ཨོ་ཡོན་གྲོང་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་ཡོན་གྲོང་ཚོ།
ཨོ་ཡོན་གྲོང་ཚོ་ལ་ཨོ་ལིན་ཕི་ཁུ་གྲོང་ཚོ་ཡང་ཟེར་ཞིང་། ཨོ་རྩལ་འགྲན་ཚོགས་གཙོ་སྒྲུབ་པས་ཨོ་ལིན་ལུས་རྩལ་ལ་ཞུགས་པའི་ལུས་རྩལ་པ་དང་། གཞུང་དཔོན། ལས་ཀ་བ་སོགས་སྡོད་གནས་ལ་བསྐྲུན་པའི་བསྟི་གནས་ཤིག་ཡིན་ལ། ལུས་རྩལ་འགྲན་བསྡུར་མགོ་མ་བརྩམ་པའི་སྔོན་གྱི་གཟའ་འཁོར་གཉིས་རིང་ལ་བེད་སྤྱོད་བྱེད་ཆོག་པ་དང་། འགྲན་བསྡུར་མཇུག་རྫོགས་ནས་ཉིན་གསུམ་གྱི་རྗེས་སུ་བེད་སྤྱོད་མཇུག་སྒྲིལ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥运村
མིང་ཧྲིལ་པོ།
ཨོ་ལིན་ཕི་ཁུ་གྲོང་ཚོ།
ཕྱི་ཡིག་གི་མིང་།
The Olympic Village
གྲོང་སྒོ་འབྱེད་དུས།
སྤྱི་ཟླ7པའི་ཚེས27ཉིན།
བེད་སྤྱོད་གཏན་འབེབས།
ལུས་རྩལ་མཇུག་རྫོགས་ནས་ཉིན་གསུམ་རྗེས་སུ་བེད་སྤྱོད་མཇུག་སྒྲིལ་བ།
གྲོང་སྒོ་རྒྱག་དུས།
སྤྱི་ཟླ8པའི་ཚེས27ཉིན།
1 ངོ་སྤྲོད།

ཨོ་ལིན་ཕི་ཁུ་གྲོང་ཚོ་ནི་ཨོ་རྩལ་འགྲན་ཚོགས་གཙོ་སྒྲུབ་པས་ཨོ་ལིན་ལུས་རྩལ་ལ་ཞུགས་པའི་ལུས་རྩལ་པ་དང་། གཞུང་དཔོན། ལས་ཀ་བ་སོགས་སྡོད་གནས་ལ་བསྐྲུན་པའི་བསྟི་གནས་ཤིག་ཡིན།

2 ལོ་རྒྱུས།

སྤྱི་ལོ1924ལོར་ཧྥ་རན་སིས་ཨོ་རྩལ་འགྲན་ཚོགས་ལ་ར་བའི་མཐའ་སྐོར་དུ་ཤིང་ཁང་བཟོས་པ་དེ་ནི་ཨོ་ལིན་ཕི་ཁུའི་རྩ་ཁྲིམས་སུ་གཏན་འབེབས་གསལ་བོ་གནང་ཡོད་དེ། གཙོ་སྒྲུབ་རྒྱལ་ཁབ་ཀྱིས་ཚོགས་ཞུགས་ཀུན་ལ་སྡོད་གནས་ལེགས་པོ་མཁོ་འདོན་བྱེད་དགོས་ལ། ལུས་རྩལ་པ་དང་ལུས་རྩལ་རུ་ཁག་གི་འགོ་བ་རྣམས་མཉམ་དུ་སྡོད་ཐུབ་པར་བྱེད་དགོས་པ་མ་ཟད། སྡོད་གནས་ལུས་རྩལ་ར་བར་ཉེ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།