ་གཟུགས་ཀྱིས་གྲུབ་པ་ཞིག་ཡིན་ཞིང་། ཕྱི་ངོས་ནི་དྲོད་ཚད་ཧ་ཅང་མཐོ་བའི་དབང་གིས་གཤེར་གཟུགས་སུ་གྱུར་འདུག མིའི་རིགས་ད་ལྟའི་བར་དུ་སའི་གོ་ལའི་དཀྱིལ་སྙིང་ལ་ཕྱིན་མ་མྱོང་བས། ཚན་རིག་པས་གྲུབ་ཆ་ཅི་ཞིག་ཡིན་པ་དེ་ཐག་གཅོད་བྱེད་དཀའ། མིག་སྔར་ཚན་རིག་པས་བསམ་ཚུལ་གསར་བ་ཞིག་བཏོན་ཡོད་པ་ལ་དོན་སྙིང་ཆེན་པོ་ལྡན་ཏེ། དེ་ནི་སའི་གོ་ལར་ཁུང་བུ་ཞིག་བརྟོན་རྗེས། རྟོག་ཞིབ་འཕྲུལ་ཆས་ཁུང་བུ་དེའི་ནང་དུ་བཅུག་སྟེ་སའི་གོ་ལའི་ནང་ངོས་ཀྱི་གནས་ཚུལརྟོག་ཞིབ་བྱེད་རྒྱུ་དེ་རེད།

6 སའི་གོ་ལའི་སྟེང་གི་ཚ་གྲང་།

སའི་གོ་ལའི་སྟེང་གི་ཚ་བ་ཆེས་ཆེ་བའི་ས་ཆ་དང་གྲང་ངར་ཆེས་བའི་ས་ཆ། མིག་སྔར་ཟིན་ཐོར་བཀོད་པའི་ཚ་བ་ཆེས་ཆེ་བའི་ས་ཆ་ནི་ལི་པི་ཡ་རྒྱལ་ཁབ་ཀྱི་ཨ་ཆི་ཅི་ཡ་ས་ཆ་རེད། 1922ལོའི་ཟླ 9 བའི་ཚེས 13 ཉིན། ས་ཆ་དེའི་དྲོད་ཚད་ཏུའུ་གྲངས 57.8 ལ་བསླེབས་འདུག འཛམ་གླིང་གི་གྲང་ངར་ཆེས་ཆེ་བའི་ས་ཁུལ་ནི་ཏུང་ཧྥང་ས་ཚིགས་རེད། 1983 ལོའི་ཟླ 7 པའི་ཚེས 21 ཉིན་གྱི་དྲོད་ཚད་ནི་གོར་ཐིག་མན་གྱི་ཏུའུ 89 བསླེབས་འདུག་གོ །

7 བྲག་རྡོའི་འགྱུར་བ།

རྒྱ་མཚོའི་གཏིང་རིམ་གྱི་རི་རྒྱུད་དུ་གནས་པའི་ལྕགས་རྫས་དང་མཱིན་རྫས་འདྲེས་པའི་བྲག་རྡོས་མཚོ་ཆུའི་ནང་གི་གཏེར་རྫས་བརྔུབས་ཏེ། ལོ་ཁྲི 100 རེའི་ནང་དུ་ཧའོ་སྨི 1 རེ་ཇེ་ཆེར་འགྲོ་བཞིན་འདུག

