ཡོངས་འཛིན་རིག་མཛོད། >འཚོ་བ། >བཟའ་བཏུང་།

ཏིལ་བསྲེས་ལུག་ཤ

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 油炸羊肉芝麻 རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་ཤ་རྒྱ་མ2དང་། སྣུམ་རྒྱ་མ4 ཏིལ་དཀར་པོ་ཕྲན་བུ། ཚྭ་དང་། གཡེར་མ། བཙོང་། ལྒ་སྨུག སུར་པན་ཞིབ་ཞིབ་བཅས་འོས་འཚམ་དགོས། བཟོ་སྟངས། ལུག་ཤ་སིལ་སིལ་ཕྲ་ཙམ་གཏུབས་ནས་ཚྭ་དང་། གཡེར་མ། ལྒ་སྨུག བཙོང་བཅས་བརྒྱབ་སྟེ་བསྙལ་རྒྱུ།  དེ་རྗེས་སྣུམ་དྲོད་ཚད་མཐོ་ཙམ་ནང་ལུག་ཤ་བཀྲག་ནས་སྡེར་མའི་ནང་བཏོན་ཐོག་སུར་པན་ཞིབ་ཞིབ་དང་ཏིལ་དཀར་པོ་རྒྱག་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལུག་གྲོད་ཁ་ཚ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 凉拌羊肚 རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་གི་གྲོད་པ་བཙོས་མ་ཁེ350དང་། སྣུམ་ཁེ50 ལྒ་སེར་དང་། བཙོང་། ཟི་ར། ཚྭ། སུར་པན། སྒོག་པ། ལྒ་སྨུག་བཅས་འོས་འཚམ་དགོས། བཟོ་སྟངས། ལུག་གི་གྲོད་པ་ལྷེབ་ལྷེབ་སྲབ་པོ་རིང་ཙམ་གཏུབ་རྒྱུ། དེ་རྗེས་གཡེར་མ་དང་། ལྒ་སྨུག  ཟི་ར། བཙོང་། སྒོག་པ། ཚྭ། སུར་པན་བཅས་ཀྱི་ཐོག་སྣུམ་བཙག་བཅད་དེ་བླུག་རྒྱུ་མ་ཟད། ལྒ་སེར་ལྷང་འབུད་བཏང་སྟེ་གྲོད་པ་དང་མཉམ་བསྲེས་བཏང་ནས་གྲང་ཚལ་བཟོ་རྒྱུ། གཞན་ཡང་ལུག་ལྕེ་དང་ཕག་ལྕེ་ཡང་གོང་གསལ་ལྟར་བཟོས་ན་འགྲིག

རིགས་དབྱེ།   འཚོ་བ།བཟའ་བཏུང་།

མཆིན་འཁྱགས།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 冰冻羊肝 རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་གི་མཆིན་པའམ་གཡག་གི་མཆིན་པ་སོགས་སོས་པ1དང་། རི་སྒོག་དང་། སུར་པན། ཚྭ་བཅས་འོས་འཚམ་དགོས། བཟོ་སྟངས། མཆིན་པ་ཞག་པོ་གཅིག་འཁྱགས་བཏང་ནས་ལྷེབ་ལྷེབ་གཏུབ་རྒྱུ། དེ་རྗེས་སུར་པན་ནང་ཚྭ་དང་། རི་སྒོག ཆུ་ཕྲན་བུ་བཅས་བླུགས་ཏེ་སུར་པན་དམར་ལྡུར་བཟོས་ཐོག་མཆིན་འཁྱགས་དང་གསོལ་བ་མཉམ་དུ་མཆོད་ན་སྤྲོ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལུག་རྩིབ་རླངས་བཙོས།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 蒸羊排 རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་རྩིབ་ཁེ400དང་། ཡཱང་བཙོང་ཁེ20 བྱེ་མ་ཀ་ར་ཁེ50 ཚྭ་དང་། གཡེར་མ། ལྗང་ཡུའུ། ལྒ་སྨུག་བཅས་འོས་འཚམས་དགོས། བཟོ་སྟངས། ལུག་རྩིབ་གཏུབས་ནས་ཕོར་བའི་ནང་བསྒྲིག་རྒྱུ། དེ་རྗེས་ཚལ་སླང་ནང་བྱེ་མ་ཀ་ར་བཞུར་ནས་ཚྭ་དང་། ལྒ་སྨུག གཡེར་མ། ཡཱང་བཙོང་། ལྗང་ཡུའུ་བཅས་བླུགས་ནས་བརྔོ་ཙམ་བྱས་རྗེས་ལུག་རྩིབ་ཕོར་བའི་ནང་བླུགས་ཏེ་རླངས་བཙོས་རྒྱག་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

