ཡོངས་འཛིན་རིག་མཛོད། >ས་ཁམས། >ས་རྒྱུས། >གཞན་དག

ས་ཡོམ་ཁྱབ་སྟངས།

དེང་དུས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་མྱུར་བས། འགྲོ་བ་མིའི་རིགས་མཁའ་སྐྱོད་འཕུར་གྲུར་བསྡད་དེ་སྟོང་ཁམས་སུ་ཉུལ་བཞིན་ཡོད་མོད། སའི་གོ་ལའི་གཏིང་རིམ་ལ་ཕྱིན་ཏེ་གསལ་བོ་ཞིག་བལྟ་འདོད་པ་ནི་ད་དུང་རྨི་ལམ་ཙམ་དུ་ཟད་པ་རེད། མིའི་རིགས་ཀྱིས་ཚན་རིག་ལ་བརྟེན་ནས་སྟོང་སྨི10མན་དུ་གཏེར་ཁྲོན་རྩད་ཞིབ་བྱེད་པ་མངོན་པར་གྲུབ་ནའང་། སའི་གོ་ལའི་ཕྱི་ངོས་ཀྱི་རྒྱ་ཁྱོན་དང་ཚངས་ཕྱེད་ཤིན་ཏུ་ཆེ་བ་ལ་གཞིགས་ཏེ་བཤད་ན། སའི་གོ་ལའི་ནང་རོལ་གྱི་གྲུབ་ཚུལ་ལ་གསལ་བོར་བལྟ་འདོད་པ་ནི་ད་དུང་གླེང་བའི་གནས་སུ་འགྱུར་དཀའ་བ་ཞིག་ཏུ་སྣང་།

རིགས་དབྱེ།  

གནས་ཆེན་སྨན་མོ་བྲག་དཀར།

རྒྱལ་ཡུམ་བྱམས་མ་ཆེན་མོས་བྱིན་གྱིས་རློབས་པའི་གནས་མཆོག་སྔོན་ཚེ་དམུ་རྒྱལ་མགོན་པོ་གནས་འདིར་རྫུ་འཕྲུལ་ཞབས་ཀྱིས་བཅག་པ་དང་བར་དུ་རིག་འཛིན་ཡབ་སྲས་ཀྱིས་བྱིན་རླབས་བཀའ་རྟགས་བཞག་ལ། མདོར་ན་ངོ་མཚར་ཡིད་དུ་འོང་བའི་ཡུལ་ལྗོངས་འདིར་བོན་བན་གཉིས་ཀས་རང་རང་ལུགས་ལྟར་དད་པའི་ཕྱག་བསྐོར་བྱེད་ཅིང་། དེང་སྐབས་ནག་ཆུ་ས་ཁུལ་གྱི་གནས་རི་རྩ་ཆེན་དང་མ་འོངས་ཡུལ་བསྐོར་གྱི་རྟེན་གཞི་བཅས་རེད།

རིགས་དབྱེ།  

ལིའོ་ཉིང་ཧའེ་ཐང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ལིའོ་ཉིང་ཧའེ་ཐང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ལིའོ་ཉིང་གི་ནུབ་རྒྱུད་དང་ཁུ་ཨེར་ཆིན་བྱེ་སའི་ལྷོ་ངོས་ཀྱི་ཀྲུང་གོའི་རིམ་པ་དང་པོའི་སྐྱེ་ཁམས་ཚོར་སྐྱེན་ཁུལ་དང་། ཐང་རྒོད་ཅན་ཕྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བའི་མདུན་གྲལ་དུ་གནས་པ་དང་། དེ་ནི་ལིའོ་ནུབ་ཀྱི་སྲུང་སྐྱོབ་བྱས་པ་ཅུང་ལེགས་ཤིང་ནགས་ཚལ་སྐྱེ་ཁམས་ཀྱི་རིགས་ཆ་ཚང་ལ། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་རང་བྱུང་ནགས་ཁུལ་ཞིག་ཡིན་པས། ལིའོ་ནུབ་ཀྱི་ལྗང་མདོག་གི་མུ་ཏིག་ཞེས་སུ་འབོད་ཀྱི་ཡོད།

