མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་སྤུན་ཟླའི་ངོས་ནས་བཤད་ན། ཇ་ནི་ཉིན་གཅིག་ལའང་ཁ་བྲལ་ཐབས་མེད་པའི་བཏུང་བྱ་ཞིག་ཡིན། མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་རྒན་དར་གཞོན་གསུམ་ཚང་མར་ཇ་བསྲུབས་མ་བཏུང་བའི་གོམས་གཤིས་ཡོད། འོ་ན་ཇ་བསྲུབས་མ་ལ་ཕན་ནུས་གང་འདྲ་ཡོད་ཅེ་ན། ཉེ་ཆར་ཨ་རིའི་ལུས་པོ་བདེ་ཐང་སྐོར་གྱི་དྲ་གནསHealthyfocus.orgཞེས་པའི་སྟེང་དུ་ནུས་ཚད་གསབ་སྐོང་བྱེད་པ་དང་ཀླད་པའི་བདེ་ཐང་ལ་ཕན་པ་བཅས་ཇ་བསྲུབས་མའི་ཕན་ནུས་དགུ་ཕྱོགས་བསྡོམས་བྱས་ཡོད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ་བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། ཇ་འདན། ཐབ་ཇ་སོགས་ཡོད་དོ།། རྒྱ་ཡིག་གི་མིང་། 茶 རིགས་དབྱེ། བཟའ་བཏུང་གི་སྐོར། ངོ་སྤྲོད། བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ་བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། ཇ་འདན། ཐབ་ཇ་སོགས་ཡོད་དེ་ཇ་ནག་དཀྲུག་བསྐོལ་ཐབས་ནི་ཇ་ནག་གམ་ཟུང་ཇ་འོས་འཚམ་ཞིག་ཆུ་ནང་དུ་བཏབ་སྟེ་ཁོག་ལྟིར་གྱི་ནང་དུ་གདུས་ནས་ཇ་ཁུའི་མདོག་དམར་སྨུག་ཡོད་དུས་བཏུང་ཆོག ཇ་ནག་དཀྲུག་འཐུང་ན་ཟས་འཇུ་བ་ཡིན། ཇ་དཀར་ཁུའམ་འོ་ཇ་བསྐོལ་ཐབས་ནི་ཇ་ནག་དཀྲུག་ནང་འོ་མ་བླུགས་ནས་བཏུང་བ་ཞིག་ཡིན་ལ་མངར་ཆེ་ཞིང་ལུས་སྟོབས་གསོ།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
ཚལ་སླེའི་ཐོན་རྫས་ནི་གཙོ་བོ་ཚལ་སླེའི་ལས་གྲྭའི་ཐོན་རྫས་ལ་ཟེར། རང་རྒྱལ་གྱི་ཞོར་ཟས་མཁོ་སྤྲོད་ཅུང་དམའ་བའི་འགལ་བ་ཞི་ལྷོད་དུ་གཏོང་ཆེད། ཞིང་ལས་པུའུ་ཡིས་སྤྱི་ལོ1988ལོར་“ཚལ་སླེའི་ལས་གྲྭ”འཛུགས་སྐྲུན་བྱེད་དགོས་ཞེས་བཏོན། དུས་ཐེངས་དང་པོའི་ལས་གྲྭས་ཀྲུང་དབྱང་དང་ས་གནས་ཀྱི་ཤ་དང་། སྒོ་ང་། འོ་མ། ཆུ་ཐོན། སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཅས་དང་དེ་བཞིན་སོན་བཟང་གསོ་སྤེལ་དང་གཟན་ཆག་ལས་སྣོན་སོགས་ཀྱི་ཞབས་ཞུའི་མ་ལག་བཙུགས་ནས་གྲོང་མིར་ལོ་གཅིག་དུས་བཞིར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པའི་འགན་ལེན་བྱས་ཡོད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
