དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ།
དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ་གྱི་བསམ་བློ་གཙོ་བོ་ནི་ཨོ་ལིན་ཕི་ཁུ་རིང་ལུགས་ཡིན། བྱ་འགུལ་གཙོ་བོ་ནི་ལུས་རྩལ་འགུལ་སྐྱོད་བྱེད་པ་དང་། ལོ་བཞིའི་ནང་ཐེངས་གཅིག་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་པ་དང་། དེའི་དམིགས་ཡུལ་ནི་མིའི་སྐྱེ་ཁམས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་ནས་རྒྱལ་ཁབ་སོ་སོའི་དབར་གྱི་རྒྱུས་ལོན་ལ་སྐུལ་འདེད་གནང་ནས་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
现代奥林匹克运动会
འགྲན་བསྡུར་རིགས།
ལུས་རྩལ་འགྲན་བསྡུར་ཆེ་གྲས།
ཕྱི་ཡིག་གི་མིང་།
Olympic Games
གཙོ་སྒྲུབ་ལས་ཁུངས།
རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས།
1 ​ངོ་སྤྲོད།

དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ་གྱི་བསམ་བློ་གཙོ་བོ་ནི་ཨོ་ལིན་ཕི་ཁུ་རིང་ལུགས་ཡིན། བྱ་འགུལ་གཙོ་བོ་ནི་ལུས་རྩལ་འགུལ་སྐྱོད་བྱེད་པ་དང་། ལོ་བཞིའི་ནང་ཐེངས་གཅིག་ལ་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་པ་དང་། དེའི་དམིགས་ཡུལ་ནི་མིའི་སྐྱེ་ཁམས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་ནས་རྒྱལ་ཁབ་སོ་སོའི་དབར་གྱི་རྒྱུས་ལོན་ལ་སྐུལ་འདེད་གནང་ནས་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན།

2 ལོ་རྒྱུས།

སྤྱི་ལོ1894ལོའི་ཟླ6པའི་ཚེས23ཉིན། ཀུ་པེ་ཏན་དང་རྒྱ་ཁབ་བཅུ་གཉིས་ཀྱི་འཐུས་མི79ཡིས་ཧྥ་རན་སིའི་རྒྱལ་ས་ཕཱ་རི་སིའི་ཟོ་ཕང་ཆོས་ལུགས་སློབ་གླིང་གི་རྒྱལ་སྤྱིའི་ལུས་རྩལ་འགུལ་སྐྱོད་ཀྱི་འཐུས་ཚོགས་སུ་རྒྱལ་སྤྱིའི་ཨོ་ལིན་ཕི་ཁུ་ཨུ་ཡོན་ལྷན་ཚོགས་དབུ་བརྙེས་ཤིང་། ཨོ་ལིན་ཕི་ཁུ་ལུས་རྩལ་གསར་འཛུགས་གནང་། ཚོགས་འདུ་རུ་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་གནའ་བོའི་ཨོ་ལིན་ཕི་ཁུ་བྱུང་ཡུལ་ཏེ། ཨོ་ལིན་ཕི་ཡ་ནས་འགྲན་ཚོགས་སྤེལ་རྒྱུར་ཐག་བཅད་མོད། སྟབས་མི་ལེགས་པ་ཞིག་ལ་སྐབས་དེར་ཨོ་ལིན་ཕི་ཡ་ནི་ཞིག་རོ་རུ་གྱུར་ཡོད་ལ། ཀི་རི་སིའི་སྲིད་གཞུང་ལ་བསྐྱར་འཛུགས་ཀྱི་ནུས་པའང་མེད་པས་ཡཱ་ཏན་ནཱར་མི་བསྒྱུར་ཐབས་མེད་བྱུང་། སྤྱི་ལོ1896ལོའི་ཟླ4པའི་ཚེས6ནས་ཚེས15བར། སྐབས་དང་པོའི་དེང་སྐབས་ཨོ་ལིན་ཕི་ཁུ་ལུས་རྩལ་རྒྱས་ཚོགས་ཡཱ་ཏན་ནཱར་ཚོགས་ཤིང་། དེས་དེང་རབས་ཨོ་ལིན་ཕི་ཁུ་ལུས་རྩལ་གྱི་དབུ་བརྙེས་པ་མཚོན།

3 རྩ་དོན། 

དེང་རབས་ཨོ་ལིན་ཕི་ཁུའི་སྙིང་སྟོབས་ནི་ཕན་ཚུན་ལ་རྒྱུས་ལོན་དང་། མཛའ་གཅུགས་མཐུན་སྒྲིལ། འདྲ་མཉམ་དྲང་བདེན་གྱིས་འགྲན་རྩོད་བྱེད་པའི་སྙིང་སྟོབས་ཤིག་ཡིན་ལ། ད་དུང་རིག་གནས་དབར་གྱི་ཧེ་བག་ལ་རྒྱུས་ལོན་དང་བཟོད་སྒོམ་བགྱིས་ནས་འདྲ་མཉམ་དང་དྲང་བདེན་གནང་རྒྱུ་དེའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།