8 སའི་གོ་ལ་འགྱུར་བ།

གནམ་དཔྱད་མཁས་པས་རིགས་འདེད་བྱས་པ་ལྟར་ན། ད་ལྟ་ནས་ལོ་ངོ་དུང་ཕྱུར་བཅུ་ཕྲག་འགའི་རྗེས་སུ། ཉི་མའི་གོ་ལའི་སྟེང་ན་འཚོ་སྡོད་བྱས་ཡོད་ཚེ་ཚ་གདུག་གིས་བསྲེག་པར་གྱུར་ཏེ་སའི་གོ་ལའང་རླངས་པ་ཇི་བཞིན་ཡལ་འགྲོ  འོན་ཀྱང་བྱ་བ་གང་ལའང་འགྱུར་ལྡོག་འབྱུང་བ་ཡིན། ཉི་མའི་གོ་ལའི་སྤུས་ཚད་ལ་འགྱུར་ལྡོག་བྱུང་ཚེ། སའི་གོ་ལ་ཉི་མའི་གོ་ལ་དང་རྒྱང་དུ་གྱེས་ཏེ་འོས་འཚམ་ཡིན་པའི་རྒྱུ་ལམ་ཞིག་གི་སྟེང་ནས་འཁོར་སྐྱོད་བྱེད་སྲིད། ཚན་རིག་པས་རིགས་འདེད་བྱས་པ་ལྟར་ན། སྐབས་དེ་དུས། འགྲོ་བ་མིའི་རིགས་ཀྱིས་སའི་གོ་ལ་དང་ཉི་མའི་བར་གྱི་བར་ཐག་ཇེ་རིང་ལ་གཏོང་བའི་ཐབས་ལམ་ཞིག་རྙེད་ངེས་ཡིན།

9 སའི་སྟེང་གི་རྡོ།

སའི་གོ་ལའི་སྟེང་གི་བྲག་རྡོ་ཆུ་ངོས་སུ་གཡེང་སྲིད་དམ། ང་ཚོས་ཐོས་མ་ཐག་ཏུ་དོན་དག་འདི་ནི་ཇི་འདྲའི་ངོ་མཚར་བ་ཞིག་རེད་ཨང་སྙམ་སྲིད། ཡིན་ནའང་བྲག་རྡོ་ཆུ་ངོས་སུ་གཡེང་བ་དེ་དོན་དངོས་ཤིག་ཡིན་ཏེ། མེ་རི་འཕྱུར་དུས་ཞུན་རྡོན་ལས་ཐོན་པའི་རླངས་གཟུགས་ཀྱིས་གཡེང་རྡོ་ཞེས་པའི་བྲག་རྡོ་ཞིག་གྲུབ་ཐུབ། བྲག་རྡོ་དེ་དག་གི་ནང་དུ་དབུགས་ལྒང་མང་བོ་ཡོད་པས། ཆུ་ངོས་སུ་གཡེང་ཐུབ་པ་ཡིན་ནོ། །

10 འཁྱགས་རོམ།

གལ་སྲིད་ལྷོ་སྣེ་གླིང་གི་འཁྱགས་རོམ་ཞུ་ཚེ། མཚོ་ངོས་ཡར་ལ་ཅི་ཙམ་འཕགས་སྲིད། ལྷོ་སྣེ་གླིང་གི་འཁྱགས་རོམ་གྱིས་སའི་གོ་ལའི་སྟེང་གི་འཁྱགས་རོམ་གྱི་བརྒྱ་ཆའི་དགུ་བཅུ་ཟིན་ཡོད་ཅིང་། སའི་གོ་ལའི་སྟེང་གི་ཚྭ་མེད་ཆུ་ནི་ལྷོ་སྣེ་གླིང་གི་འཁྱགས་རོམ་ཞུ་ཚེ། མཚོ་ངོས་ཁང་བརྩེགས 20 ཙམ་གྱི་མཐོ་དམན་ཞིག་ཡར་ལ་འཕགས་སྲིད། ཚན་རིག་པས་བཤད་པ་ལྟར་ན་ལྷོ་སྣེ་གླིང་གི་འཁྱགས་རོམ་དལ་གྱིས་འཇུ་བཞིན་ཡོད་པར་བལྟས་ན། སྤྱི་ལོ 2100 ལོར་མཚོ་ངོས་སྨི 1 ཙམ་ཡར་འཕགས་སྲིད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།