སྤུས་ཉར་དུས་ཡུན་ནི་རྒྱུན་པར་སྔོན་གྲབས་ཐུམ་སྒྲིལ་ཟས་རིགས་ཀྱིས་ཡིག་བྱང་དུ་གསལ་པོར་བསྟན་པའི་གསོག་ཉར་ཆ་རྐྱེན་འོག་རྒྱུ་སྤུས་རྒྱུན་འཁྱོངས་བྱེད་པའི་དུས་ཡུན་ལ་ཟེར། དུས་ཡུན་དེའི་ནང་ཐོན་རྫས་ཕྱིར་འཚོང་བྱེད་པར་འཚམ་པོ་ཡོད་པ་མ་ཟད། ཤོག་བྱང་ཁྲོད་གསལ་བཤད་བྱེད་མི་དགོས་པའམ་ཡང་ན་གསལ་བཤད་བྱས་ཟིན་པའི་དམིགས་བསལ་གྱི་རྒྱུ་སྤུས་སྲུང་འཛིན་བྱེད་དགོས། སྤྱིར་བཏང་གི་ཟས་རིགས་ཀྱི་སྤུས་ཉར་དུས་ཡུན་ནི་དུས་ཚོད་ཀྱི་འཕྲེད་ཚད་གཅིག་པུ་དེ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་ཟས་རིགས་གསོག་ཉར་ཁོར་ཡུག་དང་འབྲེལ་བ་ཡོད་པས། ཞིབ་ཕྲའི་ཉར་ཚགས་རྣམ་པའི་འོག་ཟས་རིགས་ཀྱི་སྤུས་ཉར་དུས་ཡུན་ལ་དབྱེ་ཞིབ་བྱ་དགོས།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
སྤྱི་ལོ2011ལོའི་ཟླ5པའི་ཚེས13ཉིན། འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི《ཐུམ་སྒྲིལ་བཟའ་བཅའི་ཤོག་བྱང་ཚད་གཞི》ཞེས་པའི་ནང་སྤུས་ཉར་དུས་ཡུན་གྱི་མཚན་ཉིད་གསར་ཤོས་ནི། སྔོན་གྲབས་ཐུམ་སྒྲིལ་ཟས་རིགས་ཀྱི་ཤོག་བྱང་ཐོག་གསལ་སྟོན་བྱས་པའི་གསོག་ཉར་ཆ་རྐྱེན་འོག་སྤུས་ཚད་རྒྱུན་འཁྱོངས་བྱེད་པའི་དུས་ཚད་ཡིན། དུས་ཡུན་དེའི་ནང་ཐོན་རྫས་ཕྱིར་འཚོང་བྱེད་པར་འཚམ་པོ་ཡོད་པ་མ་ཟད། ཤོག་བྱང་ཁྲོད་གསལ་བཤད་བྱེད་མི་དགོས་པའམ་ཡང་ན་གསལ་བཤད་བྱས་ཟིན་པའི་དམིགས་བསལ་གྱི་རྒྱུ་སྤུས་སྲུང་འཛིན་བྱེད་དགོས། ཟས་རིགས་སྤུས་ཉར་དུས་ཡུན་ནི《སྨན་གཞུང》གི་གཏན་འབེབས་དང་ཚོད་ལྟ་ཁང་གི་གཞི་གྲངས་གཉིས་ཀྱིས་གཏན་འཁེལ་བྱས་པ་ཡིན། ཟས་རིགས་ཤིག་གི་སྤུས་ཚད་འགན་ལེན་དུས་ཡུན་མ་བཟོས་གོང་།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