རིགས་དབྱེ།  

ཧུའུ་ལུའུ་གླིང་ཕྲན་ཧུང་ལུའོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ཧུའུ་ལུའུ་གླིང་ཕྲན་ཧུང་ལུའོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ལིའོ་ཉིང་ཞིང་ཆེན་དུ་གནས་ཡོད།

རིགས་དབྱེ།  

ཅི་ལིན་ལུང་ཝན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ལུང་ཝན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་རིགས་ཀྱི་སྲུང་སྐྱོང་ས་ཁུལ་ཞིག་ཡིན་ཞིང་། སྤྱི་ལོ1991ལོར་བཙུགས་པ་དང་སྤྱི་ལོ2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དུ་རིམ་སྤོར་བྱས་པ་རེད། གཙོ་གནད་སྲུང་སྐྱོང་བྱ་ཡུལ་ནི་མེ་རིའི་ས་དབྱིབས་རྨང་གཞིར་བྱས་ནས་ཆགས་པའི་འདམ་རའི་སྣོད་བཅུད་མ་ལག་དང་། སྐྱེ་དངོས་ཀྱི་དངོས་རིགས་དང་སྐྱེ་ཁམས་ཁོར་ཡུག་སྣ་ཚོགས་ཡིན།

རིགས་དབྱེ།  

ཅི་ལིན་མོ་མོ་ཀུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ཅི་ལིན་མོ་མོ་ཀུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ཅི་ལིན་ཞིང་ཆེན་པའེ་ཁྲེང་གྲོང་ཁྱེར་ཀྲེན་ལའེ་རྫོང་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང144000ཡོད་པ་དང་། ཤར་དུ་ཧེ་ལུང་ཅང་ཞིང་ཆེན་དང་གཙང་པོ་གཅིག་གིས་ཆོད་ཅིང་། བྱང་དུ་ནང་སོག་དང་འབྲེལ་ཡོད། དེ་ནི་ཁུ་ཨེར་ཆིན་རྩྭ་ཐང་ཐོག་གི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་ཡིན་པ་རེད།

རིགས་དབྱེ།  

ཅི་ལིན་ཐེན་ཧྥོ་ཀྲི་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ཅི་ལིན་ཐེན་ཧྥོ་ཀྲི་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་སྤྱི་ལོ1996ལོར་བཙུགས་པ་དང་། སྤྱི་ལོ2007ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དུ་རིམ་སྤོར་བྱས་པ་དང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་ཀྱི་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ལུང་ཅིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་ཅིང་། རང་བྱུང་སྐྱེ་ཁམས་མ་ལག་གི་རིགས་དང་རི་སྐྱེས་སྐྱེ་དངོས་ཀྱི་རིགས་སུ་གཏོགས་པ་རེད།

རིགས་དབྱེ།  

ལིའོ་ཉིང་ལོའུ་ཙི་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ལིའོ་ཉིང་ལོའུ་ཙི་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་ཁཱ་ལཱ་ཆིན་གཡོན་རུའི་སོག་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང11150ཡོད།

རིགས་དབྱེ།  

ལིའོ་ཉིང་དབྱི་ཝུའུ་ལུས་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ།

ལིའོ་ཉིང་དབྱི་ཝུའུ་ལུས་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ནི་ལིའོ་ཉིང་གི་ནུབ་རྒྱུད་ཀྱི་དབྱི་རྫོང་དང་པེ་ཀྲེན་རྫོང(གྲོང་ཁྱེར)གཉིས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། དེ་ནི་ཨེ་ཤེ་ཡ་ཤར་མའི་ས་ཁུལ་དུ་དམིགས་བསལ་དུ་ཡོད་པའི་རང་བྱུང་སྣུམ་ལྡན་ཐང་ཤིང་ནགས་ཚལ་དང་། ཧྭ་བྱང་རྩི་ཤིང་ཁུལ་གྱི་ད་ཡོད་ཀྱི་ཅུང་ཆ་ཚང་བའི་རང་བྱུང་གི་ལོ་མ་ཁབ་དབྱིབས་ཅན་དང་ལོ་ཆེན་ནགས་ཚལ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད།

