ཡོངས་འཛིན་རིག་མཛོད། >ལུས་རྩལ། >ལུས་རྩལ་འགྲན་ཚོགས། >གཞན་དག

ཨོ་ལིམ་ཕིག་ལས་རྩལ་འགྲན་ཚོགས་ཀྱི་ཚོགས་དར།

ཨོ་ལིམ་ཕིག་ལས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ནི་ཨོ་ལིམ་ཕིག་ལས་རྩལ་འགྲན་ཚོགས་སྐབས་སྤྱོད་པའི་དར་ཆ་ཡིན། འཕྲེད་གཞུང་གི་བསྡུར་ཚད3:5དང་གྲུ་བཞི་ནར་མོའི་དབྱིབས་སུ་བཟོས་ཡོད། དར་ཆའི་ལྟེ་བ་ནི་རིང་ཐུང་གཅིག་མཚུངས་ཡིན་པའི་སྒོར་དབྱིབས་ལྔ(ཨོ་ལིམ་ཕིག་གདུབ)ལས་གྲུབ་ཡོད།

རིགས་དབྱེ།  

ལས་བཟོ་བའི་ལུས་རྩལ།

ལས་བཟོ་བའི་ལུས་རྩལ་ནི་སྤྱི་ཚོགས་ལུས་རྩལ་གྱི་གྲུབ་ཆ་ཞིག་ཡིན། བཟོ་ཚོང་དང་། ཁེ་ལས། ལས་ཁུངས། ཚོགས་པ་སོགས་ཀྱི་ལས་བཟོ་པའི་ཁྲོད་དུ་སྤེལ་བའི་ལུས་རྩལ་སྦྱོང་བརྡར་གྱི་བྱེད་སྒོ་ཞིག་ཡིན། དེའི་དམིགས་ཡུལ་ནི་ལས་བཟོ་བའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་། སེམས་ཁམས་སྙོམས་སྒྲིག་བྱེད་པ། ཁོར་ཡུག་སྣ་ཚོགས་འཕྲོད་ནུས་ཆེ་རུ་གཏོང་བ། ལས་རིགས་ཀྱི་ནད་སྔོན་འགོག་བྱེད་པ་བཅས་ཡིན། ལས་བཟོས་ལྟ་འདོད་ཅིང་ཉན་སྤྲོ་བའི་ལུས་རྩལ་རྣམ་གྲངས་དང་ལས་རིགས་ལས་གནས་ཀྱི་ངལ་རྩོལ་ཁྱད་ཆོས་དང་འཚམ་པའི་ལུས་སྦྱོང་དང་རོལ་རྩེད་ལ་ཕན་པའི་སྦྱོང་བརྡར་རྣམ་གྲངས་སྣ་ཚོགས་གཙོ་བོར་འཛིན་དགོས། རྣམ་པ་ནི་ལས་ཀར་མ་ཞུགས་གོང་གི་ལུས་རྩལ་དང་། ལས་གསེང་ལུས་སྦྱོང་གི་སྦྱོང་བརྡར་ཆུང་གྲས་སམ་འགྲན་བསྡུར་གྱི་བྱེད་སྒོ། སྟབས་བདེའི་ལུས་རྩལ་འགྲན་ཚོགས་སོགས་ཡོད།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ།

​2017ལོའི་ཟླ8པའི་ཚེས14ཉིན།མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག19ཡི་འགྲན་ཞུགས་པ1656འགྲན་སྡུར་ལ་ཞུགས། ཐེངས་འདིའི་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བ་རེད།

རིགས་དབྱེ།  

ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་ལྔ་བའི་སུམ་ཅུའི་ལུས་རྩལ་འགྲན་ཚོགས།

ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི“ལྔ་བའི་སུམ་ཅུའི”ལུས་རྩལ་འགྲན་ཚོགས་ནི་སུའུ་ཝེ་ཨེད་ས་ཁུལ་གྱི་དུས་སྐབས་སུ་བསྡུས་པའི་གཞི་རྒྱ་ཆེས་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། སྐབས་གཅིག་གི“རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས”ཀྱང་ཡིན་པས། གསར་བརྗེ་གནས་གཞིའི་ས་ཁུལ་གྱི་ལུས་རྩལ་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་བཟུང་ཡོད།

རིགས་དབྱེ།