གཡག་ལྕེ་ཁ་ཚ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 凉拌牛舌 རིགས་དབྱེ། དམར་ཟས། རྒྱུ་ཆ། གཡག་ལྕེ་བཙོས་མ་ཁེ300དང་།  སྣུམ་ཁེ25   ཚྭ། བསོད་ནམས་དཔལ་འཛོམས།  བཙོང་།   སུར་པན་ཞིབ་ཞིབ།  ཤ་སྨན་བཅས་འོས་འཚམ་དགོས། བཟོ་སྟངས། གཡག་ལྕེ་བཙོས་མ་ལྷེབ་ལྷེབ་སྲབ་པོ་གཏུབ་རྒྱུ། དེ་རྗེས་ཚྭ་དང་། བསོད་ནམས་དཔལ་འཛོམས་ཞིབ་ཞིབ། བཙོང་ཞིབ་ཞིབ། ཤ་སྨན། སུར་པན་བཅས་ཀྱི་ནང་ཆུ་ཕྲན་བུ་བླུགས་ནས་མཉམ་བསྲེས་བཏང་ཐོག་སྣུམ་བཙག་བཅད་དེ་བླུག་རྒྱུ་མ་ཟད། གཡག་ལྕེ་མཉམ་བསྲེས་གཏོང་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

མགོ་ཤ་ཁ་ཚ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 凉拌牛头肉 རིགས་དབྱེ། དམར་ཟས། རྒྱུ་ཆ། གཡག་གི་མགོ་ཤ་བཙོས་མ་ཁེ300དང་།    སྣུམ་ཁེ50   གཡེར་མ་ཞིབ་ཞིབ་དང་།   སུར་པན།   ཚྭ།   ལྒ་སྨུག  བཙོང་།    ལྗང་ཡུའུ།    རི་སྒོག    ཤ་སྨན།    ཏིལ་དཀར་པོ་བཅས་འོས་འཚམ་དགོས། བཟོ་སྟངས།  མགོ་ཤ་བཙོས་མ་ལྷེབ་ལྷེབ་སྲབ་པོ་གཏུབ་རྒྱུ། དེ་རྗེས་སུར་པན་དང་། ལྒ་སྨུག  གཡེར་མ། ཚྭ། བཙོང་ཞིབ་ཞིབ། རི་སྒོག  ལྗང་ཡུའུ་བཅས་མཉམ་བསྲེས་ཐོག་སྣུམ་བཙག་བཅད་དེ་བླུག་རྒྱུ་མ་ཟད། དེའི་ཐོག་མགོ་ཤ་དང་། ཤ་སྨན། ཏིལ་དཀར་པོ་བཅས་བླུགས་ཏེ་མཉམ་བསྲེས་གཏོང་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

དྲན་རྡོག་ཁ་ཚ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 凉拌牛心 རིགས་དབྱེ། དམར་ཟས། རྒྱུ་ཆ། གཡག་གི་སྙིང་བཙོས་མ་ཁེ250དང་།  སྣུམ་ཁེ25 བཙོང་།  རི་སྒོག  ལྒ་སྨུག  གཡེར་མ།  ཚྭ།  ལྗང་ཡུའུ།  སུར་པན།  ཤ་སྨན།  ཏིལ་དཀར་པོ་བཅས་འོས་འཚམ་དགོས། བཟོ་སྟངས། གཡག་གི་སྙིང་བཙོས་མ་ལྷེབ་ལྷེབ་གཏུབ་རྒྱུ། དེ་རྗེས་རི་སྒོག་དང་།  བཙོང་།  ལྒ་སྨུག  གཡེར་མ།  ཚྭ།  ལྗང་ཡུའུ།  སུར་པན།  ཤ་སྨན།  ཏིལ་དཀར་པོ་བཅས་མཉམ་བསྲེས་བཏང་ནས་དེའི་ཐོག་སྣུམ་བཙག་བཅད་དེ་བླུགས་རྗེས་དྲན་རྡོག་དང་མཉམ་བསྲེས་གཏོང་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