རིགས་དབྱེ།  

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་མཚོན་རྟགས།

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་མཚོན་རྟགས་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སྔར་བས་དྲིལ་བསྒྲགས་བྱེད་པའི་དོན་སྙིང་གལ་ཆེན་ལྡན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དྲིལ་བསྒྲགས་དང་ཤེས་རྟོགས་བྱེད་ཚད་ཆེ་རུ་གཏོང་ཆེད། སྐྱེ་ཁམས་ཁོར་ཡུག་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་སྤྱི་ལོ2018ལོའི་ཟླ11པའི་ཚེས12ཉིན་ཁྱབ་བསྒྲགས་བྱས་པའི་མཚོན་རྟགས་ཤིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཅིག་གྱུར་དང་ཚད་ལྡན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་པར་གཙོ་གནད་ནི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཕྱོགས་བསྡུས་ཚོད་ལྟ་སྤེལ་བ་དང་། ཚོད་ལྟ་དང་དཔེ་སྟོན་སྣ་ཚོགས་ཚད་ལྡན་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བར་ཐབས་ལམ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱེད་པ་དེ་ཡིན། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དེས་བཅོས་བསྒྱུར་གྱི་མཉམ་ཤུགས་གཅིག་སྒྲིལ་དང་། ལྗང་མདོག་འཕེལ་རྒྱས་ལ་སྒུལ་ནུས་སྣོན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ནུས་ལྡན་དཔེ་དབྱིབས་འཚོལ་ཞིབ་བཅས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

རིགས་དབྱེ།  

སྐྱེ་ཁམས་རྩོལ་ནུས།

སྐྱེ་ཁམས་རྩོལ་ནུས་ནི་སྐྱེ་ཁམས་ཁོར་ཡུག་ལ་བརྟན་འཇགས་སྙོམས་སྒྲིག་གི་ནུས་པ་འདོན་པའི་ནུས་པ་ཡིན་ལ། རྒྱུན་པར་མཐོང་བ་ནི། འདམ་རའི་སྐྱེ་ཁམས་མ་ལག་གི་ཆུ་ལོག་དང་ཐན་སྐྱོན་འགོག་པའི་ནུས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ས་ཆུ་ཤོར་ཚུལ་འགོག་པའི་ནུས་པ་ཡིན། སྐྱེ་ཁམས་ཀྱི་རིན་ཐང་ནི་ངལ་རྩོལ་རིན་ཐང་དང་མི་འདྲ་བའི་རིན་ཐང་ཞིག་ཡིན། མཁའ་རླུང་དང་། ཆུ། ས་ཞིང་། སྐྱེ་དངོས་སོགས་ལ་ལྡན་པའི་རིན་ཐང་ལ་ཟེར་བ་དང་། སྐྱེ་ཁམས་རིན་ཐང་ནི་རང་བྱུང་དངོས་པོ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་གྱིས་གསར་སྐྲུན་བྱས་པ་ཡིན། དེ་ནི“རང་བྱུང་དང་སྤྱི་ཚོགས”མ་ལག་གི་ཐུན་མོང་གི་རྒྱུ་ནོར་ཡིན། སྐྱེ་མེད་ཁོར་ཡུག་གི་རིན་ཐང་ནི་མཐོང་སླ་བ་ཞིག་ཡིན་ཞིང་། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན།

རིགས་དབྱེ།  

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར།

སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་གྱི་ངོ་བོ་ནི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་གཞི་ཐིག་ཡིན་པ་དང་། དམིགས་ཡུལ་ནི་ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་བཙུགས་ཏེ། སྐྱེ་ཁམས་ཀྱི་ནུས་པ་འགན་སྲུང་དང་། ཁོར་ཡུག་གི་སྤུས་ཚད་བདེ་འཇགས། རང་བྱུང་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ཐད་ལ་ལྟ་སྐུལ་དོ་དམ་གྱི་བླང་བྱ་སྔར་ལས་མཐོ་བ་བཏོན་ནས། མི་འབོར་ཐོན་ཁུངས་ཁོར་ཡུག་ཕན་ཚུན་དོ་མཉམ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱེ་ཁམས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་མ་ལག་གི་ཆ་ཚང་རང་བཞིན་དང་། བཙན་ཤེད་ཀྱི་ཚོད་འཛིན་རང་བཞིན། མཐུན་སྦྱོར་གོ་ཆོད་རང་བཞིན། འགུལ་རྣམ་དོ་མཉམ་རང་བཞིན། བཀོལ་སྤྱོད་བྱེད་ཐུབ་པའི་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ཞིབ་ཕྲའི་ཐོག་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དེ་སྐྱེ་ཁམས་ནུས་པ་འགན་ལེན་གྱི་རྨང་གཞི་དང་། ཁོར་ཡུག་སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད། རང་བྱུང་ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་སུ་དབྱེ་ཆོག

