ཨོ་རྩལ་འགྲན་ཚོགས།

ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཏེ་མིང་བསྡུས་ན་ཨོ་རྩལ་འགྲན་ཚོགས། དེ་ནི་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་ནས་གཙོ་སྒྲུབ་གནང་བའི་རྩལ་སྦྱོང་གི་རྣམ་གྲངས་མང་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་ཤིག་ཡིན། ལོ་བཞིའི་ནང་ཐེངས་རེར་སྡུད་ཀྱི་ཡོད།

རིགས་དབྱེ།  

ཨོ་རྩལ་གྲོང་སྡེ།

ཨོ་རྩལ་གྲོང་སྡེ་ནི་ཨོ་རྩལ་འགྲན་ཚོགས་གཙོ་སྒྲུབ་པས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ལུས་རྩལ་པ་དང་། གཞུང་དཔོན། ལས་ཀ་བ་སོགས་ཀྱི་སྡོད་གནས་ལ་བསྐྲུན་པ་དེ་ཡིན།

རིགས་དབྱེ།  

ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་མི།

ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་མི་ནི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གོ་རིམ་དུ་རང་ཉིད་འཕངས་མེད་དུ་ནང་དུ་ཞུགས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། དེར་ཁེ་ཕན་གྱི་བསམ་བློ་མི་བཅངས་པའི་སྡེ་དེ་ཡིན།

རིགས་དབྱེ།  

ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན།

ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན་ཟེར་བ་ནི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཀྱིས་རྩེད་ཚོགས་རྒྱལ་ཁའི་ངང་སྐྱོང་བ་དང་། དེས་མི་རྣམས་ལ་དགའ་སྤྲོ་དང་བདེ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་ཆེད་དུ་སྲོག་ཆགས་དང་མི་སོགས་ཀྱི་འདྲ་རིས་བཟོ་འགོད་བྱེད་པ་དེ་ལ་བྱ།

རིགས་དབྱེ།  

ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ།

ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ་ནི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་པའི་མཛད་སྒོ་རུ་དཀྲོལ་རྒྱུར་གཏན་འཁེལ་བྱས་ཡོད་པ་ཡིན།

རིགས་དབྱེ།  

ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས།

ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཁྱད་དབང་ཆེ་ཤོས་ཀྱི་སྣང་བརྙན་མཚོན་རྟགས་ཡིན། ཚོགས་རྟགས་ཀྱི་དཔེ་རིས་སྐབས་ལ་ལར་ཡོངས་ཁྱབ་མངོན་གསལ་གྱི་འཚོལ་བསྡུ་བརྒྱུད་ནས་ལེགས་ཤོས་བདམས་པ་ཡིན་མོད། འོན་ཀྱང་ཚོགས་རྟགས་དེ་ངེས་པར་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཆོག་མཆན་བརྒྱུད་དགོས་པ་ཡིན།

རིགས་དབྱེ།  

ཨོ་ལིན་ཕིག་གི་དཔལ་མེ།

ཨོ་ལིན་ཕིག་གི་དཔལ་མེ་ནི་ཨོ་ལིན་ཕིག་ལུས་རྩལ་རྒྱས་ཚོགས་ཀྱི་ར་བ་ནས་སྒྲོན་པའི་མེ་ཆུན་དེ་ཡིན་ལ། འོད་སྣང་དང་མཐུན་སྒྲིལ། མཛའ་བརྩེ། ཞི་བདེ། དྲང་བདེན་བཅས་མཚོན་པ་ཡིན།

རིགས་དབྱེ།  

ཨོ་ལིན་ཕིག་ལེགས་བཤད།

ཨོ་ལིན་ཕིག་ལེགས་བཤད་ལ་ཨོ་ལིན་ཕིག་གི་འབོད་ཚིག་གམ་ཨོ་ལིན་ཕིག་གི་གདམ་ངག་ཀྱང་ཟེར་ཞིང་། དེ་ནི་ཨོ་ལིན་ཕིག་ལུས་རྩལ་གྱི་དགོངས་དོན་གཅིག་ཡིན། དེའི་ནང་དོན་ནི“ཆེས་སྐྱེན་པ། ཆེས་མཐོ་བ། ཆེས་སྟོབས་པ”བཅས་ཡིན།

རིགས་དབྱེ།  

ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར།

ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ནི་གཞི་རས་དཀར་སྟོང་ཅན་གྱི་དབུས་ན་ཨ་ལོང་ལྔ་སྦྲེལ་ཅན་ཞིག་འདུག་ཅིང་། དེ་ནི་ང་ཚོས་རྒྱུན་དུ་བཤད་པའི་ཨོ་ལིན་ཕིག་ཨ་ལོང་ཡིན་ལ། ཨ་ལོང་རེ་རེའི་མཚོན་མདངས་ནི་གཡོན་ནས་གཡས་སུ་རིམ་བཞིན་སྔོན་པོ་དང་སེར་པོ། ནག་པོ། ལྗང་མདོག དམར་པོ་བཅས་ཡིན།

