ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,901 ཡོད།

ཕྱོགས་གླང་གི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།

བསྟན་བཅོས་ཐོར་བུ་བརྒྱ་རྩར་ལོངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཚད་མ་ཀུན་བཏུས་མཛད་དེ་ཚད་མ་རིག་པའི་ཤིང་རྟའི་སྲོལ་ཕྱེ་ཡང་། ཆོས་འབྱུང་དང་བསྟན་འགྱུར་ལས་ཤེས་གསལ་ལྟར་བོད་དུ་ཁོང་གི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ་ཤིན་ཏུ་ཉུང་། ཚད་མ་ཀུན་བཏུས་ཀྱི་གཞུང་འགྲེལ་སྐོར་ལ་རྒྱལ་ཚབ་རྗེས་མཛད་པའི་འགྲེལ་བ་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་འགྲེལ་བ

20180409

ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་ཀྱི་གཞུང་འགྲེལ།

རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཞེས་པའི་སྔོན་མེད་གཞུང་འགྲེལ་རྨད་དུ་བྱུང་བ་འདི་ཉིད་མཛད་པ་དང་། དེ་ནི་བོད་རང་གི་མཁས་པས་མཛད་པའི་ཚད་མའི་གཞུང་འགྲེལ་གྱི་བསྟན་བཅོས་ཐོག་མ་ཡིན་ལ། ཡོངས་གྲགས་སུ་འདིའི་གོང་དུ་གཙོ་བོ་རྒྱ་གར་གྱི་ཚད་མའི་གཞུང་ལ་སློབ་གཉེར་བྱེད་པ་ལས་བོད་རང་གི་མཁས་པས་མཛད་པའི་ཚད་མའི་གཞུང་འགྲེལ་གྱི་བསྟན་བཅོས་མེད་པ

20180409

བོད་བརྒྱུད་ཚད་མ་རིག་པ།

བཅས་རིགས་ཆེན་པོ་གསུམ་དུ་དབྱེ་ཞིང་། དུས་རབས་བཅུ་གཅིག་པར་རྨ་དགེ་བའི་བློ་གྲོས་དང་རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་དང་རྣམ་ངེས་སོགས་ཚད་མའི་བསྟན་བཅོས་བཅོ་ལྔ་ལྷག་བོད་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར་བོད་བརྒྱུད་ཚད་མ་རིག་པ་ཟེར། རིག་གཞུང་འདིའི་ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཚད་མ་རིག་པ་ཡིན་པས

20180403

རིགས་སྒོ།

གྲངས་ཅན་ལ་སོགས་པའི་གཏན་ཚིགས་རིག་པ་རྩལ་དུ་བཏོན་ནས་ཚད་གཞུང་རང་བཙན་པ་བྱུང་ཡོད་ཀྱང་། གང་ཟག་གི་བདག་མེད་དང་བདེན་པ་བཞི་བརྗོད་བྱར་བྱས་པའི་ནང་རིག་པར་གྱུར་པའི་ཚད་མའི་བསྟན་བཅོས་རང་བཙན་པ་ནི་སློབ་དཔོན་ཕྱོགས་གླང་གི་དུས་ནས་བྱུང་བར་མངོན་ཏེ། རིགས་སྒོ་ཞེས་བྱ་བའི་བསྟན་བཅོས་འདིའང་སློབ་དཔོན་ཕྱོགས་གླང་གི་བརྩམས་ཆོས་དུ་མའི་གྲས་གཅིག་ཡིན་ནོ

20160325

རྒྱ་བརྒྱུད་ཚད་མ་རིག་པའི་བྱུང་འཕེལ།

འཇུག་དང་དམིགས་པ་བརྟག་པ་ཞེས་བྱ་བ་གཉིས་རྒྱའི་སྐད་དུ་བསྒྱུར་བ་དང་། ཡུ་ཅིན་གྱིས་ཚད་མ་ཀུན་བཏུས་དང་ཚད་མ་རིགས་སྒོ། དམིགས་པ་བརྟག་པ། དམིགས་པ་བརྟག་པའི་འགྲེལ་བ་སོགས་ཚད་མའི་བསྟན་བཅོས་ལྔ་ལྷག་རྒྱའི་སྐད་དུ་བསྒྱུར་བར་བཤད། དེས་ན་དེ་དག་ལས་བསྐྱར་ཟློས་སུ་སོང་བའི་འགྱུར་གཞུང་ཕུད་ཆེས་ཉུང་ཡང་ཕྱོགས་གླང་གི་ཚད་མའི་བསྟན་བཅོས་བཞི་ལྷག་རྒྱའི་སྐད་དུ་འགྱུར