རིགས་དབྱེ།  

སྐྱེ་ཁམས་རྐང་རྗེས།

སྐྱེ་ཁམས་རྐང་རྗེས་ནི་ཐོན་ཁུངས་སམ་ཡང་ན་བེད་མེད་དངོས་པོ་རྒྱུན་མཐུད་ངང་མཁོ་འདོན་བྱེད་ཐུབ་པའི་སྐྱེ་དངོས་ཐོན་སྐྱེད་ནུས་ཤུགས་ལྡན་པའི་ས་ཁོངས་ཀྱི་བར་སྟོང་ཡིན། དེའི་གོ་དོན་ནི་མི་ཞིག་དང་། ས་ཁུལ། རྒྱལ་ཁབ་བཅས་ཀྱི་འཚོ་གནས་ལ་མཁོ་བའི་མིའམ་ཡང་ན་མིའི་རིགས་ཀྱིས་ཕྱིར་འབུད་བྱེད་ཐུབ་པའི་ས་ཁོངས་ཀྱི་བེད་མེད་དངོས་རྫས་རྒྱ་ཁྱོན་ལ་ཟེར། སྐྱེ་ཁམས་རྐང་རྗེས་ཚོད་དཔག་བྱས་ན་འཚོ་བའི་སྤུས་ཚད་ངེས་ཅན་ཞིག་ཐེག་ཐུབ་པའི་མི་འབོར་ལ་མིའི་རིགས་ཀྱིས་བེད་སྤྱོད་བྱེད་ཐུབ་པའི་བསྐྱར་སྐྱེས་ཐོན་ཁུངས་སམ་ཡང་ན་བེད་མེད་དངོས་པོ་གཙང་སེལ་བྱེད་ཐུབ་པའི་སྐྱེ་ཁམས་མ་ལག་ཆེན་པོ་ག་ཚོད་དགོས་ཀྱི་ཡོད་པ་དང་། དེ་ལ་ཐེག་ནུས་འོས་འཚམ་ཟེར།

རིགས་དབྱེ།  

སའི་གོ་ལའི་བར་སྟོང་ཆ་འཕྲིན་རིག་པ།

དེ་ནི་ཆ་འཕྲིན་ཚན་རིག་དང་བར་སྟོང་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་འོག་སའི་གོ་ལའི་ཕྱི་ངོས་མ་ལག་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ་སའི་གོ་ལའི་མ་ལག་ཚན་རིག་དང་། ཆ་འཕྲིན་སྨྲ་བ། ཚོད་འཛིན་སྨྲ་བ། མ་ལག་སྨྲ་བ། མིས་བཟོས་རིག་ནུས་བཅས་ཀྱི་གཞི་རྩའི་གཞུང་ལུགས་མཛུབ་ཁྲིད་དུ་བྱས་ཏེ་བར་སྟོང་ཆ་འཕྲིན་ལག་རྩལ་དང་གྲངས་འཛིན་ཆ་འཕྲིན་ལག་རྩལ་སྤྱད་དེ་གོ་ལ་ཧྲིལ་བོའི་ས་ཁོངས་ཀྱི་ཁྱད་ཆོས་དང་། བར་སྟོང་ཁྱབ་ཚུལ་གྱི་ཁྱད་ཆོས། ཡུལ་དུས་ཀྱི་ཚད་གཞིའི་དོན་སྤྱི་དང་བར་སྟོང་གནས་ཀྱི་ནང་དོན་ལྡན་པའི་སའི་གོ་ལའི་བར་སྟོང་ཆ་འཕྲིན་བསྡུ་ལེན་དང་གསོག་ཉར། དབྱེ་ཞིབ། མངོན་སྟོན། བརྒྱུད་གཏོང་བཅས་བྱེད་པར་བརྟེན་ནས་སའི་གོ་ལའི་ཕྱི་ངོས་མ་ལག་གི་གྲུབ་ཆ་ཁག་བར་གྱི་ཕན་ཚུན་ནུས་པ་དང་། ཡུལ་དུས་ཀྱི་ཁྱད་ཆོས། འགྱུར་ལྡོག་ཆོས་ཉིད་བཅས་ཞིབ་འཇུག་དང་གསལ་སྟོན་བྱས་ཏེ་གོ་ལ་ཧྲིལ་བོའི་འགྱུར་ལྡོག་དང་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་འཇུག་ཞབས་ཞུ་བ་ཡིན།