རིགས་དབྱེ།  

མཱར་སུན་འགྲན་རྒྱུག

རྒྱལ་སྤྱིའི་ཐོག་ཤིན་ཏུ་དར་ཁྱབ་ཆེ་བའི་རིང་ཚད་སྤྱི་ལེ42.192ཅན་གྱི་རྒྱང་རྒྱུག་འགྲན་སྡུར་གྱི་རྣམ་གྲངས་ཤིག་ལ་གོ། །

རིགས་དབྱེ།  

ཀྲུང་གོའི་ཨོ་ལིན་ཕི་ཁུ་ཨུ་ཡོན་ལྷན་ཚོགས།

ཀྲུང་གོའི་ཨོ་ལིན་ཕི་ཁུ་ཨུ་ཡོན་ལྷན་ཚོགས་ནི་སྤྱི་ལོ1910ལོར་པེ་ཅིན་ནས་འཚོགས་ཏེ་སྤྱི་ལོ1922ལོར་རྒྱལ་སྤྱིའི་ཨོ་ལིན་ཕི་ཁུ་བྱ་འགུལ་ལ་སྐུལ་འདེད་བྱེད་པའི་དམངས་ཚོགས་རང་བཞིན་དང་། ཁེ་ལས་མ་ཡིན་པའི་ལུས་རྩལ་གྱི་རྩ་འཛུགས་ཤིག་ཡིན་ལ། དེས་ཀྲུང་གོ་རྒྱ་སྤྱིའི་ཨོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་ལས་དོན་ལ་ཞུགས་པ་མཚོན།

རིགས་དབྱེ།  

ཨོ་ཡོན་གྲོང་ཚོ།

ཨོ་ཡོན་གྲོང་ཚོ་ལ་ཨོ་ལིན་ཕི་ཁུ་གྲོང་ཚོ་ཡང་ཟེར་ཞིང་། ཨོ་རྩལ་འགྲན་ཚོགས་གཙོ་སྒྲུབ་པས་ཨོ་ལིན་ལུས་རྩལ་ལ་ཞུགས་པའི་ལུས་རྩལ་པ་དང་། གཞུང་དཔོན། ལས་ཀ་བ་སོགས་སྡོད་གནས་ལ་བསྐྲུན་པའི་བསྟི་གནས་ཤིག་ཡིན་ལ། ལུས་རྩལ་འགྲན་བསྡུར་མགོ་མ་བརྩམ་པའི་སྔོན་གྱི་གཟའ་འཁོར་གཉིས་རིང་ལ་བེད་སྤྱོད་བྱེད་ཆོག་པ་དང་། འགྲན་བསྡུར་མཇུག་རྫོགས་ནས་ཉིན་གསུམ་གྱི་རྗེས་སུ་བེད་སྤྱོད་མཇུག་སྒྲིལ་བ་ཡིན།

རིགས་དབྱེ།  

དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ།

དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ་གྱི་བསམ་བློ་གཙོ་བོ་ནི་ཨོ་ལིན་ཕི་ཁུ་རིང་ལུགས་ཡིན། བྱ་འགུལ་གཙོ་བོ་ནི་ལུས་རྩལ་འགུལ་སྐྱོད་བྱེད་པ་དང་། ལོ་བཞིའི་ནང་ཐེངས་གཅིག་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་པ་དང་། དེའི་དམིགས་ཡུལ་ནི་མིའི་སྐྱེ་ཁམས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་ནས་རྒྱལ་ཁབ་སོ་སོའི་དབར་གྱི་རྒྱུས་ལོན་ལ་སྐུལ་འདེད་གནང་ནས་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

དགུན་དུས་འོན་པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས།

དགུན་དུས་འོན་པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས(Winter Deaflympics)དེ་སྤྱི་ལོ1949ལོར་བཙུགས་ཤིང་། སྐབས་དང་པོའི་ཚོགས་ཡུལ་ནི་ཨོ་སི་ཁྲུ་རི་ཡའི་ཞི་ཧྥེ་ཏུ་ཡིན་པ་དང་། ལོ་བཞི་རེའི་ནང་ཐེངས་རེ་སྤེལ་གྱིན་ཡོད།

རིགས་དབྱེ།  

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཁུ་ཚུར་གཞུ་རྩལ་འགྲན་བསྡུར།

ཁུ་ཚུར་གཞུ་རྩལ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཁྲོད་ཀྱི་མི་རྣམས་ཀྱིས་དོ་སྣང་ཆེས་ཆེར་བྱེད་པ་མ་ཟད་རྩོད་གཞི་ཧ་ཅང་མང་བའི་རྣམ་གྲངས་ཤིག་ཡིན་ལ། དེང་རབས་ཀྱི་ཁུ་ཚུར་གཞུ་རྩལ་ནི་དབྱིན་ཇི་ནས་དར་བ་ཡིན།

རིགས་དབྱེ།