མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ།
​2017ལོའི་ཟླ8པའི་ཚེས14ཉིན།མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག19ཡི་འགྲན་ཞུགས་པ1656འགྲན་སྡུར་ལ་ཞུགས། ཐེངས་འདིའི་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青海省第六届少数民族传统体育运动会
སྤེལ་རེས།
ལོ་བཞིར་ཐེངས་གཅིག
ཁོངས་གཏོགས་ཞིང་ཆེན།
མཚོ་སྔོན།
སྤེལ་གནས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་ར་བ།
བརྗོད་དོན།
མཐུན་སྒྲིལ་དང་། འཆམ་མཐུན། ཧུར་བརྩོན། མདུན་སྐྱོད།
སྤེལ་དུས།
2017ལོའི་ཟླ8པའི་ཚེས14ཉིན་ནས19ཉིན་བར།
1 མདོར་བསྟན་པ།

2017ལོའི་ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དེ་མཚོ་ལྷོ་ཁུལགསེར་ཆེན་རྫོང་དུ་གཟབ་རྒྱས་ངང་བསྡུས་ཤིང་།  ཐེངས་འདིའི་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་གནང་བ་རེད། 

ཐེངས་འདིའི་འགྲན་ཚན་བཀོད་སྒྲིག་ལ་གཟེབ་གྲུག་དང་རྐང་རྩེད་སྤོ་ལོ། དྲག་རྩལ། གླང་ཆེན་ས་བཤགས། ཐག་འཐེན། ས་སྒྱེ་འདེགས་པ། མདའ་འཕེན། འཇུ་རེས། སྐྱ་རྩལ། གཡག་རྒྱུག་བཅས་འགྲན་ཚན་བཅུ་དང་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཡོད་ལ། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་ས་ཁུལ། རང་སྐྱོང་ཁུལ6། རང་སྐྱོང་རྫོང7། མཚོ་སྔོན་ཞིང་ཆེན་དམག་ཁུལ། ཉེན་རྟོག་དྲག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག  མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག19ཡི་འགྲན་ཞུགས་པ1656འགྲན་སྡུར་ལ་ཞུགས་ཡོད། ཡར་སྔོན་དང་མི་འདྲ་ས་ནི་ཐེངས་འདིའི་འགྲན་སྡུར་ལ་སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་དང་སྐྱེས་མོའི་མདའ་འཕེན་རུ་ཁག་འགྲན་སྡུར་ལ་ཞུགས་ཡོད་པར་མ་ཟད། སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་དེ་སྔོན་ལོའི་འགྲན་ཚན་གཅིག་ལས་འགྲན་ཚན་གསུམ་དུ་བསྒྱུར་ཡོད་པས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད།

2 ཚོགས་རྟགས།

མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་.jpgསྐབས་དྲུག་པའི་ཚོགས་རྟགས་ནི་དག་གཙང་གི་ཁ་བཏགས་དང་། ལྷབ་ལྷུབ་ཏུ་གཡོ་བའི་དར་ཁྲ། བརྗིད་ཆགས་པའི་མཐོ་སྒང་། སྔོ་མེར་རེ་འཁྱིལ་བའི་མཚོ་སྔོན་པོ། མདུན་དུ་མཆོང་བཞིན་པའི་ལུས་རྩལ་པ་བཅས་ཀྱི་ཁྱད་ཆོས་རྒྱུ་རུ་བྱས་ནས། རྒྱ་ཡིག་གི“海南”དང་མཚོ་སྔོན“青海”གཉིས་ཀྱི“海”ཞེས་པའི་གཟུགས་མངོན་ཞིང་། དེ་མིན་རྒྱ་ཡིག་གི“共和”ཞེས་པའི་སྦྱོར་ཀློག་གི་ཡི་གེ་དང་པོ“G”དང་། སྐབས་དྲུག་པ་མཚོན་པར་བྱེད་པའི་ཨང་ཀི“6”བཅས་གཞིར་བྱས་ཏེ་གྲུབ་ཡོད། 