ཡོང་ཁུངས་ལ་གཞིགས་ཚེ་བཟའ་བཅའི་སྣུམ་ཚིལ་ལ་རྩི་ཤིང་གི་སྣུམ་ཚིལ་དང་སྲོག་ཆགས་ཀྱི་སྣུམ་ཚིལ་གཉིས་སུ་དབྱེ་ཆོག རྒྱུན་དུ་མཐོང་བའི་རྩི་ཤིང་གི་སྣུམ་ཚིལ་ལ་སྲན་སྣུམ་དང་མེ་ཏོག་སྣུམ་ཞིང་། ཚལ་སྣུམ། ཏིལ་སྣུམ། མ་རྨོས་ལོ་ཏོག་གི་སྣུམ་སོགས་ཡོད། རྒྱུན་དུ་མཐོང་བའི་སྲོག་ཆགས་ཀྱི་སྣུམ་ཚིལ་ལ་ཕག་ཚིལ་དང་ནོར་ཚིལ། ལུག་ཚིལ། ཉ་ཚིལ་སོགས་ཡོད། རྒྱ་ཡིག་གི་མིང་། 植物油脂 ཕྱི་ཡིག་གི་མིང་། Vegetable oil ངོ་བོ། དོན་སྤྱི། བསླབ་ཚན། ལུས་ཁམས་རིག་པ། འཚོ་བཅུད་རིག་པ། འཚོ་བཅུད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
མཚོ་བོད་ས་མཐོར་འཚོ་གནས་བྱེད་བཞིན་པའི་བོད་རིགས་སྤུན་ཟླའི་ངོས་ནས་བརྗོད་ན། ཇ་ནི་ཉིན་གཅིག་ཀྱང་ཁ་འབྲལ་ཐབས་མེད་པའི་འཐུང་བྱ་ཞིག་རེད། གནས་འདིའི་རྒན་དར་གཞོན་གསུམ་ཚང་མར་ཇ་བསྲུབས་མ་འཐུང་བའི་གོམས་གཤིས་ཡོད། འོ་ན་ཇ་བསྲུབས་མར་ཕན་ནུས་གང་འདྲ་ཡོད་ཅེ་ན། ཨ་རིའི་ལུས་པོ་བདེ་ཐང་སྐོར་གྱི་དྲ་ཚིགསHealthyfocus.orgཐོག་ཏུ་ཇ་བསྲུབས་མའི་ཕན་ནུས9ཕྱོགས་བསྡུས་བྱས་ཡོད། རྒྱ་ཡིག་གི་མིང་། 酥油茶的九个功效 རིགས་དབྱེ། བཏུང་བྱ། ཇ་བསྲུབས་མའི་ཕན་ནུས་དགུ། མཚོ་བོད་ས་མཐོར་འཚོ་གནས་བྱེད་བཞིན་པའི་་བོད་རིགས་སྤུན་ཟླའི་ངོས་ནས་བརྗོད་ན། ཇ་ནི་ཉིན་གཅིག་ཀྱང་ཁ་འབྲལ་ཐབས་མེད་པའི་འཐུང་བྱ་ཞིག་རེད། གནས་འདིའི་རྒན་དར་གཞོན་གསུམ་ཚང་མར་ཇ་བསྲུབས་མ་འཐུང་བའི་གོམས་གཤིས་ཡོད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
ཀྲུང་གོའི་བཟའ་བཏུང་རིག་གནས་དེ་བཟའ་བཅའི་འབྱུང་ཁུངས་གསར་སྤེལ་དང་བེད་སྤྱོད། ཟས་རིགས་བེད་སྤྱོད་དང་གསར་གཏོད། བཟའ་བཅའི་ཐོན་སྐྱེད་དང་འཛད་སྤྱོད། བཟའ་བཏུང་ཞབས་ཞུ་དང་སྣེ་ལེན། བཟའ་བཏུང་ལས་རིགས་དང་བཟའ་བཅའི་ལས་རིགས་ཀྱི་གཉེར་སྐྱོང་དང་དོ་དམ། དེ་བཞིན་བཟའ་བཏུང་དང་རྒྱལ་སྟོབས་དམངས་བདེ། བཟའ་བཏུང་དང་རྩོམ་རིག་སྒྱུ་རྩལ། བཟའ་བཏུང་དང་མི་ཚེའི་རྟོགས་པ་སོགས་དང་འབྲེལ་བ་ཡོད་པས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡིན། བཟའ་བཏུང་རིག་གནས་ནི་གྲོང་ཁྱེར་ཞིག་གི་རིག་གནས་རང་གཤིས་དང་མཚོན་རྟགས་གལ་ཆེན་ཞིག་ཡིན།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