གྲོད་པ་གསུམ་བསྲེས།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 炒牛肚 རིགས་དབྱེ། དམར་ཟས། རྒྱུ་ཆ། གཡག་གི་གྲོད་པ་བཙོས་མ་ཁེ150དང་།  ཇིན་ཚལ་ཁེ50  ལབ་སེར་ཁེ50  སྣུམ་ཁེ100   ཚྭ་དང་།  སྒོག་པ།   གཡེར་མ།  བཙོང་།  ལྒ་སྨུག   ཤ་སྨན་བཅས་འོས་འཚམ་དགོས། བཟོ་སྟངས། གྲོད་པ་དང་། ཇིན་ཚལ། ལབ་སེར་བཅས་ཏི་ཀ་ལྷེབ་ལྷེབ་བམ་གྲུ་བཞི་ནར་མོ་གང་རུང་གཏུབས་ནས་ཇིན་ཚལ་དང་ལབ་སེར་ཁུ་བ་ཞུ་རྒྱུ། དེ་རྗེས་ཚལ་སླང་ནང་སྣུམ་བཙག་བཅད་དེ་སྒོག་པ་དང་། ལྒ་སྨུག གཡེར་མ་བཅས་བརྒྱབ་ཐོག་གྲོད་པ་དང་། ལབ་སེར། ཇིན་ཚལ། ཚྭ། བཙོང་། ཤ་སྨན་བཅས་བླུགས་ནས་མཉམ་དུ་བརྔོ་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལྷོ་བྱང་མཉམ་ཟས།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 鸡蛋人参果 རིགས་དབྱེ། དམར་ཟས། རྒྱུ་ཆ། སྒོ་ང20དང་། གྲོ་མ་བཙོས་མ་ཁེ10 མར་ཁེ30 ཚྭ་དང་། ཕིང་རྩམ་ཆུ་སྦང་བཅས་འོས་འཚམ་དགོས། བཟོ་སྟངས། གྲོ་མ་བཙོ་རྒྱུ་དང་། སྒོ་ངའི་དཀར་སྤྲི་དང་སེར་རིལ་ཁག་སོ་སོ་བྱས་ནས་དཀར་ཡོལ་ནང་བླུགས་ཏེ་ཚྭ་དང་ཕིང་རྩམ་ཆུ་སྦང་ཕྲན་བུ་བླུགས་ནས་དཀྲུགས་རྗེས་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ། དེ་རྗེས་སྒོ་ངའི་དཀར་སྤྲི་དང་སེར་རིལ་གཏུབས་ནས་དེའི་ཐོག་གྲོ་མ་བཙུགས་ཏེ་སྡེར་མའི་ནང་བཏོན་ཐོག་ཚལ་སླང་ནང་མར་ཕྲན་བུ་བཞུར་ནས་ཆུ་ཕྲན་བུ་དང་ཕིང་རྩམ་ཆུ་སྦང་བླུགས་ཏེ་བསྐོལ་ཙམ་བྱས་ནས་སྒོ་ངའི་ཐོག་བླུག་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལུག་མགོ་ཡ་གཤགས།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན། རྒྱ་ཡིག་གི་མིང་། 白水羊头 རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་མགོ1དང་།  ཚྭ་དང་།  གཡེར་མ།  ཤ་སྨན།  ཤིང་ཀུན།   ཀ་ཀོ་ལ།  ཟི་ར།  ལྒ་སྨུག་བཅས་འོས་འཚམ་དགོས། བཟོ་སྟངས། ལུག་མགོ་ཁ་གཤགས་གཏོང་རྒྱུ། དེ་རྗེས་ལུག་མགོའི་ཐོག་ཆུ་དང་། ཚྭ། གཡེར་མ། ཤིང་ཀུན། ཀ་ཀོ་ལ། ཟི་ར། ལྒ་སྨུག  ཤ་སྨན་བཅས་བླུགས་ནས་མཉམ་དུ་བཙོས་ཏེ་ཚོས་པོ་བྱུང་མཚམས་སྡེར་མའི་ནང་འདོན་རྒྱུ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

སྐྱུར་ལོག

ཨ་པུས་རྣམས་ཡག་པོ་སྐྱོགས་སམ་ཐུམ་བུས་བསྣོས་ནས་རྒྱ་མདུད་དང་གོར་གོར། ལོག་ལོག་བྱས་ནས་སྐྱུར་ཁུའི་མཉམ་དུ་ཟོ་བའམ་ཟོམ་བཅས་སྣོད་ཀྱི་ནང་དུ་གོས་ཀྱིས་ལེགས་པོ་གཡོགས་ཏེ་ཉིན་ཤས་བསྙལ་དགོས། དེ་ནས་སྐྱུར་ལོག་ཅེས་པའི་མིང་དེ་ད་གཟོད་བཏགས་ཆོག་པ་ཡིན། རྒྱུ་ཆ། འོ་མ། རིགས་དབྱེ། དཀར་ཟས། ས་གནས། ཁམས་མི་ཉག་ཡུལ། བཅོས་ཐབས། དང་པོ་མདོང་མོ་ནང་དུ་འོ་མ་བླུགས་ཤིང་དཀྲུགས་ཏེ་བྱུགས་ནས་འདྲེས་པར་བྱེད་དགོས། གཉིས་པ་འོ་མའི་ནང་གི་མར་ཐམས་ཅད་ལྷག་ལུས་མེད་པར་བླངས་ནས་ཆུ་སོགས་ཡོད་སའི་འཁྱགས་སར་འཇོག་དགོས།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཕག་མཆིན་རོ་ལྔ།