རིགས་དབྱེ།  

སྐྱེ་ཁམས་ཞིང་ལས་ལྟ་སྐོར་གླིང་།

སྐྱེ་ཁམས་ཞིང་ལས་ལྟ་སྐོར་གླིང་དེ་ཧྲོའུ་ཀོང་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་གནས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང370ཟིན་པའི་ནང་གཙང་པོའི་རྒྱ་ཁྱོན་སྤྱི་ཆིང121དང་། གྲམ་ཐང་རྒྱ་ཁྱོན་སྤྱི་ཆིང249ཟིན་གྱིན་ཡོད། སྤྲོ་གསེང་དང་། རོལ་རྩེད། ཡུལ་སྐོར་ལྟ་སྐོར། ཚན་རྩལ་ཁྱབ་གདལ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྒོ་དབྱེའི་རྣམ་པའི་གླིང་ཁུལ་ཞིག་རེད།

རིགས་དབྱེ།  

ཧྲེ་ཏུ་ལན་གླིང་ཚོམ་ལྷོ་མ།

ཧྲེ་ཏུ་ལན་གླིང་ཚོམ་ལྷོ་མ་ནི་ལྷོ་སྣེའི་རྒྱ་མཚོའི་གླིང་ཚོམ་ཞིག་ཡིན་པ་དང་། ལྷོ་སྣེའི་ཕྱེད་གླིང་དུ་བྱང་ཆིངས་ཀྱི་སྟོང་སྨི120ཡོད། སྤྱི་ལོ1959ལོར《ལྷོ་སྣེའི་ཆིངས་ཡིག》བཞག་པ་ལྟར་ན། གླིང་ཚོམ་དེའི་བདག་དབང་ཆིངས་འཇོག་རྒྱལ་ཁབ་ཀྱིས་ཁས་ལེན་ནམ་རྩོད་གླེང་མི་བྱེད་པར་རྒྱལ་ཁབ་སོ་སོར་དམག་དོན་མ་ཡིན་པའི་སྤྱོད་སྒོ་ཡོད།

རིགས་དབྱེ།  

རྒྱལ་སྤྱིའི་གླིང་སྣེ་ལོ།

རྒྱལ་སྤྱིའི་གླིང་སྣེ་ལོ་ནི་རྒྱལ་སྤྱིའི་ལྷོ་བྱང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་སྤྱིའི་ཚན་རིག་ལས་འཛིན་ལྷན་ཚོགས་དང་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པ་དང་། ཧ་ལམ་ལོ་ལྔ་བཅུའི་ནང་ཐེངས་གཅིག་གཉེར་བ་དང་། སྤྱི་ལོ1882ལོར་ཐེངས་དང་པོ་གཉེར་བ་དང་། ཉེ་ཆར་སྤྱི་ལོ2007ལོར་ཐེངས་གཅིག་གཉེར་བ་དང་། མཉམ་ལས་ཐེངས་བཞིར་སྤེལ། དེའི་བྱེད་སྒོའི་དམིགས་ཡུལ་ནི་ཚན་རིག་པས་གླིང་སྣེ་ས་ཁུལ་གྱི་དུས་ཚོད་དང་ས་གནས་ཁག་གི་ཞིབ་འཇུག་བསྡུ་སྒྲིལ་བྱ་དགོས་པ་མ་ཟད། རྣམ་གྲངས་གལ་ཆེན་གྱི་ལས་བགོས་གཏན་འཁེལ་བྱས་ཏེ་འཁྱགས་རོམ་ཞུ་བ་དང་། གནམ་གཤིས་འཕོ་འགྱུར། དེ་བཞིན་གླིང་སྣེ་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་གྲོས་གཞིར་ཞིབ་འཇུག་བྱེད་པ་དང་འབྲེལ་ཕུའུ་ལུའོ་མང་ཚོགས་ལ་གླིང་སྣེའི་ས་ཁུལ་གྱིས་མིའི་རིགས་ཀྱི་འཚོ་བར་ཤུགས་རྐྱེན་ཇི་ལྟར་གཏོང་བར་ངོ་སྤྲོད་བྱེད་པ་དེ་ཡིན།