བོད་མིས་རང་ཉིད་གནས་ཡུལ་གྱི་གནམ་གཤིས་དང་། སྐབས་དེའི་ཐོན་སྐྱེད་འཕེལ་རིམ་གྱི་ཆུ་ཚད། འཚོ་བའི་ཆ་རྐྱེན་དང་བསྟུན་ཏེ་ཡུལ་བབ་དང་མཐུན་པའི་བཏུང་བཅའ་འཕེལ་རྒྱས་སུ་བཏང་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར་བོད་མིའི་བཟའ་བཏུང་གི་རིགས་ལ་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་སྟེ། ཕྱི་ནང་གང་ཞིག་ལའང་ཟ་བདེ་སྤྱོད་བདེའི་ཆོས་ཉིད་ལྡན་ཡོད། དཔེར་ན་ཆང་ལ་ཆ་བཞག་ན་སྐྱེམས་སེལ་གྱི་བཏུང་བཅའ་ཞིག་ཡིན་ལ་སྤགས་ཁུའང་བྱེད་ཆོག་པ་གཅིག་ཡིན། རིགས་དབྱེ། བཏུང་བ། ངོ་སྤྲོད། བོད་མིས་བོད་ཆང་འཐུང་བའི་གོམས་སྲོལ་དེ་བོད་ལ་དར་ནས་ད་བར་ལ་དུས་ཡུན་རིང་པོ་ཞིག་ཕྱིན་ཡོད། དེའང《ཇ་ཆང་ལྷ་མོའི་བསྟན་བཅོས》ལས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཕོ་བྲང་ཡུམ་བུར་མངའ་གསོལ་བའི་སྐབས་དང་། གཞན་ཡང་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རིམ་བྱོན་ཚང་མས་བདེ་ལྡན་བདུད་རྩིའི་སྐྱེམས་འདིར་གཙིགས་མཛད་པའི་ལོ་རྒྱུས་མང་
རིགས་དབྱེ། འཚོ་བ།• བཟའ་བཏུང་།
རང་རེའི་ཞིང་འབྲོག་ཁུལ་དུ་ཆུ་ཁོལ་བཏུང་བའི་སྲོལ་དེ་ཙམ་མེད་པར་མ་ཟད་ཕྱེ་སྐྱ་ཆུ་ནག་ཅེས་བརྗོད་ནས། རྩམ་རྐྱང་དང་ཆུ་ཁོལ་གཉིས་ནི་ནད་པའི་ཟས་སྐོམ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ། འདི་ནི་ཕལ་ཆེར་ཆུ་ཁོལ་གྱི་དགེ་མཚན་མ་ཤེས་པས་ཡིན་སྲིད་པས། ཆུ་ཁོལ་བཏུང་བའི་ཕན་ཡོན་མདོར་ཙམ་ཞིག་གོ ། བོད་ཡིག་གི་མིང་། ཆུ་ཁོལ་གྱི་ཕན་ཡོན། ཁོངས་གཏོགས། འཚོ་བའི་རྒྱུན་ཤེས། རྒྱས་འགྲེལ། 1.སྤྱིར་ཆུ་ལ་ཡག་སྡུག་གི་དབྱེ་བ་མང་ཡང་ཆུ་གང་དེ་ཐོན་སའམ་འབབ་སའི་ས་ཕྱོགས་གཙང་ཞིང་ཉི་འོད་དང་རླུང་བསེར་བུའི་རེག་བྱ་ཕོག་པའི་ཆ་དེ་བཟང་ཞིང་དེ་ལས་ལྡོག་པའི་ཆུ་དེ་ཞན་ནོ། ། 2.ལྦུ་བ་མ་སངས་བར་དུ་ལེགས་པར་བསྐོལ་པའི་ཆུ་དེ་རྒྱུན་དུ་མང་ཙམ་བཏུང་ན་ཕོ་བའི་མེ་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བའི་གྲོགས་བྱེད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