ཕག་མཆིན་རོ་ལྔ་ནི་ཕག་མཆིན་དང་། གདུས་ཐང་རོ་ལྔ། གཡོས་ཆང་བཅས་ཀྱི་གྲུབ་ཅིང་། རོ་མངར་ཕུན་སུམ་ཚོགས་པའི་བཟའ་བཅའི་རིགས་ཤིག་ཡིན་ནོ། ། རྒྱ་ཡིག་གི་མིང་། 五香猪肝 བོད་ཡིག་གི་མིང་། ཕག་མཆིན་རོ་ལྔ། ཁྱབ་ཁོངས། མིའི་རིགས། ཁོངས་གཏོགས། བཟའ་བཅའི་རིགས། ཁྱད་ཆོས། མངར་ལ་རོ་ལྔའི་བྲོ་བ་ལྡན། རྒྱ་ཆ། ཕག་མཆིན་ཁེ500 གདུས་ཐང་རོ་ལྔ་ཁེ1500ཡན། གཡོས་ཆང་ཁེ15 ལས་རིམ། ཕག་མཆིན་གཙང་མར་བཀྲུ་ཞིང་རྩ་རྒྱུས་འདོན། མཆིན་པའི་ལེབ་ངོས་སུ་གྲི་ཤན་ཁ་ཤས་བྱས་རྗེས་ཆུ་ཚན་དུ་སྐྱ་ལྡབ་བྱས་ནས་མདོག་འགྱུར་བ་ཙམ་གྱིས་ཡར་ལེན།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཁག་ཚིག་ཀེའུ་ཚལ།

ཁམ་ཚིག་ཀེའུ་ཚལ་ནི་ཀེའུ་དང་། ཁམ་བུའི་ཚི་གུ། སྦྲང་། འབྲས་ཆང་བཅས་ཀྱི་གྲུབ་པའི་དཀར་ཟས་རིགས་ཀྱི་བཟའ་བཅའ་ཞིག་གོ། ། རྒྱ་ཡིག་གི་མིང་། 桃仁拌韭菜 བོད་ཡིག་གི་མིང་། ཁམ་ཚིག་ཀེེའུ་ཚལ། ཁྱབ་ཁོངས། བཟའ་བཅའི་རིགས། ཁྱད་ཆོས། མདོག་བཀྲག་ཅིང་བྲོ་བ་རྨད་དུ་བྱུང་། རྒྱུ་ཆ། ཀེའུ་ཚལ་ཁེ100 ཁམ་བུའི་ཚི་གུ་སྨིན་མ་ཁེ150 སྦྲང་ཁེ1 འབྲས་ཆང་ཁེ5 ལས་རིམ། 1.ཀེའུ་ཚལ་བཀྲུས་ནས་དུམ་བུར་གཏུབ། 2.ཆུ་ཁོལ་བའི་ནང་དུ་ཀེའུ་ཚལ་སྐར་མ་གཅིག་ཙམ་གྱི་ཡུན་ལ་ཚ་བཤན་བྱས་ནས། མདོག་ཙམ་འགྱུར་ཚེ་དམྱུགས་ཏེ་ཆུ་བཙག

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལེ་མོན་བྱ་གཤོག

ལེ་མོན་བྱ་གཤོག་ནི་བྱ་གཤོག་དང་། ཙོང་རིལ་ཕྱེད་ཀ ལྡུམ་སྒོང་། དག་ཅི་ལོ། སུར་པན་དམར་བོ། ལོ་མོན་ཁུ་བ། སྲན་སྣུམ་སླ་མོ། བྱེ་མ་ཀ་ར་བཅས་གཡོ་སྐོལ་བྱས་པའི་བཟའ་བ་ཞིག་ཡིན་ནོ། ། རྒྱ་ཡིག་གི་མིང་། 柠檬鸡翅 བོད་ཡིག་གི་མིང་། ལེ་མོན་བྱ་གཤོག ཁྱབ་ཁོངས། བཟའ་བཅའི་རིགས། ཁྱད་ཆོས། མདོག་གསལ་རོ་སྐྱུར་བ། རིགས་དབྱེ། དམར་ཟས། རྒྱུ་ཆ། བྱ་གཤོག་ཁེ300 ཙོང་རིལ་ཕྱེད་ཀ་དང་། ལྡུམ་སྒོང1 བསོད་ནམས་དཔལ་འཛོམས་རྐང2 དག་ཅི་ལོ་ཁེ100 སུར་པན་དམར་བོ1 ལོ་མོན་ཁུ་བ་དང་།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