དམར་པོ་དང་སེར་པོ། ལྗང་ཁུ་གསུམ་ལས་མཚོ་སྔོན་ནི་གཙང་བོ་གསུམ་གྱི་འབྱུང་ཁུངས་ཡིན་པའི་དངོས་དོན་མཚོན་པ་དང་། ཡང་དེ་ལས་མི་རིགས་སོ་སོས་རྡོག་རྩ་གཅིག་སྒྲིལ་དང་ཧུར་ཐག་ཡར་བརྩོན་བྱེད་པའི་ཤུགས་དོན་བསྟན་ཡོད། གཞན་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་ཏེ་མཐུན་སྒྲིལ་དང་འཆམ་མཐུན། ཧུར་བརྩོན། མདུན་སྐྱོད་ཅེས་པའི་དོན་འགྲེལ་པའོ།།

3 དམིགས་འབེན།

“མཐུན་སྒྲིལ་དང་། འཆམ་མཐུན། ཧུར་བརྩོན། མདུན་སྐྱོད”ཀྱི་བརྗོད་དོན་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་འགྲན་ཚན་སོ་སོར་ཆ་རྐྱེན་གང་ལེགས་བསྐྲུན་པའི་ཁར། ལུས་རྩལ་པ་དང་ཕྱོགས་བཞིའི་མགྲོན་པོ་ཡོངས་ལ་ཞབས་ཞུ་ལེགས་པོ་ཞིག་མཁོ་འདོན་བྱེད་པ་དང་མཚུངས་སུ། སྐབས་འདིའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་དེ་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་ལུས་རྩལ་སྤྲོ་ཚོགས་ཤིག་ཏུ་བསྒྲུབ་པ།

ལོ་བཞིར་ཐེངས་རེར་ཚོགས་ཀྱིན་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེ་ཞིང་ཚད་གཞི་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་བྱ་འགུལ་ཞིག་ཡིན་ཞིང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

4 བྱ་འགུལ་སྣ་ཚོགས།

ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་འགྲན་བསྡུར་རྣམ་གྲངས་དང་.jpgའཁྲབ་སྟོན་རྣམ་གྲངས་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། དེ་ལས་འགྲན་བསྡུར་རྣམ་གྲངས་ལ་བསྡོམས་པས་རྣམ་གྲངས་ཆེ་བ་བཅུ་སྟེ། སླེ་གྲུག་དང་རྐང་གྲུག དྲག་རྩལ། ཐག་འཐེན། གླང་ཆེན་ས་གཤགས། བྱེ་སྒྱེ་འདེགས་པ། མི་རིགས་ཀྱི་མདའ་འཕེན། མི་རིགས་ཀྱི་འཇུ་རེས། རྟ་རྩལ། གཡག་རྒྱུག་བཅས་འདུས་ལ། དེར་མ་ཟད་རྣམ་གྲངས་ཆུང་བ50དང་འཁྲབ་སྟོན་རྣམ་གྲངས་ལ་བསྡོམས་པས་རྣམ་གྲངས19འདུས། ཡང་འགྲན་བསྡུར་རྣམ་གྲངས་སུ་ཐོག་དང་པོར་སྐྱེས་པའི་རྐང་གྲུག་དང་སྐྱེས་མའི་མད་འཕེན་རྣམ་གྲངས་གཉིས་ཁ་སྣོན་བྱས་ལ། དེ་མིན་མཚོ་ལྷོ་ཁུལ་གྱི་སྐབས་གསུམ་པའི་བོད་རིགས་གྱོན་ཆས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་རིགས་གྱོན་ཆས་དངོས་མང་བཤམས་ཚོགས། མི་སྟོང་ལས་གྲུབ་པའི་སྐོར་བྲོ་འཁྲབ་སྟོན། གླུ་གར་ཆེན་མོ《གསེར་གྱི་ཉི་ཟླ》སོགས་རིག་གནས་ལུས་རྩལ་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-15

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།