འབྲས་ཁུའི་རང་སྐྱུར་རམ་ཡང་ན་རྩབས་ཞེས་པའི་བཏུང་བྱ་སྐྱུར་མོ་དེ་ནི་ཆང་ཕབ་ལ་འབྲས་དང་ཆུ་སོགས་སྦྱོར་བ་ལས་གྲུབ་པ་ཡིན་ཞིང་། ངོ་བོ་རྣོ་ལ་ཚ་བ་དང་ཁོང་ཅུང་ཙམ་འཁྲུ་བར་བྱེད། རྒྱ་ཡིག་གི་མིང་། 米酒 ཕྱི་ཡིག་གི་མིང་། rice wine མིང་གཞན། རྩབས། བྲོ་བ། རྣོ་ལ་ཚ་བ་དང་ཁོང་ཅུང་ཙམ་འཁྲུ་བར་བྱེད། ཕན་ནུས། བྱིས་པའི་གློ་ལུ་བར་ཕན་ཤས་ཆེ་ཞིང་། སྲིན་ནད་དང་སྙིང་ནད། སྐྲན་གྱི་རིགས་གཞང་འབྲུམ་སོགས་ཀྱང་སེལ་ནུས། ནང་དོན་མདོར་བསྡུས། འབྲས་ཁུའི་རང་སྐྱུར་རམ་ཡང་ན་རྩབས་ཞེས་པའི་བཏུང་བྱ་སྐྱུར་མོ་དེ་ནི་ཆང་ཕབ་ལ་འབྲས་དང་ཆུ་སོགས་སྦྱོར་བ་ལས་གྲུབ་པ་ཡིན་ཞིང་།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
པད་མའི་གངས་ལྗོངས་བོད་ཇ་ནི་ས་བབ་མཐོ་ཚད་སྨི3200ནས3600བར་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྨར་ཁོག་གཙང་པོའི་གདོད་མའི་ནགས་ཚལ་དང་རི་ལུང་ས་ཁུལ་དུ་སྐྱེས་པ་ཞིག་ཡིན་ལ། རི་སྐྱེས་ཧའེ་ཐང་ཤིང་སྡོང་དང་པན་ཡེ་ཧའེ་ཐང་ཤིང་སྡོང་གཉིས་ཀྱི་ལོ་མ་གསར་བ་མ་རྒྱུ་བྱས་ནས“སྲོལ་རྒྱུན+དེང་རབས” ཀྱི་ཞིབ་ཕྲའི་ཇ་བཟོའི་ལག་རྩལ་གྱིས་ལས་སྣོན་བྱས་ཏེ་བཟོས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 班玛藏雪茶 ཕྱི་ཡིག་གི་མིང་།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
ནས་ཆང་ནི་མཚོ་བོད་མཐོ་སྒང་གི་འབྲུ་རིགས་གཙོ་བོ་ནས་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ནི་བོད་མི་དམངས་འཐུང་བར་དགའ་བའི་ཆང་ཞིག་ཡིན་ལ། ལོ་གསར་དང་དུས་ཆེན། གཉེན་སྒྲིག་བྱེད་པ། ཕྲུ་གུ་སྐྱེ་བ། གཉེན་ཉེ་སྐྱེལ་བ་སོགས་ལ་མེད་དུ་མི་རུང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 青稞酒 རྒྱུ་ཆ། ནས། ཕྱི་ཡིག་གི་མིང་། qing ke beer ཁྱབ་ཡུལ། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་སོགས། གཞི་རྩའི་ཆ་འཕྲིན། ནས་ཆང་ཐོན་ཡུལ་གཙོ་བོ་ནི། མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་སུ་ཁྱབ་ཡོད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