བྱ་ཤ་དམར་བཙོས།

བྱ་ཤ་དམར་བཙོས་ནི་བྱ་ཤ་གསར་བ་དང་། དགུན་སྐྱེས་སྨྱུག་རྩ། ཙོང་དུམ་བུ། བཅའ་ལྒ་ལྷེབ་མ། བ་དམ་སྣུམ། གཡོས་ཆང་། སྲན་སྣུམ། ཚྭ། བྱེ་མ་ཀ་ར། བྱ་རྩི། གར་ཕྱེ་རློན་པ་བཅས་གཡོས་སྦྱོར་བྱས་པའི་བཟའ་བ་ཞིག་ཡིན་ནོ། ། རྒྱ་ཡིག་གི་མིང་། 红烧鸡块 བོད་ཡིག་གི་མིང་། བྱ་ཤ་དམར་བཙོས། ཁྱབ་ཁོངས། བཟའ་བཅའི་རིགས། ཁྱད་ཆོས། སྙིམ་ཞིམ་ལྗགས་དབང་གསོ་བ། རིགས་དབྱེ། དམར་ཟས། རྒྱུ་ཆ། བྱ་ཤ་གསར་བ་ཁེ500 དགུན་སྐྱེས་སྨྱུག་རྩ་ཁེ100 ཙོང་དུམ་བུ་དང་། བཅའ་ལྒ་ལྷེབ་མ། བ་དམ་སྣུམ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཆ་འབྲས་ཤ་བསྲེགས།

ཆ་འབྲས་ཤ་བསྲེགས་ཞེས་པ་ནི་ལུག་ཤ་དང་། ཤ་ཆ་ར་ཕྲའུ། འབྲ་གོ་དམར་པོ། ཙོང་གཏུབ་མ། ལྒ་ལེབ། བྱེ་མ་ཀ་ར། ལྡུམ་སྒོང་འདག སྲན་སྣུམ། ཚྭ། ཁུ་དྭངས། གར་ཕྱེ་རློན་པ། ཟན་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་གོ། ། རྒྱ་ཡིག་གི་མིང་། 板栗红枣烧羊肉 བོད་ཡིག་གི་མིང་། ཆ་འབྲས་ཤ་བསྲེགས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། ཁ་དོག་དམར་ཞིང་བྲོ་བ་ལྡན། རྒྱུ་ཆ། ལུག་ཤ་ཁེ200 ཤ་ཆ་ར་ཕྲའུ་དང་འབྲ་གོ་དམར་པོ་སོ་སོར་ཁེ100 ཙོང་གཏུབ་མ་དང་ལྒ་ལེབ་ཁེ15རེ། བྱེ་མ་ཀ་ར་དང་། ལྡུམ་སྒོང་འདག

རིགས་དབྱེ།   འཚོ་བ།བཟའ་བཏུང་།

རྒྱུ་དཀར་སླང་བསྲེགས།

རྒྱུ་དཀར་སླང་བསྲེགས་ཞེས་པ་ནི་རྒྱུ་དཀར་དང་། ཙོང་ཧྲུག ལྒ་ལེབ། གྲོ་ཕྱེ། བྱ་སྒོང་སོ་མ། བ་དམ་གྱི་སྣུམ། གར་ཕྱེ་རློན་པ། གྲོ་ཆང་། སྲན་སྣུམ། གཡེར་མ་དང་ཚྭ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 我烧大肠 བོད་ཡིག་གི་མིང་། རྒྱུ་དཀར་སླང་བསྲེགས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། བྲོ་བ་ཞིམ་ལ་དྲི་བསུང་འཐུལ། རྒྱུ་ཆ། རྒྱུ་དཀར་མགོ་ཁེ200 ཙོང་ཧྲུག་དང་། ལྒ་ལེབ། གྲོ་ཕྱེ་བཅས་ཁྱོན་ཁེ50 བྱ་སྒོང་སོ་མ1

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཤྭ་མོ་སྲན་གདུས།

ཤྭ་མོ་སྲན་གདུས་ཞེས་པ་སྲན་ཐུད་སྙི་མོ། ཤྭ་མོ་གསར་བ། སྨྱུག་ལེབ། གཡོས་ཆང་། སྲན་སྣུམ། ཁུ་སར། བསུང་སྣུམ་། བྱ་རྩི། ཚྭ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 蘑菇炖豆腐 བོད་ཡིག་གི་མིང་། ཤྭ་མོ་སྲན་གདུས། ཁྱབ་ཁོངས། བཅའ་བཟའ། ཁྱད་ཆོས། བྲོ་བ་ལེགས་ཤིང་འཚོ་བཅུད་ཕུན་སུམ་ཚོགས། རིགས་དབྱེ། དཀར་ཟས། རྒྱུ་ཆ། སྲན་ཐུད་སྙི་མོ་ཁེ750 ཤྭ་མོ་གསར་བ་ཁེ50 སྨྱུག་ལེབ་ཁེ25 གཡོས་ཆང་ཁེ14 སྲན་སྣུམ་ཁེ10