20180328

ཚད་མ་རིག་པ།

ནང་བ་ལས་གཞན་སྡེ་གང་གིས་ཀྱང་མི་འདོད་ལ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འགལ་བའི་ལྟ་བ་ཕྱིན་ཅི་ལོག་དང་། འཇིག་རྟེན་འདིའི་བདེ་བ་ཙམ་དོན་དུ་གཉེར་པའི་བརྟུལ་ཞུགས་དག་ནི་ཚད་མའི་བསྟན་བཅོས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་མཁས་གྲུབ་སྨྲ་བའི་ཉི་མས། ཚད་མའི་བསྟན་བཅོས་འདི་དག་ལས་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་རིགས་པས་ལེགས་པར་གཏན་ལ་ཕབ་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ

20160325

ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག

ཐུགས་བཞེད་ཐུན་མོང་མིན་པ་མང་པོ་ཡོད་པར་མ་ཟད། ཚད་མ་སྔ་རབས་ཀྱི་སྲོལ་འབྱེད་ཆེན་པོ་རྔོག་ལོ་དང་། ཆ་པ་ཆོས་སེང་སོགས་ཀྱི་དགོངས་པར་ཡང་བླང་དོར་ཚུལ་བཞིན་བྱས་ཡོད་པ་སོགས་ཚད་མའི་གཞུང་འདི་གཉིས་ལ་ཁྱད་ཆོས་ཐུན་མོང་མང་པོ་ཡོད་པའི་བརྩམས་ཆོས་ཤིག་ཡིན། ཚད་མའི་བསྟན་བཅོས་སྡེ་བདུན་རྒྱན་གྱི་མེ་ཏོག ཀླད་ཀྱི་དོན། ལེའུ་དང་པོ། ཚད་མ་སྤྱིའི་རྣམ་གཞག་བཤད་པ

20170105

སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ།

ཡིན་ཞེས་སྨྲ་དགོས་པར་བཟོས། སྐབས་དེར་རྩོད་པའི་དཀྱིལ་འཁོར་ནང་བཞུགས་པའི་མཁས་རྣམས་ཕྱིས་སུ་ཕྱོགས་བསྒྲིགས་ཏེ་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ཞེས་པ་འདི་མཛད་པར་གྲགས། ཚད་མའི་བསྟན་བཅོས་ཀྱི་དགོས་པ་གཏན་ལ་དབབ་པ། དགོས་པ་ལ་ལོག་པར་རྟོག་པ་དགག་པ། ཡང་དག་པའི་དགོས་པ་བསྟན་པ། དགོས་པ་དེ་ཚད་མའི་བསྟན་བཅོས་ལ་རག་ལས་པའི་ཚུལ། དགོས་པ་དེ་ལྡན་གྱི་བསྟན་བཅོས་གཅེས་པར

20160805

བསྟན་པ་ཕྱི་དར་སྐབས་སུ་ཚད་མའི་འགྱུར་གཞུང་བྱུང་ཚུལ།

དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་ཀུན་བཏུས་ཀྱི་འགྲེལ་པ་བོད་སྐད་དུ་བསྒྱུར་ཏེ་འཆད་ཉན་དར་བར་བྱས། བསྟན་པ་ཕྱི་དར་རྗེས་ནས་བཟུང་ཚད་གཞུང་དེ་ཡང་བསྟན་བཅོས་གཞན་དང་འདྲ་བར་གཙིགས་ཆེ་བ་དང་དེ་དག་ཡིག་སྒྱུར་བྱ་བར་ཤུགས་སྣོན་བྱུང་ཡོད་དེ། བུ་སྟོན་ཆོས་འབྱུང་དུ་ཆོས་བསྒྱུར་བའི་རྣམ་གྲངས་ཞེས་པ་ལས། ཚད་མའི་མདོ་ཀུན་ལས་བཏུས་བ

20180410

རྒྱ་བརྒྱུད་ཚད་མ་རིག་པ་ཉམས་རྒུད་དུ་གྱུར་ཚུལ།

ཐང་རྒྱལ་རབས་ཀྱི་སྐབས་སུ་ཧྱན་ཙང་དང་ཁུའེ་ཅི་སོགས་ཀྱི་བཀའ་དྲིན་ལས་རྒྱ་གར་གྱི་ཚད་མའི་བསྟན་བཅོས་རྒྱའི་སྐད་དུ་བསྒྱུར་བ་དང་དེར་གཞུང་འགྲེལ་མཛད་དེ་ཚད་མ་རིག་པ་རྒྱ་ནག་ཏུ་དར་སྤེལ་དུ་བཏང་། ཕྱིས་སུ་ཚད་མ་རིག་པ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་རྒྱ་བརྒྱུད་སེམས་ཙམ་པའི་གཞུང་ལུགས་ཁོ་ནར་བརྟེན་པའི་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་དུ་སོང་བ་དང

20180329