སྤྱིར་བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ། བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་གམ་ནག་ཁུ་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། བསྲུབས་ཇ། ཕབ་ཇ་སོགས་ཡོད། རྒྱ་ཡིག་གི་མིང་། 藏茶 ངོ་སྤྲོད། སྤྱིར་བོད་མིའི་བཏུང་བྱའི་ཇ་ནི་གཙོ་བོ་ཇ་ནག་དང་ཟུང་ཇ་ཡིན་ལ། བཏུང་བྱ་བཟོ་བའི་ཐབས་ཤིན་ཏུ་མང་སྟེ། ཇ་ནག་དཀྲུག་གམ་ནག་ཁུ་དང་ཇ་དཀར་ཁུའམ་འོ་ཇ། དཀྲུག་ཇ། མངར་ཇ། བསྲུབས་ཇ། ཕབ་ཇ་སོགས་ཡོད་དེ། ཇ་ནག་དཀྲུག་བསྐོལ་ཐབས་ནི་ཇ་ནག་གམ་ཟུང་ཇ་འོས་འཚམ་ཞིག་ཆུ་ནང་དུ་བཏབ་སྟེ། སླ་ང་དང་ཟངས་དེམ། ཁོག་ལྟིར་གང་རུང་གི་ནང་དུ་གདུས་ནས་ཇ་ཁུའི་མདོག་དམར་སྨུག་ཡོད་དུས་འཐུང་ཆོག བཤད་རྒྱུན་དུ་ཇ་ནག་ཁུ་ནི་ངོ་བོ་ཚ་དྲོ་ཡིན་པས་འཐུངས་ན་ཕོ་བར་བདེ་ཞིང་ཟས་འཇུ་བ་ཡིན།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
བོད་མིའི་འཚོ་བའི་ནང་ཇ་ནི་མེད་དུ་མི་རུང་བའི་བཏུང་བཅའ་ཞིག་ཡིན། ཞོགས་ལྟར་རྒྱུན་ཆད་མེད་པར་ཇ་འཐུང་བའི་སྲོལ་ཞིག་ཆགས་ཡོད་པ་མ་ཟད། ཁྱིམ་དུ་མགྲོན་པོ་ཕེབས་ཚེ། ངེས་པར་དུ་ཁ་སྟོང་པར་མ་བཏང་བར་གསོལ་ཇ་བཏེགས་ནས་སྣེ་ལེན་ཞུ་གསོལ་ཡོད། བོད་ཇ་ལའང་ཇ་སྲུབས་མ། ཇ་དྭངས། ཇ་མངར་མོ་ལ་སོགས་རིགས་མི་འདྲ་བ་ཁ་ཤས་ཡོད། བོད་ཡིག་གི་མིང་། གསོལ་ཇ། རིགས་དབྱེ། བཏུང་བྱའི་རིགས། ངོ་སྤྲོད། བོད་མིས་ཇ་འཐུང་རྒྱུར་ཤིན་ཏུ་དགའ་པོ་གནང་གི་ཡོད། བོད་མིའི་འཚོ་བའི་ནང་ཇ་ནི་མེད་དུ་མི་རུང་བའི་བཏུང་བཅའ་ཞིག་ཡིན།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
ཝུ་སིབ་ཁུ་ནག་ནི་དུས་རབས19པའི་ལོ་རབས90པར་བྱུང་ཞིང་། ཨ་རིའི་བྱང་རྒྱུད་ཀྱི་ཁཱ་ལོ་ལའེ་ནཱ་མངའ་སྡེ་ཡི་སྨན་གཉེར་དཀའ་བཅུ་པ་པུའུ་ལའེ་ཏུ་ཧན་མུའུ་ཡིས་བཟོས་ཤིང་། ཐཱན་སྐྱུར་ཆུ་དང་ཀ་ར། དྲི་ཞིམ་རྩྭ། སྣུམ་རྗེན། ཕོ་བའི་སྤྲི་དཀར་འཇུ་རྫས། ཁུ་ལི་ཀུའོ(可乐果)སོགས་ཀྱིས་གྲུབ་པ་དང་། འདི་ནི་ཐོག་མར་ཕོ་བའི་ནད་རིགས་བཅོ་བྱེད་ཀྱི་སྨན་རྫས་ཤིག་ཡིན་མོད། རྗེས་སུ་ཝུ་སིབ་ཁུ་ནག་ཏུ་མིང་བསྒྱུར་ཏེ་སྤྱི་ལོ1903ལོའི་ཟླ6པའི་ཚེ16ཉིན་ཚོང་རྟགས་ཐོ་འགོད་བྱས།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
