སིལ་གསུམ་གྲོད་པ་ཁ་ཚ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སིལ་གསུམ་གྲོད་པ་ཁ་ཚ།
གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凉拌牛肚三丝
རིགས་དབྱེ།
དམར་ཟས།
1 རྒྱུ་ཆ།

གཡག་གི་གྲོད་པ་བཙོས་མ་ཁེ200དང་། ཇིན་ཚལ་ཁེ20  ཕིང་ཁེ10  བྱེ་མ་ཀ་ར་ཁེ3  སྣུམ་ཁེ25  གཡེར་མ། ཚྭ། སྒོག་པ། ལྒ་སྨུག ཤ་སྨན། སུར་པན་ཞིབ་ཞིབ། བཙོང་བཅས་འོས་འཚམ་དགོས།

2 བཟོ་སྟངས།

གཡག་གི་གྲོད་པ་སིལ་སིལ་གཏུབ་རྒྱུ་དང་། ཇིན་ཚལ་སིལ་སིལ་གཏུབས་ནས་ཁུ་བ་ཞུས་ཏེ་ཆུ་གྲང་མོའི་ནང་སྦང་རྒྱུ། ཆུ་ཁོལ་མའི་ནང་ཕིང་སྦངས་ནས་རོབ་ཙམ་གཏུབ་རྒྱུ། དེ་རྗེས་སུར་པན་དང་། ལྒ་སྨུག སྒོག་པ། གཡེར་མ་བཅས་ཀྱི་ཐོག་སྣུམ་བཙག་བཅད་དེ་བླུག་རྒྱུ་མ་ཟད། གྲོད་པ་དང་ཕིང་བླུགས་ནས་མཉམ་བསྲེས་བཏང་ཐོག་ཚྭ་དང་། བྱེ་མ་ཀ་ར། ཤ་སྨན་བཅས་དང་། མཇུག་ཏུ་ཇིན་ཚལ་དང་བཙོང་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།