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལྡུམ་སྒོང་ཤྭ་བཙོས།

ལྡུམ་སྒོང་ཤྭ་བཙོས་ཞེས་པ་ལྡུམ་སྒོང་དང་། དགུན་ཤྭ་གསར་བ། ཙོང་། བཅའ་ལྒ། སྒོག་པ། ཕྱེ་རློན། ཚྭ། བྱ་རྩི། བྱེ་མ་ཀ་ར། ལྡུམ་སྒོང་ཁུ་བ། ཏིལ་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 番茄煮鲜菇 བོད་ཡིག་གི་མིང་། ལྡུམ་སྒོང་ཤྭ་བཙོས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། མདོག་དམར་མདངས་རྒྱས་ལ་བྲོ་བ་ཞིམ། རིགས་དབྱེ། དཀར་ཟས། རྒྱུ་ཆ། ལྡུམ་སྒོང་ཁེ500 དགུན་ཤྭ་གསར་བ་ཁེ350 ཙོང་དང་། བཅའ་ལྒ། སྒོག་པ། ཕྱེ་རློན་བཅས་སོ་སོར་ཁེ5རེ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

བཀྲ་ཤིས་འདོད་འཇོ།

བཀྲ་ཤིས་འདོད་འཇོ་ཞེས་པ་སྐེ་མཐིང་དང་། མོག་རོ་སྦངས་མ། སྨྱུག་རྩ་སྦངས་མ། སྲན་ཐུད་སྐམ་པོ། ལྡུམ་སྒོང་། ལབ་སེར་མེ་ཏོག ཚྭ། བྱེ་མ་ཀ་ར། བསུང་སྣུམ། གར་ཕྱེ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 吉祥如意 བོད་ཡིག་གི་མིང་། བཀྲ་ཤིས་འདོད་འཇོ། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། མདོག་གསལ་རོ་སར་དང་བའི་ཡི་ག་འབྱེད། རིགས་དབྱེ། དཀར་ཟས། རྒྱུ་ཆ། སྐེ་མཐིང་ཁེ600 མོག་རོ་སྦངས་མ་ཁེ80 སྨྱུག་རྩ་སྦངས་མ་ཁེ60

རིགས་དབྱེ།   འཚོ་བ།བཟའ་བཏུང་།

སྦྲང་རྩི་ཞོག་བཙོས།

སྦྲང་རྩི་ཞོག་བཙོས་ཞེས་པ་ནང་ཤ་དམར་པོ་ཅན་དང་། ཞོག་དམར། རྩི་ཤིང་སྣུམ། སྦྲང་རྩི། འབྲ་གོ་དམར་པོ། ཤེལ་ཀ་ར་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 蜜烧红薯 བོད་ཡིག་གི་མིང་། སྦྲང་རྩི་ཞོག་བཙོས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། དམར་སེར་མངར་སོབ་ཁུ་བར་འབྱར་བག་ལྡན། རིགས་དབྱེ། དཀར་ཟས། རྒྱུ་ཆ། ནང་ཤ་དམར་པོ་ཅན་གྱི་ཞོག་དམར་དང་རྩི་ཤིང་སྣུམ་སོ་སོར་ཁེ500རེ། སྦྲང་རྩི་ཁེ100 འབྲ་གོ་དམར་པོ་ཁེ25

རིགས་དབྱེ།   འཚོ་བ།བཟའ་བཏུང་།

དྭ་མངར་དམར་བཙོས།

དྭ་མངར་དམར་བཙོས་ཞེས་པ་དྭ་མངར་དང་། བྱ་སྒོང་། སིལ་དམར། བ་དམ་སྣུམ། བྱ་ཤའི་མགྲེ་རྩི། བྱེ་མ་ཀ་ར། ཙོང་། བཅའ་ལྒ་རློན་པ། ཚྭ། སྲན་མ་སླ་མོ། གར་རྗེན་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 红烧香芋块 བོད་ཡིག་གི་མིང་། དྭ་མངར་དམར་བཙོས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། དམར་སེར་མདངས་རྒྱས་དྲི་ཞིམ་འཐུལ། རིགས་དབྱེ། དཀར་ཟས། རྒྱུ་ཆ། དྭ་མངར་ཁེ150 བྱ་སྒོང1 སིལ་དམར1 བ་དམ་སྣུམ་ཁེ500