རྒུན་འབྲུམ་ལས་བསྙལ་བའི་ཆང་གི་རོ་ནི་མངར་ཞིང་སྐྱུར་ལ་ཅུང་ཙམ་འཁྲུ་བ་དང་ལྡན་པ། ངོ་བོ་ཤིན་ཏུ་རྣོ་བ་ཡིན་པས་བད་ཀན་ལ་སོགས་པའི་ནད་སྦྱོང་ཞིང་སེལ་བར་བྱེད་པ་བཅས་ཡིན། རིགས། ཆང་གི་རིགས། བྲོ་བ། ་མངར་ཞིང་སྐྱུར་ལ་ཅུང་ཙམ་འཁྲུ་བ་དང་ལྡན་པ། ཕན་ནུས། བད་ཀན་ལ་སོགས་པའི་ནད་སྦྱོང་ཞིང་སེལ་བར་བྱེད་པའི་ཕན་ནུས་ཆེན་པོ་ལྡན། ཕན་ནུས། རྒུན་འབྲུམ་ལས་བསྙལ་བའི་ཆང་གི་རོ་ནི་མངར་ཞིང་སྐྱུར་ལ་ཅུང་ཙམ་འཁྲུ་བ་དང་ལྡན་པ། ངོ་བོ་ཤིན་ཏུ་རྣོ་བ་ཡིན་པས་བད་ཀན་ལ་སོགས་པའི་ནད་སྦྱོང་ཞིང་སེལ་བར་བྱེད་པ་བཅས་ཡིན། རྒུན་འབྲུམ་གྱི་ཆང་ནི་སྙིང་ལ་ཕན་ཤས་ཆེ་ཞིང་ངོ་མདངས་གསོ་ཐུབ་པ་དང་།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
འོ་མའི་ནང་ནས་བ་ཡི་འོ་མ་ལུས་ཟུངས་གསོ་བའི་མཆོག་ཏུ་བརྩི་ལ། ལུས་སྲོག་ཡུན་རིང་དུ་འཛིན་པར་བྱེད། རིགས། འོ་མའི་རིགས། འཛེམས་བྱ། བ་ཡི་འོ་མ་སྔོ་ཚོད་རིགས་དང་མཉམ་དུ་བསྟེན་ན་ཅུང་ཙམ་འཁྲུ་བར་བྱེད་པ་ཡིན། ཕན་ནུས། རླུང་གིས་མགོ་འཁོར་བ་དང་། ཡིད་མྱོས་པ་དང་། མདངས་ལ་སོགས་པའི་དཔལ་ཉམས་པ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། བཀྲེས་པ་དང་། ཤིན་ཏུ་སྐོམ་པ་དང་། རིམས་རྙིང་པ་དང་། གཅིན་སྲི་ཞིང་ཉུང་བ་དང་། ཁྲག་དང་མཁྲིས་པ་བཅས་ཀྱི་ནད་གཞི་འདི་རྣམས་ཀྱང་བ་ཡི་འོ་མས་སེལ་བར་བྱེད་དོ༎ ངོ་སྤྲོད།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
སྦི་རག་ཐོག་མར་དར་ས་ནི་འཇར་མནGermanyཡིན་ཞིང་། དེ་ནས་རིམ་གྱིས་ཡོ་རོབ་གླིང་དང་གླིང་གཞན་ལ་དར་ཁྱབ་ཏུ་བཏང་པ་དང་། ད་ལྟའི་བར་དུ་ལོ་ངོ185ཡི་ལོ་རྒྱུས་དང་ལྡན་པ་ཡིན། རྒྱ་ཡིག་གི་མིང་། 啤酒 ཕྱི་ཡིག་གི་མིང་། beer ཕན་ནུས། ཉུང་ཙམ་འཐུང་ན་ལུས་སེམས་བདེ་ཞིང་། ཕོ་བའི་ནང་གི་ཟས་རིགས་འཇུ་བའི་ཕན་ནུས་ཡོད། འཛེམས་བྱ། དབྱར་དུས་ནས་ནམ་ཟླ་ཤིན་ཏུ་ཚ་བའི་སྐབས་སུ་མི་རྣམས་ཀྱི་ལུས་ཀྱི་བ་སྤུའི་བ་ག་ཐམས་ཅད་ཀྱི་སྒོ་ཕྱེ་ཡོད་པས་སྦི་རག་བཏུང་དྲགས་ན་ཕོ་བའི་མེ་དྲོད་ལ་གནོད་པ་ཧ་ཅང་ཚབས་ཆེན་ཐེབས་པས་དེ་ལྟར་མི་བཏུང་བར་བྱ།
རིགས་དབྱེ། འཚོ་བ།• བཟའ་བཏུང་།
བཏུང་བ། བརྡ་འགྲེལ 19 ཡོད། |