རིགས་དབྱེ།  

བསྒར་འཇུག་རྣམ་པའི་གྲུབ་ཆ་ཅན་གྱི་སྐད་ཆ་འཚོལ་བ།

བསྒར་འཇུག་རྣམ་པའི་གྲུབ་ཆ་ཅན་གྱི་སྐད་ཆ་འཚོལ་བ་ནི་སྤྱི་ལོ2012ལོར་ཁྱབ་བསྒྲགས་བྱས་པའི་ས་ཁམས་ཆ་འཕྲིན་མ་ལག་གི་ཐ་སྙད་ཅིག་རེད།

རིགས་དབྱེ།  

ས་ཁོངས་ཁོར་ཡུག་གི་ཐེག་ནུས།

​ས་ཁོངས་ཁོར་ཡུག་གི་ཐེག་ནུས་ནི་ཁོར་ཡུག་ཚན་རིག་གི་ཐ་སྙད་ཅིག་ཡིན་ཞིང་། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བར་རྟེན་ཞིང་། བརྟན་རྣམ་ནུས་པ་ཆེན་པོ་ལྡན་པའི་མ་ལག་ཆེན་པོ་ཞིག་ཡིན་ཞིང་། དེས་མིའི་རིགས་ཀྱི་བྱེད་སྒོར་བར་སྟོང་དང་གཞི་རྟེན་མཁོ་འདོན་བྱེད་པ་མ་ཟད། མིའི་རིགས་ཀྱི་བྱེད་སྒོར་ཐོན་ཁུངས་མཁོ་འདོན་བྱེད་པ་མ་ཟད་སྙིགས་རོ་ཤོང་ཐུབ་པ་ཞིག་ཀྱང་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་བྱེད་སྒོར་མཚོན་ན། ཁོར་ཡུག་མ་ལག་གི་རིན་ཐང་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་ཀྱི་བྱེད་སྒོའི་དགོས་མཁོར་རྒྱབ་སྐྱོར་བྱེད་ཐུབ་པ་མཚོན་ཡོད།

རིགས་དབྱེ།  

རྩི་ཤིང་སྐྱེ་ཁམས་རིག་པ།

རྩི་ཤིང་སྐྱེ་ཁམས་རིག་པ་ནི་རྩི་ཤིང་བར་དང་། རྩི་ཤིང་དང་ཁོར་ཡུག་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། དེ་ནི་སྐྱེ་ཁམས་རིག་པའི་ཡན་ལག་རིག་ཚན་ཞིག་ཡིན་ཞིང་། དེའི་བྱ་ཡུལ་གྱི་རྩ་འཛུགས་ཆུ་ཚད་ལ་གཞིགས་ནས་ཁེར་རྐྱང་སྐྱེ་ཁམས་དང་། ཁྱུ་ཚོགས་ཀྱི་སྐྱེ་ཁམས། ཚོགས་སྤྱིའི་སྐྱེ་ཁམས། སྐྱེ་ཁམས་མ་ལག་བཅས་ཁག་བཞི་ལ་དབྱེ་ཡོད།

རིགས་དབྱེ།  

ས་ཁམས་གནས་ཚད་དཔྱད་གཞིའི་མ་ལག

རྒྱུན་པར་འཕྲེད་གཞུང་དྲ་མིག་རྨང་གཞི་བྱས་ཏེ་ཨང་ཀིའི་ཚབ་རྟགས་སྤྱོད་པའི་བྱེད་ཐབས་ཤིག་ཡིན།