རིགས་དབྱེ།   འཚོ་བ།བཟའ་བཏུང་།

བཤུལ་ཤ་ཤུད་བརྔོས།

བཤུལ་ཤ་ཤུད་བརྔོས་ཞེས་པ་ཕག་གི་བཤུལ་ཤ་དང་། སྒོག་ལྗང་། དགུན་སྨྱུག བྱ་སྒོང་སྒོང་སྤྲི། ཙོང་ལྕུག ལྒ་ཧྲུག ཚྭ། གར་ཕྱེ་རློན་པ། གཡོས་ཆང་། བྱ་རྩི། ཏིལ་སྣུམ། བ་དམ་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 滑炒里脊丝 བོད་ཡིག་གི་མིང་། བཤུལ་ཤ་ཤུད་བརྔོས། ཁྱབ་ཁོངས། བཅའ་བཟའ། ཁྱད་ཆོས། རོ་མངར་ཞིང་མདོག་དཀར་ལ་གསལ། རིགས་དབྱེ། དམར་ཟས། རྒྱུ་ཆ། ཕག་གི་བཤུལ་ཤ་ཁེ200 སྒོག་ལྗང་ཁེ75 དགུན་སྨྱུག་ཁེ50 བྱ་སྒོང་སྒོང་སྤྲི1

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལུག་ཤ་འབག་བརྔོས།

ལུག་ཤ་འབག་བརྔོས་ཞེས་པ་ལུག་གི་བཤུལ་ཤ་དང་། དགུན་སྨྱུག སྲན་སྣུམ། ལྒ་ཧྲུག སྒོག་ཧྲུག ཚྭ། བྱ་རྩི། བྱ་སྒོང་སྒོང་སྤྲི། ཙོང་ཧྲུག བྲོ་སྐྱུར། གཡོས་ཆང་། ཏིལ་སྣུམ། བ་དམ་སྣུམ། གར་ཕྱེ་རློན་པ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 酷溜羊肉片 བོད་ཡིག་གི་མིང་། ལུག་ཤ་འབག་བརྔོས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། ཁ་མདོག་དམར་སེར་དྲི་བསུང་འཐུལ། རིགས་དབྱེ། དམར་ཟས། རྒྱུ་ཆ། ལུག་གི་བཤུལ་ཤ་ཁེ200 དགུན་སྨྱུག་དང་སྲན་སྣུམ་སོ་སོར་ཁེ50རེ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཁག་དབྱིབས་ཤ་བརྔོས།

ཁག་དབྱིབས་ཤ་བརྔོས་ཞེས་པ་ཕག་ཤ་ལྤགས་ལྡན་ལེབ་དང་། སྒོག་སྨྱུག མོག་རོ་སྦངས་མ། སུར་སྐམ་དམར་པོ། སྲན་སྣུམ། བྱ་རྩི། སྣུམ། བྱེ་མ་ཀ་ར། ཚྭ། གཡོས་ཆང་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 炒勺子肉 བོད་ཡིག་གི་མིང་། ཁག་དབྱིབས་ཤ་བརྔོས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། མདོག་དཀར་དམར་ཁ་ལ་མངར། རིགས་དབྱེ། དམར་ཟས། རྒྱུ་ཆ། ཕག་ཤ་ལྤགས་ལྡན་ལེབ་ཁེ300 སྒོག་སྨྱུག་དང་མོག་རོ་སྦངས་མ་ཁེ50 སུར་སྐམ་དམར་པོ་ཁེ15

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཤ་གཤར་ཆུ་སྐྱེས།

ཤ་གཤར་ཆུ་སྐྱེས་ཞེས་པ་ཕག་ཤ་གཤར་མ་དང་། སྲན་ཐུད་སྐམ་པོ། ཙོང་གཤར། བསྙལ་སྒོང་གཤར་མ། སུར་དམར་གཤར་མ། མོག་རོ་གཤར་མ། ཚྭ། བྱེ་མ་ཀ་ར། བྱ་རྩི། བསྙལ་ཕབས་བྱེ་མངར། ཟན་སྣུམ། གར་ཕྱེ་རློན་པ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 莲花肉丝 བོད་ཡིག་གི་མིང་། ཤ་གཤར་ཆུ་སྐྱེས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། རོ་མངར་ལ་དྲི་བསུང་འཐུལ། རིགས་དབྱེ། དམར་ཟས། རྒྱུ་ཆ། ཕག་ཤ་གཤར་མ་དང་སྲན་ཐུད་སྐམ་པོ་ཁེ200རེ། ཙོང་གཤར་དང་། བསྙལ་སྒོང་གཤར་མ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ལབ་ཐུད་སྣུམ་བསྲེགས།

ལབ་ཐུད་སྣུམ་བསྲེགས་ཞེས་པ་སྲན་ཐུད་ལེབ་མོ་དང་། ལབ་སེར། ཚྭ། གཡེར་ཕྱེ། ཕོ་བ་རིས་ཕྱེ། བ་དམ་སྣུམ། གར་ཕྱེ་སྐམ་པོ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 炸胡萝卜豆腐丸 བོད་ཡིག་གི་མིང་། ལབ་ཐུད་སྣུམ་བསྲེགས། ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། རོ་མགྲེ་བྲོ་གསར་ཁ་ལ་ནེམ། རིགས་དབྱེ། དཀར་ཟས། རྒྱུ་ཆ། སྲན་ཐུད་ལེབ་མོ1 ལབ་སེར་ཁེ125 ཚྭ་ཁེ3 གཡེར་ཕྱེ་དང་ཕོ་བ་རིས་ཕྱེ་གཉིས་ཁེ2རེ། བ་དམ་སྣུམ་དང་གར་ཕྱེ་སྐམ་པོ་ཚད་རན་རེ།

རིགས་དབྱེ།   འཚོ་བ།བཟའ་བཏུང་།

ཤ་ཧྲུག་ཐུག་ལྗང་།

ཤ་ཧྲུག་ཐུག་ལྗང་ཞེས་པ་ཕྱེ་ཐུག་དང་། ཕག་ཤ སྣག་ཚལ་ཁུ་བ། ཙོང་། བཅའ་ལྒ། བྱ་སྒོང་། འདག་ཆེན། ཚྭ། གཡེར་ཕྱེ། བྱ་རྩི། ཟན་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 肉末翡翠面 ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། ཐུག་མདོག་ལྗང་གུ་བྲོ་བ་ཞིམ། རིགས་དབྱེ། དམར་ཟས། རྒྱུ་ཆ། ཕྱེ་ཐུག་ཁེ500 ཕག་ཤ་ཁེ150 སྣག་ཚལ་ཁུ་བ་ཁེ200 ཙོང་ཁེ10 བཅའ་ལྒ་ཁེ8 བྱ་སྒོང1 འདག་ཆེན་ཁེ50 ཚྭ་ཁེ2 གཡེར་ཕྱེ་ཁེ3 བྱ་རྩི་ཁེ3

རིགས་དབྱེ།   འཚོ་བ།བཟའ་བཏུང་།

མདོག་ལྔའི་བདེ་ཐང་འབྲས་བརྔོས།

མདོག་ལྔའི་བདེ་ཐང་འབྲས་བརྔོས་ཞེས་པ་འབྲས་ཚོས་པ་དང་། བཅའ་ལྒ། ཆུར་སོབ་མངར་ཤྭ་ཧྲུག་གཏུབ། ལབ་སེར་ཧྲུག་གཏུབ། ཞོག་ཁོག་ཧྲུག་གཏུབ། སྤུ་སྲན་ནང་སྙིང་། མ་རྨོས་ལོ་ཏོག་འབྲས་བུ། ཁུ་བཟང་། ཚྭ། ཕོ་བ་རིས་ཕྱེ་དཀར་པོ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 五色健康饭 ཁྱབ་ཁོངས། བཟའ་བཅའ། ཁྱད་ཆོས། མདོག་ལེགས་རོ་བཅུད་འཛོམས། རིགས་དབྱེ། དཀར་ཟས། རྒྱུ་ཆ། འབྲས་ཚོས་པ་མ་ཁེ500 བཅའ་ལྒ་ཁེ5 ཆུར་སོབ་མངར་ཤྭ་ཧྲུག་གཏུབ་ཁེ50 ལབ་སེར་ཧྲུག་གཏུབ་ཁེ50

རིགས་དབྱེ།   འཚོ་བ།བཟའ་བཏུང་།

བརྔོས་འདག་ཕྱེ་ཐུག

བརྔོས་འདག་ཕྱེ་ཐུག་ཅེས་པ་འཐེན་ཐུག་དང་། ཕག་ཤ་འཐག་མ། ཙོང་ཧྲུག བཅའ་ལྒ་འཐག་མ། ཟས་བཀོལ་སྣུམ། ཕྱེ་འདག ཚྭ། བྱེ་མ་ཀ་ར། གར་ཕྱེ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན། རྒྱ་ཡིག་གི་མིང་། 炸酱面 ཁྱབ་ཁོངས། བཅའ་བཟའ། ཁྱད་ཆོས། སྲན་སྣུམ་དྲི་བསུང་འཐུལ། རིགས་དབྱེ། དཀར་ཟས། རྒྱུ་ཆ། འཐེན་ཐུག་ཁེ250 ཕག་ཤ་འཐག་མ་ཁེ100 ཙོང་ཧྲུག་དང་བཅའ་ལྒ་འཐག་མ་གཉིས་ཁེ10རེ། ཟས་བཀོལ་སྣུམ་ཁེ5 ཕྱེ་འདག་ཁེ3 ཚྭ་ཁེ2 བྱེ་མ་ཀ་ར་ཁེ10

རིགས་དབྱེ།   འཚོ་བ།བཟའ་བཏུང་།