རིགས་དབྱེ།  

གྲངས་ཀའི་ས་ཁམས་བར་སྟོང་གཞི་གྲངས་སྒྲོམ་གཞི།

གཙོ་བོར་ཨང་ཀི་ཅན་གྱི་ས་དབྱིབས་དང་། ས་མིང་། སྲིད་འཛིན་ཡུལ་ཚད། གཞུང་ལམ་འགྲིམ་འགྲུལ། ཆུ་རྒྱུད། ས་ཞིང་ཁེབས་ཚད། ས་ཁོངས་དང་གྲོང་མིའི་ས་ཆ་སོགས་ཚུད་ཡོད། རང་བྱུང་དང་། མི་ཆོས། དཔལ་འབྱོར། ཁོར་ཡུག་སོགས་ཀྱི་ཆ་འཕྲིན་གཞན་དག་ལ་སྔར་བས་བར་སྟོང་གི་གནས་ཐིག་གཏན་འཁེལ་དང་། ནང་འཇུག་གམ་སྒྲིག་བཀོད་ཡང་དག་མཁོ་འདོན་བྱེད་དགོས།

རིགས་དབྱེ།  

ས་ཁམས་གཞི་གྲངས་ཚོགས་སྤྱི།

ས་ཁམས་གཞི་གྲངས་ཚོགས་སྤྱི་ནི་སྤྱི་ལོ2012ལོར་ཁྱབ་བསྒྲགས་བྱས་པའི་ས་ཁམས་ཆ་འཕྲིན་མ་ལག་གི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

ཨང་ཀིའི་ས་ཁྲ་བརྗེ་རེས་རྣམ་གཞག

ས་ཁམས་ཆ་འཕྲིན་མ་ལག་མི་འདྲ་བའི་དབར་རམ་ཡང་ན་ས་ཁམས་ཆ་འཕྲིན་མ་ལག་དང་ཆ་འཕྲིན་མ་ལག་གཞན་དག་དབར་ཨང་ཀིའི་ས་བཀྲ་ཕན་ཚུན་བརྗེ་རེས་བྱེད་སྐབས་སྤྱོད་པའི་གཞི་གྲངས་ཀྱི་རྣམ་གཞག་མངོན་འགྱུར་བྱེད་པར་ཟེར།

རིགས་དབྱེ།  

ཁ་གཏད་བྱ་ཡུལ་གྱི་འབྲེལ་བའི་གཞི་གྲངས་མཛོད།

འབྲེལ་བའི་དཔེ་དབྱིབས་དང་ཁ་གཏད་བྱ་ཡུལ་གྱི་དཔེ་དབྱིབས་མཉམ་བསྲེས་ཀྱིས་གྲུབ་པའི་གཞི་གྲངས་མཛོད་ཅིག་ཡིན།

རིགས་དབྱེ།  

ཚད་ལྡན་བརྗེ་རེས་རྣམ་གཞག

རྩིས་འཁོར་མ་ལག་བར་དུ་རིས་དབྱིབས་ཡིག་ཆ་བརྗེ་རེས་བྱེད་པར་སྤྱོད་པའི་ཚད་ལྡན་རྣམ་གཞག་གམ་བར་གནས་ཚད་གཞིའི་རྣམ་གཞག་ལ་ཟེར།

རིགས་དབྱེ།  

གཞི་གྲངས་ལྟ་སྤྱོད་བདེ་འཇགས་རང་བཞིན།

གཞི་གྲངས་ལྟ་སྤྱོད་བདེ་འཇགས་རང་བཞིན་ནི་ཆ་འཕྲིན་མ་ལག་གིས་སྤྱོད་མཁན་གྱིས་གཞི་གྲངས་ལྟ་ཞིབ་དང་བཟོ་བཅོས་བྱེད་པར་ཚོད་འཛིན་བྱེད་པའི་ཐབས་ཤེས་ལ་ཟེར།

རིགས་དབྱེ།  

གཞི་གྲངས་ལྟ་སྤྱོད་ཆོག་པའི་རང་བཞིན།

ཆ་འཕྲིན་མ་ལག་སྤྱོད་མཁན་གྱིས་གཞི་གྲངས་འདྲི་རྩད་དང་བཟོ་བཅོས་བྱེད་པའི་ནུས་པ་ལ་ཟེར།

རིགས་དབྱེ།  

གཞི་གྲངས་སྤུས་ཚད་དཔེ་དབྱིབས།

གཞི་གྲངས་སྤུས་ཚད་དཔེ་དབྱིབས་ནི་གཞི་གྲངས་དཔེ་དབྱིབས་ཤིག་ཡིན།

རིགས་དབྱེ།